ཀ་ཕྲེང་གཞོན་ནུའི་བསླབ་བྱ། འཆི་མེད་སྒྲོལ་མ།

文摘   2024-08-08 09:52   西藏  

ཀ་ཕྲེང་གཞོན་ནུའི་བསླབ་བྱ།

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣ འཛིན་གྲྭ༡༡ 

འཆི་མེད་སྒྲོལ་མ།


ཀ་ཕྲེང་གཞོན་ནུའི་བསླབ་བྱ།


ཀ་ཡེ་གསོན་དང་ཕོ་གཞོན་མོ་གཞོན་ཚོ། །

ཁ་བཤད་ལག་བསྟར་བྱེད་པ་ཕོ་རབ་ཡིན། །

ག་དུས་ཡིན་རུང་ངག་འཆལ་སྨྲ་མི་ཉན། །

ང་ཅག་ཁ་བའི་ལྗོངས་ཀྱི་ལུགས་སྲོལ་རེད། །


ཅ་ཅོ་རྫུན་གཏམ་གཡོ་སྒྱུ་ཕྲ་མའི་ལས། །

ཆ་ཙམ་གྱིས་ཀྱང་རང་གི་མིང་འཛད་ན། །

ཇ་ཁང་ཆང་ཁང་སོགས་སུ་གཟབ་གཟབ་གྱིས། །

ཉ་མོ་གསེར་མིག་ཅན་ལྟར་ཁ་རོག་སྡོད། །

 

ཏ་རེན་མི་ལྟར་གང་སར་འཁྱམས་བསྡད་ན། །

ཐ་མ་རྗེས་སུ་ལུས་རྒྱུར་ཐེ་ཚོམ་ཅི། །

ད་ལྟའི་དུས་འདིར་སྐལ་བཟང་ཉིས་བརྩེགས་ལ། །

ན་གཞོན་ཁྱེད་ནས་སློབ་ལ་བརྩོན་ཅིག་ཨང་། །

 

པ་ཕའི་རྒྱུད་བཟང་ཁྱེད་ནས་མི་འཛིན་ན། །

ཕ་མའི་དྲིན་གཟོ་ཟེར་བ་ཅ་ཅོའི་གཏམ། །

བ་དན་སྐྱ་ཟད་སྔོ་སྡུག་ཆགས་པའི་དུས། །

མ་མས་ཐུགས་ཁྲལ་མཛད་ཀྱང་རྔོ་མི་ཐོགས། །


རྩ་བ་དོར་བའི་དོན་མེད་གཏམ་གྱིས་གཅིག །

ཚ་བས་གཙེས་ལྟར་སྨྱོ་ལབ་བྱེད་དང་གཉིས། །

རྫ་རྫོར་རང་གི་གཙང་སྦྲ་མི་བཟང་གསུམ། །

ཝ་ཞྭ་ཇི་བཞིན་གོང་དུ་བསྐུར་མ་མཛད། །

 

ཞྭ་ཡག་གོས་བཟང་བཀླུབས་དང་རྒྱན་གྱི་མཆོག །

ཟ་རྒྱུ་མར་རྩམ་མཆོད་དང་ལུས་ཁམས་བདེ། །

འ་ཅག་བོད་པའི་ལུགས་བཟང་དར་སྤེལ་གྱིས། །

ཡ་རབས་གུས་ལུགས་སྦྱོངས་དང་ན་གཞོན་ཚོ། །


ར་ཤ་ཟ་དུས་ཁ་ལས་མིག་ཆེ་ཙམ། །

ལ་ལུང་རྒྱབ་དུས་ལས་ལ་སྒྱིད་ལུག་ཆེ། །

ཤ་ཚའི་ཁ་ནས་གཏམ་སྙན་མེད་ཟེར་བ། །

ས་སྟེང་འདི་ན་སྔར་ནས་གྲགས་པ་ལགས། །

 

ཧ་ཧ་འདི་འདྲའི་ཕོ་གཞོན་མོ་གཞོན་ཚོ། །

ཨ་ཧོ་རང་གི་མདུན་ལམ་གཉེར་བར་ཕེབས། །

ཟུར་ཁྲིད་དགེ་རྒན།  ཉི་མ་མཚམས་གཅོད།   









འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།




སྤུས་ལེགས་དཔྱད་གཞི།



《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ




通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章