མཁས་པ་སློབ་པའི་དུས་ན་སྡུག འཇམ་དཔལ་ཚེ་སྒྲུབ།

文摘   2024-08-15 07:58   西藏  

མཁས་པ་སློབ་པའི་དུས་ན་སྡུག

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢ འཛིན་གྲྭ(༤)

འཇམ་དཔལ་ཚེ་སྒྲུབ།





   ས་སྐྱ་ལེགས་བཤད་ལས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེར། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་པ་ལྟར། མདུན་དུ་དཀའ་བ་མང་པོ་སྤྱད་པ་ལས་གཞི་ནས་ཕུགས་ཀྱི་བདེ་བ་ཐོབ་སྲིད་པ་བཞིན་ནོ། །

   དེ་ཡང་ང་ཚོ་སློབ་གཉེར་བ་ཞིག་གི་ངོས་ནས་ཀྱང་ཐོག་མར་དགེ་བའི་བཤེས་གཉེན་གང་ཞིག་ལ་བསྟེན་ནས་གཞུང་གང་དེར་གོ་བ་རྒྱ་ཆེར་ལེན་པ་དང་། དེའི་རྨང་གཞིའི་ཐོག་རང་ཐོག་ནས་ཚིག་སྦྱོར་ལེགས་པོའི་སྒོ་ནས་རྩོམ་འབྲིའི་ལག་ལེན་ཁྲོད་དང་ཉམས་ལེན་ལ་འབད་ཅི་ཐུབ་བྱ་རྒྱུའི་འདུན་པ་ཞིག་ནམ་ཡིན་ཡང་ཡོད་དགོས། མི་སུ་འདྲ་ཞིག་ཡིན་ཡང་མའི་ཁོག་ནས་བཙས་མ་ཐག་ཐར་པའི་གོ་འཕང་ཐོབ་པ་ཡོད་མི་སྲིད་ལ། དེ་ནི་ཆོས་ཉིད་དང་རྒྱབ་འགལ་དུ་སོང་བ་ཞིག་རེད། སྐྱེ་བོ་གང་ཞིག་གང་ལ་མཁས་པར་འགྱུར་བ་ནི་ཡུན་རིང་གི་དཀའ་སྤྱད་ལ་བརྟེན་པ་སྨོས་མེད་རེད། དེར་བརྟེན། ང་ཚོས་ཤེས་བྱ་རིག་པའི་གནས་ལ་སྦྱངས་དགོས་ཤིང་། འཕྲལ་གྱི་བདེ་བར་ཡིད་ག་ལ་ཆགས་རུང་། གལ་ཏེ། ཤེས་བྱའི་གནས་ལ་འབད་པ་ཆུ་མོའི་རྒྱུན་བཞིན་མ་བསྲིངས་ཚེ། རང་གི་ཕུགས་འདུན་དང་ཐག་ཇེ་རིང་དུ་འགྲོ་སྲིད་ལ་ཐ་ན་ཕུགས་བསམ་མངོན་འགྱུར་ཡོང་རྒྱུའི་སྐལ་བ་ཡང་ཡོད་མི་སྲིད། དེར་བརྟེན་ང་ཚོས་ད་ལྟའི་ཆེས་བློ་རིག་བཀྲ་བའི་ལང་ཚོའི་དུས་བཟང་དེ་འཕྲོ་བརླག་ཏུ་མི་གཏོང་བ་དང་། ཤེས་བྱ་གང་ཞིག་སྦྱོང་འདོད་ཀྱི་སྤྲོ་བ་མི་ཉམས་པར་མིག་རྒྱང་རིང་པོས་རང་དགོས་ཤེས་བྱར་འབད་བརྩོན་རྩེ་གཅིག་ཏུ་བྱེད་དགོས། རྒྱུ་མཚན་ནི་ཤེས་བྱ་ཡོན་ཏན་ལ་ཚད་དང་མུ་མཐའ་མེད་པས། ང་ཚོས་ཚད་ཡོད་ཀྱི་མི་ཚེ་དེར་དཀའ་བ་ཡོད་ཚད་ཀྱི་གདོང་དུ་མཆོངས་ནས། དཀའ་སྤྱད་སྙིང་རུས་ཀྱིས་ཤེས་བྱ་ཡོན་ཏན་ལ་འབད་བརྩོན་བྱེད་དགོས།

   སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། བདེ་བ་འདོད་ན་རིག་པ་དོར། །རིག་པ་འདོད་ན་བདེ་བ་དོར། །བདེ་ལྡན་རིག་པ་ག་ལ་འགྲུབ། །རིག་པ་དོན་གཉེར་ག་ལ་བདེ། །ཞེས་གསུངས་ཤིང་། བདེ་བ་དང་རིག་པ་གཉིས་དུས་གཅིག་ལ་རང་ལ་དབང་མི་སྲིད་དོ། །གལ་སྲིད་རང་ཉིད་ལ་གནས་སྐབས་ཀྱི་བདེ་བ་དགོས་ན་ཤེས་བྱ་རིག་གནས་སྦྱང་རྒྱུ་བློས་གཏོང་དགོས་པ་དང་། རང་རྒྱུད་ལ་ཤེས་བྱ་ཡོན་ཏན་དགོས་ན། གནས་སྐབས་ཀྱི་བདེ་བ་བློས་གཏོང་དགོས། དེ་ནི་གདམ་གསེས་དྲི་གཞི་ཆེན་པོ་ཞིག་ཡིན་རྐྱེན། གནས་སྐབས་ཀྱི་བདེ་བ་དོར་དགོས་ཏེ་ང་ཚོས་འཕྲལ་གྱི་བདེ་བའི་ཆེད་དུ་ཕུགས་ཀྱི་བདེ་བ་བརླག་ན་སྙིང་པོ་གང་ཡང་མེད་པས། མི་ཚེ་གཅིག་གཞོམ་མཁན་གནས་སྐབས་ཀྱི་བདེ་བ་ལས་ཁ་བྲལ་ཏེ་ཕུགས་ཀྱི་བདེ་བར་ཁ་ཕྱོགས་ནས་བརྩོན་ལེན་བྱེད་དགོས། ཡང་ཕུགས་ཀྱི་བདེ་བར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ཁ་ནས་བཤད་པ་ཙམ་གྱིས་མི་འགྲིག་པས་ང་ཚོས་རང་ཐོག་ཏུ་ལག་ལེན་འཁྱོལ་བ་བྱེད་དགོས། སྔོན་གྱི་གཏམ་དཔེ་ལས། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ། ཞེས་གསུངས་པ་ལྟར་འགྱུར་འགྲོ་བས་རང་ལུས་བཀོལ་སྤྱོད་དུ་འགྱུར་བར་བྱས་ཏེ་ལས་སློབ་གང་སྤྱིར་དཀའ་སྤྱད་འབད་བརྩོན་བྱེད་དགོས། ཤེས་བྱ་ཡོན་ཏན་སྦྱོང་བའི་སྐབས་ཉིན་མཚན་ལྟོས་མེད་དུ་རྒྱུན་བསྐྱངས་དགོས་པ་ལས་ཉིན་ཞག་ཁ་ཤས་ཙམ་ཞིག་འབད་ནས་ཁྲལ་སེལ་སླ་བཅོས་བྱས་ན་ག་ལ་འགྲིག དེས་ན། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་ཤིང་། དཀའ་ངལ་དང་བར་ཆད། ཆག་སྒོ་སོགས་གང་ལའང་མི་སྐྲག་པ་དང་དོན་མེད་ངང་རིན་བྲལ་གྱི་དུས་ཚོད་མ་བསྐྱལ་བར་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་དགོས།

    ང་ཚོས་ཕ་མ་བཟང་པོའི་བུ་ཕྲུག་དང་དགེ་རྒན་བཟང་པོའི་དགེ་ཕྲུག་ཚོའི་བླ་མེད་ཀྱི་སྤྱོད་བཟང་ལ་སློབ་སྦྱོང་མང་ཙམ་བྱས་ནས་དཀའ་ངལ་ཏོག་ཙམ་འཕྲད་མ་ཐག་ལམ་སེང་མི་གཞན་ལ་མགོ་སྒུར་ཏེ་རོགས་རམ་གནང་རྒྱུའི་རེ་ཞུ་མི་བྱེད་པར་རང་ངོས་ནས་ཐག་གཅོད་བྱ་ཐུབ་རྒྱུའི་བསམ་འདུན་ཡོད་དགོས་ལ། དོན་སྔ་ཕྱི་ལ་བསམ་བློ་ཞིབ་ཕྲ་བཏང་ནས་འཇིག་རྟེན་གྱི་དོན་བྱ་གང་དང་ཉེ་བར་བཅར་རྒྱུའི་འདུ་ཤེས་ཡོད་དགོས་པ་དང་དོན་བྱ་གང་ཞིག་རང་ཐོག་ཏུ་ཉེ་བར་བཅར་བའི་སྐབས་བློ་སྟོབས་ཆེན་པོས་དེ་ལ་གདོང་གཏད་དེ་རང་ནུས་ཡོད་རྒུས་དེ་ལས་འགྲོལ་ཐུབ་པ་དགོས་རྒྱུའི་ཐབས་ཤེས་གཏོང་དགོས། ད་དུང་ཤེས་བྱ་རིག་གནས་སྦྱོང་བའི་སྐབས་དཀའ་སྤྱད་འབད་བརྩོན་གྱིས་ལྷུར་ལེན་དགོས། གནས་སྐབས་ཀྱི་བདེ་བ་ལ་སྙིང་པོ་ཅི་ཡང་མེད་ལ། དུས་གང་དུའང་ཕུགས་ཀྱི་བདེ་བ་ནི་རང་གི་མི་ཚེའི་བདེ་སྡུག་ཐག་གཅོད་བྱེད་མཁན་གྱི་སྙིང་པོ་དེ་ཡིན་བ་རྟོགས་པ་བྱེད་དགོས།  

   ཕུགས་ཀྱི་བདེ་བ་ཐོབ་འདོད་ཚེ་གནས་སྐབས་ཀྱི་བདེ་བར་ཡིད་མི་ཆགས་པར་དཀའ་སྤྱད་འབད་བརྩོན་བྱེད་རྒྱུ་ཡིད་ལ་བཅངས་དགོས། ཇི་སྐད་དུ། འཕྲལ་གྱི་སྡུག་བསྔལ་ལས་ཕུགས་ཀྱི་བདེ་བ་འབྱུང་ཞེས་པ་ལྟར། རིག་པའི་གཞུང་ལ་སྦྱོང་བའི་དུས་ཡུན་ནང་ཁ་གཡེང་དང་རྣམ་གཡེང་། ལེ་ལོ། སྡིག་པའི་གྲོགས་སོགས་རང་ཕུང་བྱེད་ཀྱི་རྒྱུ་ལ་བློ་ཁ་མི་ཕྱོགས་པར་མཁས་པའི་གོ་འཕང་ཐོབ་རྒྱུའི་སེམས་པ་འཁྱེར་ཏེ་ད་ལྟ་ནས་བློ་རིག་བཀྲ་བའི་དུས་ཚོད་བཟང་པོ་དེ་བེད་སྤྱད་ནས་དཀའ་སྤྱད་ཕྲག་ཏུ་འཁྱེར་ནས་ཤེས་བྱ་ཡོན་ཏན་ལ་འབད་བརྩོན་བྱེད་དགོས། དཀའ་ངལ་ཅི་འདྲ་ཞིག་བྱུང་ཡང་བློ་མི་ཞུམ་པར་མཁས་པའི་བཞུགས་ཁྲིར་སླེབས་ཕྱིར་འབད་དགོས་སོ། །

                                      ཟུར་ཁྲིད་དགེ་རྒན།  བདེ་སྐྱིད་འཕྲིན་ལས།










འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།




མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ


通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章