གཅེན་མོར་སྤྲིང་པའི་གཏམ།
ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢(༧)
རིན་ཆེན་ཆོས་སྐྱིད།
གཅེན་མོར་སྤྲིང་པའི་ཡིག་ཆུང་། །
ཀློག་ན་ཁ་ཡི་བདུད་རྩི། །
ཉན་ན་རྣ་བའི་བུ་རམ། །
བལྟས་ན་མིག་གི་ལོངས་སྤྱོད། །
སྙིང་ནས་བརྩེ་བའི་གཅེན་མོ། །
ལྷ་ཡི་སྲས་མོ་འདྲ་བྱུང་། །
ང་ཡི་བརྩེ་བའི་གཅེན་མོ། །
ནམ་མཁའི་ནོར་བུ་འདྲ་བྱུང་། །
ཕྱག་ཟུང་གཉེན་ལྕུག་ལྡན་པ། །
གར་མཁན་མ་ཡི་སྟངས་སྟབས། །
ཞལ་རས་དྭངས་བའི་མཛེས་ཉམས། །
མཁའ་དབྱིངས་ག་བུར་དབང་པོ། །
ངང་རྒྱུད་རིང་བའི་གཤིས་སྤྱོད། །
དལ་འགྲོ་མ་དང་མཉམ་པ། །
གཏིང་གི་སེམས་པ་དཀར་པོ། །
ཀུན་གསལ་མེ་ལོང་འདྲ་བྱུང་། །
དཀའ་སྤྱད་རུས་ལ་བརྩོན་པ། །
ས་མཐོའི་གངས་ལྷ་མེ་ཏོག །
ཕངས་མེད་སྦྱིན་པ་གཏོང་བ། །
ནོར་བུ་དགོས་འདོད་ཀུན་བྱུང་། །
ཚེ་སྔོན་ལས་ཀྱིས་འདུས་པའི། །
ཁྱེད་དང་མཇལ་འཕྲད་བྱུང་སོང་། །
བྱ་རྒོད་དབྱིངས་སུ་འཕུར་བའི། །
ལྡེམ་འཁྱུག་གཤོག་རྩལ་ངོམས་ཡོད། །
མ་འོངས་དཀའ་ཚེགས་བྲག་རི། །
འབད་པས་ཨི་ཁུང་འབིགས་དགོས། །
ཉོན་མོངས་མུན་གྱི་རུབ་པ། །
བཅུ་གཉིས་བདག་པོས་གསལ་ཤོག །
གོང་ལ་བརྗོད་པའི་གཏམ་དག །
ཁ་ཡི་ཀུ་ཅོ་མིན་པས། །
སེམས་འཕྲིན་དྲན་པ་དམར་པོ། །
ཟོལ་མའི་རྒྱུ་དང་བྲལ་ཡོད། །
བཀྲ་ཤིས་གཡང་གི་སྨོན་ལམ། །
ཡང་ནས་ཡང་དུ་ཞུས་ཡོད། །
ཟུར་ཁྲིད་དགེ་རྒན། པ་སངས་ལྷ་སྐྱིད།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།