ཕ་སྐད་ཀྱི་རང་མདངས། འཛོམས་སྐྱིད་སྒྲོལ་མ།

文摘   2024-08-29 08:23   西藏  

ཕ་སྐད་ཀྱི་རང་མདངས།

     ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣ འཛིན་གྲྭ(༡༡)

འཛོམས་སྐྱིད་སྒྲོལ་མ། 


    གོ་ལ་འདིའི་སྟེང་འཚོ་བའི་མི་རིགས་སུ་ལ་ཡང་རང་གི་སྲོག་ལྟ་བུའི་ཡིད་བཞིན་ནོར་བུ་ཞིག་ཡོད་པ་དེ་ནི་མི་རིགས་སོ་སོའི་སྐད་ཡིག་དེ་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྱང་འདི་ལྟར་གསུངས་ཡོད་དེ། ཁྱེད་ཚོས་བོད་ལྭ་གྱོན་པར་ངོ་ཚ་ན་མ་གྱོན་ན་ཆོག བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ནའང་ཆོག འོན་ཀྱང་ཁྱེད་ཀྱི་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན། དེ་དག་གདོང་དམར་བོད་པ་དང་འབྲེལ་བ་མེད་དམ་ཞེས་གསུངས་ཡོད།

    སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་ཀྱང་། དེང་དུས་གཞོན་ནུ་མང་དག་ཅིག་གིས་བོད་ཡིག་སྦྱངས་ན་ཕན་མི་ཐོགས་པ་དང་བོད་སྐད་བརྒྱབ་ན་ངོ་ཚའི་གནས་སུ་ངོས་འཛིན་བྱེད་ཀྱི་ཡོད། ཡང་གང་ཟག་ལ་ལ་ཞིག་ནི་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེ་ལྟར་མི་གཞན་ཞིག་གིས་བོད་ཡིག་སྦྱངས་ན་ཕན་མི་ཐོགས་པའི་སྐོར་མདོ་ཙམ་གླེང་ན་དེ་ནི་བདེན་པར་སྙམ་ནས་རང་གི་བློས་ཞིབ་མོས་མ་བརྟག་པར་གཞན་སྒྲོས་ཁོ་ནའི་རྗེས་སུ་འབྲངས་པ་ལས་མ་འདས། དོན་དངོས་ཐོག་ང་ཚོས་བསམ་བློ་ཞིབ་མོ་ཞིག་བཏང་ན་དེ་ལྟར་མ་ཡིན་ཏེ། དེ་ནི་ང་ཚོའི་སྲོག་གཉིས་པ་དེ་མ་ཡིན་ནམ། དེ་མེད་ན་མི་རིགས་འདི་ཇི་ལྟར་འཚོ་གནས་བྱེད། དཔེར་ན་འདི་ལྟར་ཏེ། ད་ལྟ་བུ་མོ་ཞིག་ཡོད་པ་དང་དེར་མིང་མེད་ན་བུ་མོ་དེ་འདྲ་ཧ་ཅང་མང་བས་སུ་ཡིས་དབྱེ་བ་འབྱེད་ཐུབ།

   བརྒྱ་བཤད་སྟོང་བཤད་ཡོས་ལ་འབབ་རྒྱུ་རྩམ་པ་ལྟ་བུ་ནི་ང་ཚོས་རང་མི་རིགས་ཀྱི་སྐད་དང་ཡི་གེ་འདི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པ་བརྗོད་ཡོད་དེ། འདིར་བདག་གིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་འདི་སྲུང་སྐྱོབ་བྱ་བའི་སྐོར་མདོ་ཙམ་གླེང་ན། དང་པོ་ནམ་རྒྱུན་འཚོ་བའི་ཁྲོད་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་གླེང་མོལ་བྱེད་པ། གཉིས་ནས་དེ་ནི་རང་གི་སྲོག་གཉིས་པ་ལྟ་བུ་ཞིག་ཏུ་ངོས་འཛིན་པ། གསུམ་ནས་དེ་སྦྱངས་པ་ནི་ང་ཚོ་ལ་ཕན་མི་ཐོགས་པ་ཞིག་ཏུ་གཏན་ནས་སྙམ་མི་རུང་བ་ཞིག་ཡིན།

མཐའ་མར་རང་མི་རིགས་ཀྱི་སྐད་འདི་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་ཞིག་ཡིན། གོང་གི་ལྭ་བ་དག་ནི་བདག་གི་ལྭ་བ་ཡིན་པའམ་ཡང་ན་རྩོམ་པ་པོ་སྟོང་ལ་ཧམ་ལེ་ཐེ་སྟོང་ཟེར་བའི་དཔེ་ལྟར་མི་རང་ངོས་ལ་ལྭ་བ་ཡང་མི་འདྲ་བ་ཡོད་པས་ཞིབ་ཏུ་བརྟག་པར་བྱའོ། །

   རད་སྐད་སྲོག་དང་གཞན་སྐད་རྒྱན་ཞེས་པ་ལྟར་ང་ཚོས་རང་མི་རིགས་ཀྱི་མེས་པོ་ཚོས་དཀའ་བ་དུ་མ་ཁྱད་དུ་སད་ནས་གསར་བཟོ་བྱས་པའི་བོད་སྐད་ཡིག་འདི་ལ་གཅེས་འཛིན་དང་རྒྱུད་འཛིན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པ་ཤེས་དགོས། འདི་ལ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ལྕི་མོ་ཞིག་ཡིན་པ་ཡང་དེ་བས་ཀྱང་ཤེས་དགོས་སོ། །

ཟུར་ཁྲིད་དགེ་རྒན།   ཚེ་དབང་ནོར་བུ། 






འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།






མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章