སློབ་ཁྲིད་གྲ་སྒྲིག་བྱེད་ཐབས་མདོར་བསྟན་དང་ཁྲིད་ཟིན་མཉམ་སྤྱོད།

文摘   2024-07-26 09:58   西藏  



རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་པའི་སློབ་ཚན་གྱི་སློབ་ཁྲིད་གྲ་སྒྲིག་བྱེད་ཐབས་མདོར་བསྟན།

  ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་། སྒྲོལ་མ་ཆོས་འཛོམས།





ལྟེ་བའི་འཇོན་ནུས་འཛུགས་སྐྱོང་གི་དམིགས་ཚད།

སློབ་ཚན་འདིར། སློབ་གཉེར་བ་ཞིག་ཡིན་ཕྱིན་རིག་གཞུང་གང་ལ་སྦྱང་ན། ཐོག་མར་གཞུང་ལུགས་དེར་མཁས་པའི་སློབ་དཔོན་ཞིག་ལ་བསྟེན་དགོས་པ་དང་། གང་བསླབ་བྱའི་གཞུང་ལ་འོལ་སྤྱི་ཙམ་མ་ཡིན་པར་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་ཀྱིས་གཏིང་ཟབ་པའི་སྒོ་ནས་རྟོགས་དགོས་ཚུལ་དང་། བསླབ་བྱའི་གཞུང་གི་སྒྲ་ཙམ་ལྷུར་ལེན་མི་བྱེད་པར་གང་ཐོས་པའི་དོན་རྣམས་རང་རྒྱུད་ལ་སྦྱར་ཏེ་ཉམས་ལེན་དགོས་ཚུལ། རང་གིས་རྟོགས་ནས་ཉམས་སུ་ལེན་པའི་དོན་རྣམས་ཀྱང་། གང་ཟག་གཞན་ལ་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་བསྟན་དགོས་ཚུལ་སོགས་ལ་གདམས་ཏེ། ཡང་དག་པའི་སློབ་གཉེར་གྱི་ལམ་ལ་འཇུག་པའི་ཐབས་བསྟན་པ་དང་སྦྲགས་སློབ་མའི་རྒྱུད་ལ་ཡང་དག་པའི་རིན་ཐང་གི་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་ཆགས་ཕྱིར་དམིགས་པ་ཡིན། །

༡ སྐད་བརྡའི་འཛུགས་སྐྱོང་དང་བཀོལ་སྤྱོད།

ཇི་སྐད་དུ།  ཚིག་ལ་མཁས་པ་ས་སྐྱ་པནྜི་ཏ། དོན་ལ་མཁས་པ་བུ་སྟོན་རིན་ཆེན་གྲུབ། ཚིག་དོན་གཉིས་ཀར་མཁས་པ་ཙོང་ཁ་པ། ཞེས་གསུངས་པ་ལྟར་སློབ་ཚན་འདི་ནི་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པས་བརྩམས་གནང་བའི་བརྩམ་ཆོས་ཤིག་ཡིན་རྐྱེན། སློབ་མ་ཚོས་སློབ་ཚན་ཁྲོད་ཀྱི་རྗོད་བྱེད་ཚིག་སྦྱོར་སྤེལ་སྟངས་ཉམས་སུ་བླངས་ཏེ་བོད་ཀྱི་བརྡ་དག་རྨང་གཞིར་གྱུར་བའི་སྙན་ངག་གི་ལུས་གསུམ། རྒྱན་གསུམ།  བརྗོད་བྱ་གསུམ་ལ་སོགས་པར་སྦྱངས་པ་མཐར་ཕྱིན་གྱིས། འཆད་རྩོད་རྩོམ་གསུམ་གྱི་ནུས་པ་གོང་མཐོར་སྤེལ་ཐབས་ལ་བརྩོན་དགོས་པ་ཡང་།  སློབ་ཚན་ཁྲོད་ཀྱི་རིན་པོ་ཆེ་རྣམ་གསུམ་གྱི་ཡ་གྱལ་ངག་གི་དཔལ་ལས་མངོན་པའོ། །

༢ བསམ་གཞིག་རྒྱ་བསྐྱེད་དང་གོང་འཕེལ།

ཤེས་རིག་གིས་མིའི་ལས་དབང་གི་ཁ་ལོ་བསྒྱུར་བའི་དུས་རབས་འདིར་སློབ་དེབ་ནང་གི་ཤེས་བྱ་ཙམ་ལ་བརྟེན་ན། དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་བསྙེགས་མི་ཐུབ་པས། དེས་ན་འདི་ལྟའི་རིན་ཐང་གིས་ཕྱུག་པའི་སློབ་ཚན་ལ་མྱོང་རོལ་བྱས་པ་བརྒྱུད། སློབ་མས་སློབ་ཚན་དང་འབྲེལ་བའི་ནང་དོན་སྟེ། རྗེ་ཙོང་ཁ་པ་ཆེན་མོའི་རྣམ་ཐརདད་པའི་འཇུག་ངོགསདངརྟོགས་བརྗོད་འདུན་ལེགས་མལྟ་བུ་ལྟ་ཀློག་བྱས་ཏེ་སྐྱེས་ཆེན་དམ་པ་ཁོང་གི་སྐུ་ཚེ་གང་པོའི་མཛད་པ་རགས་རིམ་རྟོགས་ཐབས་ལ་བརྩོན་རྒྱུ་གལ་ཆེ་ལ། དེ་བས་སློབ་མ་རིག་པ་སྐྱེན་ལ་མ་འོངས་དམིགས་ཡུལ་གསལ་བ། དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་དང་ལྡན་པ་དག་གིས་ཁོང་གི་གསུང་རྩོམལམ་རིམ་ཆེན་མོདངལམ་གཙོ་རྣམ་གསུམ》《ལེགས་བཤད་དྲང་ངེས་སྙིང་པོསོགས་ལས་སྐྱེས་ཆེན་ཁོང་གི་སློབ་གཉེར་གྱི་བརྒྱུད་རིམ་དང་། གཞུང་སྡེ་སྣོད་གསུམ་དང་གསུང་རབས་ཡན་ལག་བཅུ་གཉིས་ཀྱི་ནང་དོན་སོགས་ལ་གོ་བ་ལོན་ཐབས་ལ་བརྩོན་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱ་དགོས།

༣ མཛེས་དཔྱོད་མྱོང་དཔྱད་དང་གསར་སྐྲུན།

མཛེས་མ་ཐམས་ཅད་མཛེས་མ་མིན། །རང་སེམས་ཤོར་བ་མཛེས་མ་ཡིན། །ཞེས་གསུངས་པ་ལྟར་། མི་སོ་སོའི་མཛེས་དཔྱོད་ཀྱི་ལྟ་ཚུལ་དང་རིན་ཐང་གི་ལྟ་ཚུལ་མི་འདྲ་བར་དམིགས་ནས། སློབ་ཚན་གྱི་ནང་དོན་དང་རྣམ་པ་གཉིས་ཀར་དགེ་རྒན་གྱིས་དུས་རབས་དང་མཐུན་པའི་ཁྲིད་སྟོན་གང་ལེགས་བྱས་ཐོག  སློབ་མའི་མི་གཞི་ཀུན་སྤྱོད་དང་ཡང་དག་གི་རིན་ཐང་ལྟ་ཚུལ་འཛུགས་སྐྱོང་ལ་གཞོལ་ཏེ། སློབ་མས་དུས་བསྟུན་ལྷན་བསྐྱོད་ཀྱི་སྒོ་ནས་གསར་སྐྲུན་དང་གསར་གཏོད་བྱ་བར་བཞུགས་ནས། དུས་རབས་གསར་པའི་མི་རིགས་ཀྱི་དཔའ་བོ་དང་རྗེས་འཛིན་པ་རྣལ་མ་ཞིག་ཆགས་ཕྱིར་འབད་དགོས།

༤ རིག་གནས་རྒྱུད་འཛིན་དང་ཤེས་རྟོགས།

སློབ་ཚན་འདི་ཉིད་ནི་སློབ་གཉེར་གྱི་བརྒྱུད་རིམ་ལེགས་པར་བསྟན་པའི་ལེགས་བཤད་བརྩམས་ཆོས་ཤིག་དང་། སྲོལ་རྒྱུན་རིག་གནས་ཇི་སྙེད་ལ་འཇུག་པའི་ལྡེ་མིག་གམ་སྒྲོན་མེ་ལྟ་བུ་ཞིག་ཏུ་གྱུར་གཤིས།  སྔོན་བྱོན་མཁས་པ་མང་དག་ཅིག་གིས་སློབ་གཉེར་ལམ་ལ་འཇུག་པའི་ལམ་ཚད་རྡོ་རིང་ལྟ་བུར་འཛིན་ཏེ། གང་སྦྱང་བྱའི་རིགས་པའི་གཞུང་ལུགས་ལ་ངོས་འཛིན་ཁ་གསལ་བྱུང་བ་མ་ཟད། སློབ་གཉེར་གྱི་ལམ་བུའི་ཐོག་ཚེགས་མེད་བདེ་བླག་ཏུ་བསྐྱོད་པའི་ཐབས་ཀྱི་མཆོག་ཏུ་འཛིན་པ་བཞིན། སློབ་མ་ཚོས་ཀྱང་རིག་པའི་གནས་འདི་ཉིད་ཀྱི་དགེ་མཚན་དང་ནང་དོན་ཤེས་རྟོགས་བྱ་རྒྱུ་གལ་འགངས་ཆེའོ། ། 






སློབ་ཁྲིད་ཀྱི་དཀའ་གཙོ་གནད། 

སློབ་ཁྲིད་ཀྱི་དཀའ་གནད། 

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཆེན་པོའི་བརྩམས་ཆོས་ལ་མྱོང་རོལ་བྱ་རྒྱུ་ནི་ལས་སླ་པོ་དང་སྟབས་བདེ་བའི་དོན་དག་ཅིག་ག་ལ་ཡིན།  ལྷག་དོན། བོད་སྐད་ཡིག་གི་རྨང་གཞི་ཞན་ཅིང་སྦྱོང་སྤྱོད་སྤེལ་གསུམ་ལ་ལག་ལེན་གྱིས་དབུལ་བའི་དེང་དུས་སློབ་མའི་ངོས་ནས་བརྗོད་ན། རྗོད་བྱེད་ཚིག་སྦྱོར་གྱི་མདུད་པ་དཀྲོལ་དཀའ་བས་བརྗོད་བྱའི་ནང་དོན་ལ་གོ་བ་བླངས་ཏེ་རང་རྒྱུད་ལ་འབྱོར་ནས་ཉམས་ལེན་བྱ་རྒྱུ་ནི་དཀའ་གནད་ཡིན།

སློབ་ཁྲིད་ཀྱི་གཙོ་གནད།

སློབ་ཚན་ཁྲོད་ཀྱི་གལ་ཆེའི་མིང་ཚིག་འགྲེལ་བརྗོད་ཐུབ་པའི་རྨང་གཞིའི་ཐོག་ནང་དོན་རིག་པའི་ཤེས་བྱ་མཐའ་དག་བློར་ངེས་རྒྱུ་དང་། དཔེ་འགོད་གཟུགས་འགོད་སོགས་ཚིག་རྒྱན་སྦྱོར་ཚུལ་ལ་སློབ་སྦྱོང་བྱས་ནས་ཚིག་རྐང་རེ་རེའི་བརྗོད་དོན་རྟོགས་པར་བྱས་ཏེ། རིན་པོ་ཆེ་གསུམ་ལ་ལེགས་པར་སྦྱང་དགོས་པ།






སློབ་ཁྲིད་ཀྱི་བརྒྱུད་རིམ། 

དང་པོ། ནང་འཇུག

དེ་ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། བྱང་ཕྱོགས་འདི་ན་ཚིག་ཙམ་བྱང་བའང་དཀོན།  །དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན།  །བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ།  །འདི་གསུམ་མཐར་ཕྱིན་ཁྱོད་ལ་སྙིང་ནས་འདུད། །ཅེས་པའི་ཚིག་གིས་སྔོན་བསུས་ཏེ། རྗེ་བདག་ཉིད་ཆེན་པོ་ནི་ཚིག་དོན་གཉིས་ཀར་མཁས་པའི་སྐྱེས་ཆེན་དམ་པ་བསམ་གྱི་མ་ཁྱབ་པ་ཞིག་ཡིན་ཚུལ་བརྗོད་དེ། བྱང་ཆུབ་ལམ་རིམ་ཆེན་མོའི་ནང་ཆེ་བ་གཉིས་ལྡན་གྱི་ཆོས་འཆད་ཉན་བྱ་ཚུལ་ལས། ཆོས་ཁུངས་བཙན་པའི་ཕྱིར་མཛད་པ་པོའི་ཆེ་བ་བརྗོད་པ་གཙོ་བོར་བཟུང་ནས་གཤམ་དུ་འཆད་རྒྱུའི་ནང་དོན་ལ་རྨང་གཞི་བཏིང་བ་ཡིན།

གཉིས་པ། རྩོམ་པ་པོ་མཚམས་སྦྱོར།

༡ འཁྲུངས་རབས། ༡༣༥༧ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། ༡༤༡༩ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞི་བར་གཤེགས།

༢ སྐལ་ལྡན་གྱི་ཐུགས་སྲས། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་དགེ་འདུན་གྲུབ་པ། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། འདུལ་འཛིན་གྲགས་པ་རྒྱལ་མཚན།

༣ མཛད་ཆེན་བཞི། རྫིང་ཕྱིའི་བྱམས་པ་ཞིག་གསོ། གཉལ་གྱི་ལུང་ར་ཆེན་མོའི་འཕྲིན་ལས་སྤེལ་བ། ཆོ་འཕྲུལ་སྨོན་ལམ་ཆེན་མོ། དགའ་ལྡན་དཀྱིལ་འཁོར་གྱི་སྒྲུབ་མཆོད།

༤ གསུང་རབ་མཛད་ཚུལ། བསྟོད་ཆེན་བཞི་དང་བྱང་ཆུབ་ལམ་རིམ། དྲང་ངེས་ལེགས་བཤད་སྙིང་པོ། རྟོགས་བརྗོད་འདུན་ལེགས་མ།   ལམ་རིམ་བསྡུས་དོན་སོགས་པོད་བཅུ་དགུ་ཡོད།

      གོང་གསལ་རྩོམ་པ་པོ་མཚམས་སྦྱོར་ལས་ཁོང་ནི་སློབ་གསོ་མཁས་ཅན། བསམ་བློ་མཁས་ཅན། མཚན་ཉིད་རིག་པ་མཁས་ཅན།  སྙན་ངག་པ། བསྒྱུར་བཅོས་པ་བཅས་ཡིན་པ་མ་ཟད་མིང་དོན་མཚུངས་པའི་གངས་ཅན་མཁས་པའི་གཙུག་རྒྱན་ཡིན་ཚུལ་བརྗོད་པ་གང་ཞིག རྟེན་འབྲེལ་བསྟོད་པལས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་སྐྱེས་ཆེན་དམ་པ་ཁོང་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་ལས་གསུང་གི་མཛད་པ་གལ་ཆེ་ཚུལ་བརྗོད་རྗེས། གསུང་གི་མཛད་པའི་ཚབ་མཚོན་བརྩམས་ཆོས་བྱང་ཆུབ་ལམ་རིམ་ཆེན་མོ་བརྩམས་པའི་དགོས་པ་སྟེ། དེང་དུས་ཀྱི་བོད་ལ་ཐོས་པ་རྒྱ་ཆེན་དང་སྒོམ་སྒྲུབ་རྒྱ་ཆེན་ཡོད་ཀྱང་ཉམས་ལེན་དབུལ་བས། དེས་ན། ཉམས་ལེན་བསྐྱལ་སྟངས་འདི་ལྟར་ཡིན་ཞེས་ལམ་རིམ་བརྩམས་པའི་རྒྱབ་ལྗོངས་བཤད་རྗེས། འཁྲིད་བྱར་གྱུར་བའི་བསླབ་ཚན་འདིར་བཅུ་དྲུག་ལང་ཚོ་ལྡན་པའི་གཞོན་ནུ་ཚོས་སློབ་གཉེར་གྱི་བརྒྱུད་རིམ་ཇི་འདྲ་ཞིག་ལ་བསྟེན་ནས་དོན་སྙིང་ལྡན་པའི་མི་ཚེ་བསྐྱལ་དགོས་ཚུལ་སྐོར་གྱི་ནང་དོན་རགས་ཙམ་བརྗོད་དེ། གཤམ་དུ་འཆད་རྒྱུའི་ནང་དོན་ལ་རྨང་གཞི་བཏིང་བ་ཡིན།

གསུམ་པ། རྩོམ་བྱང་གི་འགྲེལ་པ།
༡ བླ་ན་མེད་པ།  
གོང་ན་མེད་པའམ་མཆོག་ཏུ་གྱུར་པ།

༢ རིན་པོ་ཆེ། རིན་ཐང་ཆེ་ཞིང་མཁས་པའི་ཡིད་དབང་འཕྲོག་པར་བྱེད་པ།
༣  གཏམ་གྱི་སྦྱོར་བ། གཏམ་བཤད་པའམ་སྨྲས་པ།

བཞི་པ། རྩོམ་སྟངས། ལེགས་བཤད། བསྡུས།





ལྔ་པ། སློབ་ཁྲིད་དངོས།

ཚིགས་བཅད་དང་པོའི་དབྱེ་ཞིབ། 

སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། །ལང་ཚོ་མི་སྡོད་རྒྱུགས་པའི་རི་གཟར་ཆུ། །དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས། །   བདག་གིས་རིག་གནས་གང་ལ་སྦྱངས་སྙམ་ན། །

སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། །

༡ སྲིད་པའི་ཕུན་ཚོགས། རྒྱུ་དཔལ་འབྱོར། ཐོབ་གོ་ས། མཚན་སྙན་གྲགས། ནོར་ལོངས་སྤྱོད། ཚེ་བསོད་ནམས།

༢ ངོ་བོ།  གཡོ་བ། འགྱུར་བ། མི་བརྟན་པ།

༣ དཔེ།   གློག་དང་གར།  རྨི་ལམ།  མར་མེ།  ཆུ་བུར།

ལང་ཚོ་མི་སྡོད་རྒྱུགས་པའི་རི་གཟར་ཆུ། །

༡ ལང་ཚོ། མིའི་ན་ཚོད་སྟེ། གཞོན་ནུ་ལང་ཚོ་དར་ལ་བབས་པ།

༢ ངོ་བོ། མི་སྡོད་པ། སྡོད་དབང་མེད་པ།

༣ དཔེ། རི་གཟར་ཆུ། གཞུ་ལས་ཤོར་བའི་མདའ་མོ།

དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས། །

༡ དེ་སྒྲའི་ཕྲད་ཀྱི་ནང་གསེས་གང་ལ་འཇུག  དེ་སྒྲས་དོན་གང་བསྟན།

ཐ་སྙད་འདས་མ་ཐག་པ་ལ་འཇུག  སྲིད་པའི་ཕུན་ཚོགས་དང་ལང་ཚོ་གཉིས་མི་རྟག་པ་ཡིན་པ་བསྟན།

༢ བློ་གྲོས་ཆེན་པོ། ལེགས་ཉེས་བླང་དོར་ལ་མི་རྨོངས་པར་འཇུག་ཤེས་པའི་མཁས་པ།

བདག་གིས་རིག་གནས་གང་ལ་སྦྱངས་སྙམ་ན།  །

ལག་ལེན་དངོས་ལ་བརྟེན་ནས་སྦྱོངས་ཞེས་སྐུལ་བ་སྟེ། སློབ་སྦྱོང་བྱེད་པའི་ཁ་ཕྱོགས་བསྟན་པ།

ཚིགས་བཅད་དང་པོའི་ཕྱོགས་སྡོམ།

༡ ཚིགས་བཅད་འདི་ནི་གང་འཆད་པར་བྱ་བའི་གླེང་བསླངས་པ་ཡིན་པ།  

༢ བསྟན་དོན།  འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པའི་རང་བཞིན་ནམ་ངོ་བོ་རྟོགས་ནས་ཚད་ཡོད་ཀྱི་མི་ཚེའི་ནང་ཤེས་བྱ་རིག་པའི་གནས་ལ་སྦྱངས་པ་ལྷོད་མེད་བྱས་ཏེ་དོན་ལྡན་གྱི་མི་ཚེ་སྐྱེལ་དགོས་པ།

ཚིགས་བཅད་གཉིས་པའི་དབྱེ་ཞིབ།

རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང༌། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །

གོ་དཀའི་མིང་ཚིག་འགྲེལ་པ།

༡ རིགས་ལམ། བློ་ཡིས་དཔྱད་པ་གཏོང་བའི་ཐབས་སྟོན་པའི་གཞུང་། ཡིད་ཆེས་པའི་རྒྱུ་མཚན་ཡང་དག་པ་ལ་བརྟེན་ནས་གཞུང་དོན་ལ་དོགས་པ་གཅོད་པ། 

༢ གཞུང་ལུགས་གདམས་པར་ཤར་བ། རང་རྒྱུད་ཀྱི་ཡོན་ཏན་དེ་རང་གཞན་འཕེལ་རྒྱས་སུ་འགྲོ་བའི་རྐྱེན་དུ་གྱུར་བ། །

༣ ངག་གི་དཔལ། བརྡ་སྤྲོད་རྣམ་གཞག་གཞིར་བྱས་སྙན་ངག་གི་རྒྱན་གསུམ། ལུས་གསུམ། བརྗོད་བྱ་གསུམ་ལ་མཁས་པ།

དྲི་བ་དྲིས་ལན།

 ༡ འདིའི་རིན་པོ་ཆེ་རྣམ་གསུམ་སོ་སོ་གང་ལ་ངོས་འཛིན་དགོས་པ་ཡིན་།

རྣམ་དཔྱོད། ཉམས་ལེན། ངག་གི་དཔལ།

༢ རྣམ་དཔྱོད་དང་དོན་འདྲ་བ་གང་དག་ཡོད།

ཤེས་རབ། བློ་གྲོས།

 ༣ ཤེས་རབ་ཀྱི་རྒྱུ་གང་ཡིན་ནམ། ཐོས་པ། བསླབ་པ་སློབ་གཉེར།

ས་སྐྱ་ལེགས་བཤད་ལས། ཤེས་རབ་རྒྱ་ཆེར་འཕེལ་བའི་སྒོ། །ཐོས་པ་ཡིན་གྱི་གཞན་ཡོད་མིན། །འབད་དེ་ཐོས་པ་མི་འཚོལ་བར། །མནོག་ཆུང་བྱ་བས་ཅི་ཞིག་བྱ། །

༥ ཉམས་ལེན་གྱི་གལ་ཆེའི་རང་བཞིན་སྐོར་ལ་སྦྱངས་ཟིན་པའི་ཤེས་རབ་སྡོང་བུ་ལས་ཚིགས་བཅད་ཤོ་ལོ་ཀ་གཅིག་ལུང་འདྲེན་དགོས།

གཞུང་ལུགས་དག་ལ་བྱང་བྱས་ཀྱང་། །ཉམས་སུ་ལེན་པར་མི་བྱེད་ན། །

ལག་ན་སྒྲོན་མེ་ཡོད་ཀྱང་ནི། །ལོང་བས་ལམ་ནི་མཐོང་མི་གྱུར། །

༦ ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། ཞེས་པའི་ངག་གི་དཔལ་དེ་གང་ལ་གོ ། 

བརྡ་སྤྲོད་ཀྱི་གཞི་བྱས་པའི་སྙན་ངག་ལུས་གསུམ། རྒྱན་གསུམ།  བརྗོད་བྱ་གསུམ་ལ་སོགས་པའི་རྗོད་བྱེད་ཚིག་སྦྱོར་ལ་གོ་དགོས། 

ཚིགས་བཅད་གཉིས་པའི་ཕྱོགས་སྡོམ།

༡ བསྟན་བཅོས་ཀྱི་བཤད་བྱ་མདོར་བསྟན་པ་སྟེ།  རིན་པོ་ཆེ་རྣམ་གསུམ་ངོས་བཟུང་བ་ཡིན། 

༢ བསྟན་དོན། འདིར་རིན་པོ་ཆེ་རྣམ་གསུམ་ངོས་བཟུང་བའི་སྒོ་ནས་མི་ཚེ་དོན་ལྡན་དུ་བྱ་འདོད་པ་རྣམས་ཀྱིས་དེ་གསུམ་ལ་བསླབས་དགོས་པར་གདམས་ཡོད། 

ཚིགས་བཅད་ཤོ་ལོ་ཀ་གསུམ་པའི་དབྱེ་ཞིབ།

འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ། །རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པས། །རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས། །མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན། །  

༡ འདི་ནི་ཞེས་པ་དོན་གང་ལ་གོ་བ་དང་བྱེད་སྒྲའི་ཕྲད་དེས་དོན་གང་སྟོན།

གོང་དུ་བཤད་ཟིན་པའི་རིན་པོ་ཆེ་རྣམ་གསུམལ་གོ ། བྱེད་སྒྲ་རྒྱུ་མཚན་སྟོན་པའི་དོན་ལ་འཇུག་པ་ཡིན།

༢ རིན་པོ་ཆེ་ཡིན་པའི་རྒྱུ་མཚན་ཅི་ཡིན། 

ཤིན་ཏུ་དཀོན་པ། འདོད་པ་འཇོ་བ། རྨད་དུ་བྱུང་བས་དགའ་བ་རྒྱས་པ། 

 ༣ མཁས་པའི་ཡིད་འཕྲོག་ཡོན་ཏན་གཞན་ཡོད་མིན་ཞེས་པའི་གཞན་དེ་གང་ལ་གོ་དགོས་སམ།

གཡུ་བྱུ་རུ་མུ་ཏིག  གསེར་དངུལ་ཟངས་ལྕགས།  ཁང་པ་ཆེན་པོ།  མོ་ཊ་རྫིག་པོ། གཟུགས་བྱད་ལེགས་པོ་སོགས།






དྲུག་པ། སྡོམ་ཆུང་། 

༡  རྩོམ་པ་པོ་མཚམས་སྦྱོར། 

༢ རྩོམ་བྱང་འགྲེལ་བཤད། 

༣  རྩོམ་སྟངས། 

༤ གླེང་བསླངས་པ།

༥  བརྗོད་བྱ་མདོར་བསྟན།

༦ བརྗོད་བྱ་དེ་དག་རིན་པོ་ཆེ་ཡིན་པའི་རྒྱུ་མཚན་བསྟན་པ།

བདུན་པ། སྲ་བརྟན།

༡ རྗེ་ཙོང་ཁ་པས  གྲུབ་མཐའི་སྲོལ་གཏོད་པ་ཡིན།

ཀ དགེ་ལུགས་པའི།  ཁ  ས་སྐྱ་བའི།  ག  བཀའ་རྒྱུད་པའི།  ང རྙིང་མ་བའི།

༢ སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། །ལང་ཚོ་མི་སྡོད་རྒྱུགས་པའི་རི་གཟར་ཆུ། །ཞེས་པས  བསྟན་ཡོད།

ཀ ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། 

ཁ འདུས་བྱས་ཐམས་ཅད་མི་རྟག་པ།

ག མྱ་ངན་ལས་འདས་པ་ནི་ཞི་བའོ།  །

ང  ཟག་བཅས་ཐམས་ཅད་སྡུག་བསྔལ་བ།

༣ བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས་བསྟན་པའི་རིན་པོ་ཆེ་རྣམ་གསུམ་ནི།   

ཀ འཆད་པ། རྩོད་པ།  རྩོམ་པ་གསུམ།  

ཁ  ཐོས་པ།  བསམ་པ།  སྒོམ་པ། 

ག གསེར།  དངུལ།  གཡུ།   

ང རྣམ་དཔྱོད། ཉམས་ལེན། ངག་གི་དཔལ།






རྟོགས་བརྗོད་འདུན་ལེགས་མ་ལས།

དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། 

བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། 

ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།  

ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། 












འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།





སྤུས་ལེགས་དཔྱད་གཞི།

《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章