བཤེས་གཉེན་ལགས། དོན་གྲུབ་ཚེ་རིང་།

文摘   2024-08-17 08:58   西藏  



བཤེས་གཉེན་ལགས།

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢ འཛིན་གྲྭ

དོན་གྲུབ་ཚེ་རིང་།         

བཤེས་གཉེན་ལགས།

   བཤེས་གཉེན་ལགས། ཁྱེད་ནི་འགྲོ་བ་མིའི་ཤེས་རིག་གི་བློ་སྒོ་འབྱེད་པའི་ལྡེ་མིག་འཛིན་མཁན་དེ་ཡིན་ལ། ཁྱེད་ནི་མེས་རྒྱལ་གྱི་གསར་སྐྱེས་མྱུ་གུ་གསོ་སྐྱོང་གནང་མཁན་དེ་ཡང་ཡིན། ཁྱེད་ནི་མིའི་རིགས་ཀྱི་ཤེས་རིག་གི་མུན་པ་གསལ་བར་བྱེད་པའི་རྟ་བདུན་དབང་པོ་དེ་ཡང་ཡིན། 

   བཤེས་གཉེན་ལགས། ཁྱེད་ཀྱི་འགྱུར་མེད་ཀྱི་སྙིང་སྟོབས་དང་ལྷད་མེད་ཀྱི་བརྩོན་སེམས་ལ་བསྔགས་པར་འདོད་དེ། ཁྱེད་ཀྱིས་ང་ཚོ་གསར་སྐྱེས་གཞོན་ནུ་རྣམས་ལ་ཤེས་རིག་གི་བློ་སྒོ་འབྱེད་པ་དང་། སྙིང་སྟོབས་ཀྱི་སྤོབས་པ་སྦྱིན། ཁྱེད་ཀྱི་འགྱུར་མེད་ཀྱི་བརྩོན་སེམས་ནི་ནམ་མཁའི་ནོར་བུ་བཞིན་དུ་འོད་ཟེར་འབུམ་གྱིས་ཕྱུག་པ་དང་། ཁྱེད་ཀྱི་ལྷད་མེད་ཀྱི་སྙིང་སྟོབས་ནི་རི་བོ་ཇི་བཞིན་བརྟན་ཅིང་བརྗིད།

    བཤེས་གཉེན་ལགས། གལ་ཏེ་ཁྱེད་རང་མེད་ན་མིའི་རིགས་ཀྱི་སྤྱི་ཚོགས་ལ་འོད་སྟོང་འབར་བའི་གཟི་བརྗིད་ལྡན་མི་སྲིད་ལ་གལ་ཏེ་ཁྱེད་རང་མེད་ན་ང་ཚོ་གསར་སྐྱེས་ཀྱི་གཞོན་ནུ་རྣམས་ལ་ཤེས་རིག་གི་བདུད་རྩི་གསར་པ་སུ་ཡིས་སྦྱིན། གལ་ཏེ་ཁྱེད་རང་མེད་ན་ང་ཚོའི་མེས་རྒྱལ་འདི་ཡང་ཤེས་རིག་དང་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་སྟོབས་ལྡན་ཞིག་ག་ལ་ཆགས་སྲིད། བཤེས་གཉེན་ལགས་ཁྱེད་ཀྱིས་འགྲོ་བ་མི་ལ་བཞག་པའི་མཛད་རྗེས་ནི་མུ་མེད་ཀྱི་རྒྱ་མཚོ་ཇི་བཞིན་གཏིང་མཐའ་བྲལ་ཞིང་ཁྱོད་ནི་འཇིག་རྟེན་འདིའི་མུན་པའི་སྨག་རུམ་སེལ་བའི་ཤེས་རིག་གི་ཕོ་ཉ་ཞིག་མིན་པ་ག་ལ་སྲིད།

    བཤེས་གཉེན་ལགས། ཁྱེད་ནི་ང་ཚོའི་སེམས་ནང་རྟག་ཏུ་འཚེར་བའི་མཐོ་སྒང་གི་སྐར་མ་འོད་ཆེན་དེ་ཡིན། ཁྱེད་ཀྱིས་ང་ཚོའི་ཕུགས་བསམ་གྱི་ས་བོན་ལ་ཚོན་མདོག་བཀྲ་བས་ང་ཚོ་ལ་སྤྲོ་སྣང་སྦྱིན། བཤེས་གཉེན་ལགས་ཁྱེད་ཀྱིས་འཆད་རྩོད་རྩོམ་གསུམ་གྱིས་ང་ཚོར་སྨག་རུམ་གྱི་ཀློང་ནས་ཤེས་རིག་གི་མདུན་ལམ་བསྟན་པ་དང་། ཁྱེད་ཀྱི་རྣམ་དཔྱོད་ཀྱིས་ང་ཚོར་འཇིག་རྟེན་གྱི་ལེགས་ཉེས་ལ་བླང་དོར་འབྱེད་པའི་ལམ་སྟོན་མཛད།

    བཤེས་གཉེན་ལགས། ཁྱོད་ནི་འཛམ་གླིང་གི་ཡང་རྩེ་ན་རང་ཉིད་ཀྱི་ཚེ་སྲོག་ཕྲ་མོ་དེ་ལ་འཇིགས་པ་མེད་པར་མིའི་རིགས་ཀྱི་ལས་དོན་དང་འཚོ་གནས་ཀྱི་ཆེད་དུ་བརྩོན་པ་དང་རང་དོན་དོར་ནས་གཞན་དོན་སྒྲུབ་པའི་བྱ་སྤྱོད་དེ་ནི་ཅི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་།

    བཤེས་གཉེན་ལགས།  ཁྱེད་ཀྱིས་རང་ལུས་ཡོད་ཚད་ཀྱིས་ཟུངས་ཁྲག་གིས་གངས་ཅན་ལྗོངས་ཀྱི་གསར་སྐྱེས་གཞོན་རབས་རྣམས་གསོ་སྐྱོང་བྱས་པ་དེ་མཐོང་དུས་ངས་སྙིང་དབུས་ནས་ཁྱེད་ལ་བསྟོད་གླུ་སྙན་མོ་ཞིག་ལེན་འདོད་ལ། ཁྱེད་ཀྱིས་སྒེར་སེམས་དང་སྤོབས་པ་ཅི་ཡང་མེད་པར་བུམ་པ་གང་བྱོའི་ཤེས་རིག་གནང་བ་དེ་ཡིད་ལ་དྲན་དུས་ངས་སེམས་གཏིང་ནས་ཁྱེད་ལ་དཀར་གཙང་གི་མཇལ་དར་ཞིག་འབུལ་འདོད། ཁྱེད་ཀྱིས་ཤེས་རིག་གི་ས་བོན་དེ་གངས་ལྗོངས་ཀྱི་འཛིན་མ་ཡོངས་ལ་གཏོར་དུས་བཤེས་གཉེན་ལགས་ངས་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས།

   བཤེས་གཉེན་ལགས། ཁྱེད་ཀྱིས་ང་ཚོར་གསུངས་པའི་ལེགས་བཤད་དག་ནི་ང་ཚོའི་རྨོངས་གཉིད་ལས་སད་བྱེད་ཀྱི་ཅོང་བརྡ་སྙན་མོ་དེ་ཡིན། ཀྱེ་བཤེས་གཉེན་དམ་པ་ལགས་ཁྱེད་ཀྱི་སློབ་བུ་ང་ལ་ངོ་མཚར་གྱིས་སྤྲིངས་པའི་རྩོམ་འབྲིའི་ནུས་པ་ལྡན་ཚེ་ངས་ཁྱེད་ལ་བསྟོད་ཚིག་གྲངས་ཀྱིས་མི་ལང་བ་ཞུས་ཆོག                           

ཟུར་ཁྲིད་དགེ་རྒན། བསོད་ནམས་དོན་གྲུབ།  







འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།


མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ


通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章