ཕ་སྐད།
ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣ འཛིན་གྲྭ(༡༥)
བློ་བཟང་དབང་ཕྱུག
ཀ་ཁའི་གདངས་དབྱངས་སྙན་པོ་འདི། །
ཁ་བའི་ལྗོངས་ཀྱི་རང་སྒྲ་ཡིན། །
ག་ལེར་མ་ཉམས་གོང་འཕེལ་གྱིས། །
ང་ཅག་བོད་ཀྱི་ནོར་བུ་ཡིན། །
ཅ་ཅོ་གཞན་སྐད་སྨྲ་ན་ཡང་། །
ཆ་ཤས་ཙམ་ལས་མི་ཤེས་པས། །
ཇ་ཆང་མཉམ་བསྲེས་བྱ་བ་ཡིས། །
ཉ་བེ་ཉོ་བེ་བྱེད་ལ་ལྟོས། །
ཏ་ལེར་ཡིད་ལ་ནན་ཏན་བགྱིས། །
ཐ་དམན་ལས་ཀྱིས་ཕུང་བ་མང་། །
ད་ཐེངས་བོད་ལ་སྐྱེས་པ་ཡིས། །
ན་མཉམ་བོད་ཡིག་སློབ་ལ་བརྩོན། །
པ་ཕའི་སྙིང་གི་ནོར་བུ་ཚོས། །
ཕ་མེས་ཤུལ་བཞག་ཡིན་བསམ་དགོས། །
བ་གླང་དུད་འགྲོ་རྣམས་ཀྱིས་ཀྱང་། །
མ་མས་སྐད་བརྡ་གོ་ལ་ལྟོས། །
ཙ་རི་བསྐོར་བའི་ལམ་ཐག་དང་། །
ཚ་བས་གདུང་བའི་འཕགས་པའི་ཡུལ། །
ཛ་ཛོར་དྲི་མས་མ་བསླད་གཏམ། །
ཝ་ལེར་འུ་ཅག་རྨོངས་མུན་སེལ། །
ཞ་ར་ཡིན་ཡང་བསམ་བློ་ཐོངས། །
ཟ་རི་ཟི་རེ་མི་བྱེད་པར། །
འ་ཅག་བོད་ཀྱི་མ་འོངས་ཆེད། །
ཡ་རབས་ལྡན་པའི་མི་ཞིག་བྱེད། །
ར་མ་ལུག་གི་སྐད་ཆ་སྤོངས། །
ལ་ལུང་ཡུལ་སྲོལ་རྒྱུན་འཛིན་བྱེད། །
ཤ་རུས་གཅིག་པའི་ལ་རྒྱ་འདི། །
ས་ཕྱོགས་ཀུན་ལ་ཁྱབ་པར་སྨོན། །
ཧ་ཧ་མ་བྱེད་གཞོན་ནུ་ཚོ། །
ཨ་གསར་མེད་པར་སྐད་ཡིག་བརྩོན། །
སྐད་ཡིག་མི་རིགས་བླ་སྲོག་འདི། །
སྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག །
ཟུར་ཁྲིད་དགེ་རྒན། ཚེ་དབང་ནོར་བུ།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།