མེས་པོའི་རྗེས་དྲན་མཆོད་སྤྲིན་ཡིད་ཀྱི་མཆོད་པ། བསྟན་འཛིན་དར་རྒྱས།

文摘   2024-08-16 08:18   西藏  



མེས་པོའི་རྗེས་དྲན་མཆོད་སྤྲིན་ཡིད་ཀྱི་མཆོད་པ།

   ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣ འཛིན་གྲྭ(༦)

བསྟན་འཛིན་དར་རྒྱས།

མེས་པོའི་རྗེས་དྲན་མཆོད་སྤྲིན་ཡིད་ཀྱི་མཆོད་པ།

   རང་དབང་གི་རླུང་བུས་ཁྱེད་ཀྱི་དབུ་སྐྲ་དཀར་པོ་དལ་གྱིས་གཡོ་ཞིང་། ཁྱེད་ཀྱི་མགོའི་མཚམས་ན་རྟ་ལྗང་ཅན་ཕྱོགས་གཉིས་སུ་འཕྲོ་ཞིང་ཟླུམ་བྱེད་ཀྱི་ཆུ་ཤེལ་ཅན་དེ་ཁྱེད་ཀྱི་རྒྱབ་ངོས་སུ་འཁོད་རྗེས། ཁྱོད་ནི་གོས་དཀར་བརྒྱད་ཅུར་མཐོ་རིས་འོད་ལྔའི་རགས་ཀྱི་བཅིངས་པས་ཅི་འདྲའི་ལོ་རྒྱུས་རིང་ཞིང་བརྗིད་ཉམས་ཆེ་བ་ཞིག་ཅི་ལ་མིན། ས་འཛིན་དཀར་པོ་ལགས།

    བྱམས་སེམས་ཀྱི་འཛུམ་མདངས་གཞན་གྱི་ངོས་ན་འཆར་བའི་འཛམ་གླིང་གི་མཐོ་སར་ཁྱེད་འཁྲུངས་ཡུན་རིང་ཞིང་ཁྱེད་ཀྱི་མཚན་ལ་མཐོ་སྒང་གི་བསྟན་པ་སྔ་དར་ཟེར། སྐབས་དེར་ཁྱེད་ལ་བཙན་པོའི་དུས་སྐབས་ཞེས་འབོད། འདི་ནི་བཙན་པོ་ཁྲི་སྲོང་བཙན་གྱི་དུས་སྐབས་ཡིན་ཁར་བྲན་གཡོག་སྤྱི་ཚོགས་ནས་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་བར་བརྒལ་བྱེད་པའི་དུས་མཚམས་ཤིག་ཡིན་ལ་ཁྱེད་ཀྱི་ལས་དབང་ཡང་དུས་འདི་ནས་འགྱུར་བ་ཧ་ཅང་ཆེན་པོ་བྱུང་། ས་འཛིན་དཀར་པོའི་པང་ཁ་ན་བོད་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་མཁས་པ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་བསྐྲུན། བོད་ཀྱི་གཙུག་ལག་རིག་གནས་མཐའ་བཞི་ཀུན་ཏུ་སྤེལ་བས་རིག་གཞུང་པད་མོའི་བཞད་ཁ་ཕྱེ་ལ་རིམ་བཞིན་ས་འཛིན་དཀར་པོའི་ལས་དབང་དེ་ཡང་སྔར་བཙན་པོའི་རྒྱལ་རབས་ཀྱི་སྲིད་དབང་ལྷོ་ཁ་ནས་ལྷ་སར་སྤར་བ་དང་མཚུངས་དགེ་བཅུའི་ཁྲིམས་ཀྱིས་འབངས་རྣམས་བདེ་ལ་འཁོད། སྔར་གྱི་ཐར་ཐོར་དུ་ལུས་པའི་ཡུལ་གྲུ་རྣམས་སྤྱི་ལ་དབང་བའི་ཁྱིམ་གཞིས་བཙུགས།

    ས་འཛིན་དཀར་པོའི་གྲགས་པ་ཕྱོགས་བཅུར་ཁྱབ་ཅིང་འཛམ་གླིང་ཀུན་ལ་ངོམས་སུ་ཆོག་པའི་ཤེས་རིག་གི་བློ་སྟོབས་ཕྱོགས་བཅུར་རྒྱས་ལ་བོད་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་སུ་བོད་དུ་སངས་རྒྱས་ཆོས་ལུགས་མཐོ་རླབས་སུ་འཕྱུར་བ་སྤྱི་ཚོགས་ཧྲིལ་པོར་ལོ་རྒྱུས་སྨྲ་བ་ཀུན་གྱིས་རྒས་མོ་གསེར་ཁུར་གྱི་དུས་ཚོད་ཟེར་བ་ཅི་ལ་མིན། ཡིན་ན་ཡང་རང་བཞིན་དག་པའི་གསེར་ལ་ཡང་མི་དགོས་གཡའ་ཡིས་འཁྱུད་པ། དེ་ནས་བཙན་པོ་གླང་དར་མའི་བོད་བཙན་པོའི་ཁྲི་ལ་ཕེབས་པས་མིག་ཡུད་ཙམ་ཞིག་ལ་སངས་རྒྱས་ཆོས་ལུགས་ཉམས་རྒུད་དུ་ཕྱིན་པ་དང་བསྟུན་ནས་བོད་ཀྱི་ཤེས་རིག་ཀུན་ལ་སྐྱ་ཟད་སྔོ་ཐུག་གི་སྡུག་བསྔལ་དང་ཉམ་ཐག་པའི་དམར་འཛིང་གི་གནས་སུ་ལྷུང་སུ་བཅུག

    དུས་དེ་ལ་ཕྱི་རབས་པ་རྣམས་ཀྱིས་ས་འཛིན་དཀར་པོ་ཁྱེད་ལ་བསྟན་པ་ཕྱི་དར་ཞེས་འབོད་ཀྱིན་ཡོད། འདི་ནི་ས་སྐྱའི་དུས་སྐབས་ནས་མགོ་བརྩམས་ཤིང་སྐབས་དེར་ས་འཛིན་དཀར་པོ་ཁྱེད་ལ་སྔར་བྱུང་མྱོང་མེད་པའི་སྟོབས་ཤུགས་ཤིག་བཙས་འགོ་ཚུགས། ཁྱེད་ཀྱི་པང་ཁ་ནས་ཆར་རྗེས་ཀྱི་མྱུ་གུ་བཞིན་མཁས་དབང་དུ་མ་ནམ་མཁའི་སྐར་མ་ལྟར་གཞུང་ལུགས་ཀུན་ལ་མེ་ཕུང་མཆེད་པ་བཞིན་ས་འཛིན་དཀར་པོའི་ཕྱོགས་ཀུན་ཏུ་རིག་པའི་སྐྱེད་ཚལ་རྒྱས། དེ་ལྟར་ངའི་སེམས་ནང་གི་སྙན་ངག་མེ་ལོང་ཞེས་པའི་གཞུང་འདི་ཡང་ཐོག་མར་ས་པཎ་གྱིས་བོད་ཡིག་ཏུ་གྱུར་འགོ་ཚུགས་ལ་དེ་ཡང་མཁས་འཇུག་གི་ནང་དུ་ཐོག་མར་བསྒྱུར་བས་བོད་ཀྱི་རིག་གཞུང་སྤྱི་ལ་འཕེལ་རྒྱས་བྱུང་ལ་ས་སྐྱའི་དགོན་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་བཞིན་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་བོད་ཡུལ་དུ་ཆ་ཚང་བར་བསྒྱུར་བས་བོད་ཀྱི་སྙན་ངག་གི་རིག་པ་ཁ་བའི་ལྗོངས་ན་ཧ་ཅང་མཛེས་ཤིང་རྣམ་པར་རྒྱས་ཐུབ་པར་གྱུར། ཁོང་རྣམས་ཀྱི་བཀའ་དྲིན་གྱིས་ཚིག་གི་རྒྱན་ལ་རྨོངས་པ་སད་སོང་ལ་བོད་ཀྱི་མཁས་པའི་ཁྲོད་ནས་ཚད་མའི་བསྟན་བཅོས་ལ་སྔ་བ་ཚད་མ་རིགས་གཏེར་མཛད་པའི་སྟེང་མི་རིགས་རིག་གནས་ཀྱི་ཨ་མ་དབུ་བརྩམས་སོང་། དགེ་བཤེས་ཆེན་པོ་པོ་ཏོ་བ་རིན་ཆེན་གསལ་གྱི་དཔེ་ཆོས་རིན་ཆེན་སྤུངས་པ་ཡང་དར་སོང་ལ་རང་གྲོལ་གྱི་རང་མོས་སྙན་ངག་ལང་ཚོའི་རྦབ་ཆུ་ཞེས་པ་སོགས་རིག་གནས་ཀུན་ལ་ཉམས་པ་སོར་ཆུད་བྱུང་། ཀྲུང་གོ་གསར་པའི་ཡང་དག་སྲིད་ཇུས་འོག་བོད་ཀྱི་སྲིད་འབྱོར་རིག་གསུམ་གང་ཐད་ལའང་ཚན་རིག་རིག་གནས་གོང་དུ་འཕེལ་བ་དང་བསྟུན་ནས་བོད་འབངས་རྣམས་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་ལོ། །

    ང་ཚོས་ནམ་ཡིན་ཡང་མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱི་ད་ལྟའི་ཚབ་བྱེད་མི་རུང་ལ་ཁ་སང་གི་བ་ཚའི་དྲི་དང་འགྲོགས་པའི་དེ་རིང་གི་སྐོམ་པ་ག་ལ་སོད་ཅེས་པའི་གདམས་ངག་རྣམས་རྟག་ཏུ་ལག་ལེན་གྱིས་སྲིད་འབྱོར་རིག་གསུམ་དུས་རབས་དང་མཐུན་པའི་གོམ་འགྲོས་ལ་བརྟེན་དགོས་རྒྱུ་ནི་ང་ཚོ་གཞོན་ནུ་ཚོའི་ཕྲག་སྟེང་དུ་བབས་པའི་ལྡོག་ཐབས་མེད་པའི་འགན་འཁྲི་ཞིག་ལགས།                         

ཟུར་ཁྲིད་དགེ་རྒན།  ཚེ་རིང་སྟོབས་ཆེན། 









འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།



མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ


通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章