ལང་ཚོའི་ཕ་ཁྱིམ། རིན་ཆེན་རྡོ་རྗེ།

文摘   2024-08-25 11:38   西藏  



ལང་ཚོའི་ཕ་ཁྱིམ།

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣ འཛིན་གྲྭ(༣)

  རིན་ཆེན་རྡོ་རྗེ།



ལང་ཚོའི་ཕ་ཁྱིམ།

མཐོ་མཐོའི་གངས་ལྗོངས་ཀྱི་ལྟེ་བ།

མཛེས་མཛེས་པའིལྷ་ས་ཡི་ཤར་ཕྱོགས།

མང་མང་བའི་སློབ་བུ་ཡི་ཕ་ཁྱིམ།

སྐྱིད་སྐྱིད་པའི་ལྷ་སའི་མཐོ་འབྲིང་གཉིས་པ།

ཕེབས་དང་། གྲོགས་མཆོག་ཚོ།

མཐོ་འབྲིང་གཉིས་པར་ཕེབས་དང་།

འདི་ན། ཤེས་རབ་སྟོང་གི་འོད་སྣང་ཡོད།

འདི་ན། བཤེས་གཉེན་བཟང་པོའི་ལམ་སྟོན་ཡོད།

འདི་ན། བློ་སེམས་འདྲེས་པའི་བཤེས་གྲོགས་ཡོད།

འདི་ན། དམ་ཚིགས་འོ་ཆུའི་དགེ་སློབ་ཡོད།

མདོར་ན། འདི་ན་ཡོད་པ་ནི།

ལྷག་བསམ་འོ་མའི་རྒྱ་མཚོ་རེད།

གཟིགས་དང་།

གཙང་གཙང་བའི་སློབ་གྲྭ་ཡི་ཁོར་ཡུག

བརྗིད་བརྗིད་པའི་སློབ་ཁྲིད་ཀྱི་ཐོག་བརྩེགས།

ཟབ་ཟབ་པའི་དགེ་སློབ་ཀྱི་མཛའ་བརྩེ།

རྣོ་རྣོ་བའི་སློབ་བུ་ཡི་རིག་པ།

གསོན་དང་།

གསལ་གསལ་བའི་གྱེར་ཀློག་གི་སྒྲ་དབྱངས།

བདེན་བདེན་པའི་ལོ་རྒྱུས་ཀྱི་དྭངས་མ།

སྙན་སྙན་པའི་ཕ་སྐད་ཀྱི་རང་སྒྲ།

གྲལ་བསྒྲིགས་པའི་མདུན་སྐྱོད་ཀྱི་གོམ་སྒྲ།

རེད་ཨང་། མཐོ་འབྲིང་གཉིས་པ་ལགས།

ཁྱེད་ནི་འཕེལ་རྒྱས་དང་འབྱུང་འགྱུར། མ་འོངས་པའི་གཞི་རྩ་ཡིན།

ཁྱེད་ནི། གཞུང་དྲང་དམར་ཆུང་སེམས་པའི་རེ་ལྟོས་ཤིག

ཁྱེད་ནི། མུན་ཀློང་གི་ལམ་བུར་འོད་སྣང་གི་སྒྲོན་མེ་སྦྱིན་མཁན་ཞིག

ཁྱེད་ཀྱིས་ཤེས་སམ།

ཁྱེད་ལ་ཁྱད་འཕགས་ཀྱི་ཡོན་ཏན་ལྡན་པས།

ང་ཡིས་སྒོ་གསུམ་གུས་པས་བཏུད།

མཐོ་འབྲིང་གཉིས་པ་ལགས།

ཁྱེད་ནི་ངའི་རྣམ་ཤེས་ཀྱི་བདག་པོ།

ཁྱེད་ནི་ཤེས་རིག་གི་སྡིང་ཁང་།

ཁྱེད་ནི་ངའི་ལང་ཚོ་ཡི་ཕ་ཁྱིམ།

      ཟུར་ཁྲིད་དགེ་རྒན།  ཉི་མ་མཚམས་གཅོད། 









འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།





མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章