ཨ་མའི་སེམས། བསྟན་འཛིན་ལྷ་མོ།

文摘   2024-08-20 08:18   西藏  

ཨ་མའི་སེམས།

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣ འཛིན་གྲྭ(༥)

བསྟན་འཛིན་ལྷ་མོ།







   ས་གཞི་ཆེན་མོ་འདིའི་སྟེང་དྲིན་ཆེན་གྱི་ཨ་མ་གང་འདྲ་ཞིག་ཡིན་རུང་། རང་གི་སྙིང་གི་དུམ་བུར་གྱུར་པའི་གཅེས་ཕྲུག་ཅིག་ཡོད་ཅིང་དེའི་ཆེད་དུ་ཡོད་ཚད་ཀྱི་ཡོད་ཚད་བློས་གཏོང་སྲིད་ལ་ཐབས་བརྒྱ་ཇུས་སྟོང་གིས་གཅེས་ཕྲུག་གི་འཚོ་བ་ལ་དྲོ་སྐྱིད་འོད་སྣང་འབར་བ་ཞིག་བྱིན་ངེས། བྱིས་དུས་སུ་དགའ་སྐྱོ་གང་འདྲ་ཞིག་བྱུང་ཡང་ཨ་མ་འབོད་སྲིད་ལ་དེ་ལ་ཚོར་སྣང་ཡོད་ཚད་དང་འོད་སྣང་སྦྱིན་མཁན་ཡང་ཨ་མའི་སེམས་ཡིན།

   བྱིས་དུས་ཀྱི་འཆར་སྣང་ནི་རྨི་ལམ་ལྟ་བུ་ཞིག་ཡིན་ལ་རྨི་ལམ་སྦྱིན་མཁན་དང་རྨི་ལམ་དཀྲོགས་མཁན་ཡང་ཨ་མ་ཡིན། དབྱར་དུས་སུ་མཚར་སྡུག་འོད་སྣང་འབར་བའི་མེ་ཏོག་རྣམ་པར་བཀྲ་བ་དེ་ནི་ངའི་ལང་ཚོ་དང་འདྲ་ལ་འདི་ནི་ཨ་མས་ངའི་ཆེད་དུ་སྐུ་ལས་རབ་དང་རིམ་པ་བཀྱོན་པའི་ལོ་ཟླ་དང་གཉིས་སུ་མེད།  ཨ་མ་ནི་འཇིག་རྟེན་སྟེང་ན་བཀའ་དྲིན་རིན་ཆེན་གྱི་འབྱུང་གནས་ལས་ཟབ་པའི་མ་ལོ་ཞིག་དང་ངའི་ཐོག་མའི་རྨོངས་གཉིད་སེལ་མཁན་དང་སྐྱིད་སྡུག་ཆེ་ཆུང་འདྲ་མིན་སྣ་ཚོགས་འབྱུང་བའི་སྐབས་ལ་ཐེ་ཚོམ་མེད་པར་རང་གི་ཕྱོགས་འདིར་ལྟ་མཁན་དེ་ཡིན།

   བྱིས་དུས་སུ་བཀའ་དྲིན་ཅན་གྱི་ཨ་མ་ནི་རང་གི་སྔས་འབོལ་དང་འདྲ་ལ་སྔས་འབོལ་དེའི་སྟེང་དུ་ང་རང་གཉིད་ལ་རོལ་བའི་སྐབས་སུ་ཨ་ཁུ་སྤྱང་ཀི་ལ་འཇིགས་སྐྲག་སྐྱེ་མི་དགོས་ལ་གཏུམ་སྐྲག་ཆེ་བའི་དོམ་ཆེན་ལ་ཡང་འཇིགས་མི་དགོས་པ་ཞིག་ཡིན། འདི་ཐམས་ཅད་ནི་ཨ་མའི་མཚོ་རླབས་ལས་ཟབ་པའི་བཀའ་དྲིན་ཡིན། ང་ཚོ་ལང་ཚོ་དར་ཞིང་རྒྱས་པའི་དུས་འདིར་དྲིན་ཆེན་གྱི་མ་ཡུམ་གྱི་ལོ་ཟླ་ནི་ནུབ་ཁའི་ཉི་མ་ལྟར་གྱུར་གྱིན་ཡོད། དུས་ཚོད་ནི་ཉིན་རེ་ལས་མ་འདས་པར་ཆུ་བོ་ལྟར་རྒྱུགས་ཀྱིན་ང་ཚོ་གཅེས་ཕྲུག་ཅིག་གི་ངོས་ནས་བཤད་ན་ལང་ཚོ་ན་གཞོན་ལ་སླེབས་དུས་ཕྱོགས་གཅིག་ནས་དགའ་འོས་པ་ཞིག་ཡིན་ལ་ཕྱོགས་གཅིག་ནས་བཤད་ན་ཕ་མའི་ན་ཚོད་རྒས་དུས་སྐྱོ་འོས་པ་ཞིག་ཅི་ལ་མིན།

   དྲིན་ཆེན་གྱི་ཨ་མ་ནི་ངའི་ཡིད་ཆེས་ཀྱི་རྒྱབ་རྟེན་བཅོལ་བའི་རྒྱབ་རི་སྨུག་པོ་ཞིག་འདྲ་ལ་ངའི་མདུན་སྐྱོད་ཀྱི་ལམ་བུའི་སྟེང་དུ་འོད་སྣང་སྟེར་མཁན་ཞིག དེ་བས་རང་ཉིད་རྨོངས་འཐོམ་གྱི་དུས་སུ་རྨོངས་གཉིད་ལས་སད་པར་བྱེད་མཁན་གྱི་ལམ་བུ་ཉག་ཅིག་དེ་ཡིན། དྲིན་ཆེན་གྱི་མ་རང་ཉིད་དོན་ཆེན་འབའ་ཞིག་གི་སླད་དུ་ལམ་བུ་ལ་ཆས་བཞིན་པའི་སྐབས་སུ། ངའི་ཆེད་དུ་དཀོན་མཆོག་གསུམ་ལ་གསོལ་བ་སྨོན་ལམ་འདེབས་མཁན་གཅིག་པུ་དེ་ཡིན། 

   དྲིན་ཆེན་གྱི་ཨ་མ་ལགས། ཁྱེད་ཀྱི་ཞལ་རས་སྟེང་གི་རྒས་གཉེར་མང་དུ་གྱུར་ན་ཡང་ཁྱེད་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བསམ་པ་དེ་རྒས་མི་སྲིད་ལ་ཁྱེད་ཀྱི་སྣག་སྣུམ་གྱི་ལྷས་མ་དུང་དཀར་ལྟར་གྱུར་བཞིན་ཁྲ་ཆེམ་ཆེམ་གྱི་སྤྱན་གཉིས་ཀྱི་སྟེང་དུ་རྒས་གཉེར་སླེབས་དུས་སུའང་ངའི་གཟུགས་པོ་དང་མིག་ལག་པ་སོགས་ཡོད་ཚད་ཀྱི་ཡོད་ཚད་ཁྱེད་ལ་སྟེར་འདོད། ང་ཡི་སྙིང་ནས་བརྩེ་བའི་ཨ་མ་ལགས་ཁྱེད་ངའི་སྙིང་དབུས་ན་ནམ་ཡང་མི་ནུབ་པའི་ཉི་མ་དེ་ཡིན།

   དབུ་སྐྲ་དུང་ལྟར་དཀར་བའི་ཨ་མ་ལགས།  རྒན་གཉེར་མཚོ་རླབས་ལས་ཟབ་པའི་དྲིན་ཆེན་གྱི་ཨ་མ། སྐུ་གཟུགས་ལྕང་སྡོང་ལྟར་གུག་བའི་ཡུམ་ཆེན་ལགས།   ཁྱེད་ནི་ནམ་ཡང་བུ་མོ་ངའི་མགོན་སྐྱབས་ཡིན། མ་ལོའི་བརྩེ་བ་མཚོ་ལས་ཟབ་པ་འདི་བུ་མོ་ངའི་སེམས་ནང་དུ་རྡོ་ལ་རི་མོ་བྲིས་པ་ལྟར་གནས་ངེས།

ཟུར་ཁྲིད་དགེ་རྒན།  པད་མ་དབྱངས་ཅན། 







འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།




མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ


通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章