࿓། །ལྷ་བབས་དུས་ཆེན་བསུ་བའི་ཡུལ་སྲོལ་གོམས་གཤིས།

文摘   2024-11-22 19:04   西藏  

࿓། །ལྷ་བབས་དུས་ཆེན་བསུ་བའི་ཡུལ་སྲོལ་གོམས་གཤིས། 

                           སྤེནོར།

ལྷ་ཡི་ཡུལ་དུ་དབྱར་གནས་མཛད། །སྐལ་ལྡན་ཐར་པའི་ལམ་ལ་བཀོད། །ཚངས་དབང་དང་བཅས་ལྷ་གནས་ནས། །དེ་རིང་མི་ཡུལ་བབས་དེར་འདུད། །
དེའང་བོད་མི་ཚོས་ལྷ་བབས་དུས་ཆེན་མ་སླེབས་པའི་སྔོན་ཚུད་ནས་རང་གི་སྡོད་ཁང་ལ་དཀར་རྩི་ནག་རྩི་གཏོང་བ་དང་། འཁོར་ར་འཁོར་ཡུག་གི་གཙང་སྦྲ་སོཌ་ལེཌ་པར་ཚར་བར་བྱེད། དུས་ཆེན་ཉིན་གྱི་ཞོཌ་པ་ནང་མི་ཡོངས་སྔ་པོ་ནས་ལངས་ཏེ་ཁྲུས་བྱས་རྗེས། ཁང་པ་ཡོངས་ལ་གད་ཕྱིས་དང་། བསངས་གསོལ་བྱེད། སྐུ་གསུང་ཐུཌ་རྟེན་གྱི་སྤྱན་སྔར་རང་གི་འཁོས་འབྱོར་ལ་གཞིཌ་ཏེ་མཆོད་པ་གང་ཟབ་གཤོམ། ཁང་པའི་རྒྱ་སྒོ་སོཌ་ཕྱེ་ནས་སྟོན་པ་ལྷ་ཡུལ་ནས་སྤྱན་འདྲེན་པའི་སྟ་གོན་བྱེད། ཞོཌ་ཟས་ལ་རོལ་རྗེས་ཤེས་མཁན་ཚོས་སྐྱབས་འགྲོ་རྒྱས་པ་དང་། དཀོན་ཅོག་རྗེས་དྲན་དང་། ཐུབ་བསྟོད་གང་ཚེ་རྐང་གཉིས་མ་སོཌ་ཁ་འདོན་དང་། དེ་མིན་པས་ཀྱང་མ་མཐར་སྐྱབས་འགྲོ་བཞི་སྐོར་དང་། ཐབས་མཁས་ཐུཌ་རྗེ་མ་སོཌ་འདོན་པར་བྱེད། དགེ་སྡིག་གང་བྱས་འགྱུར་ཤིན་ཏུ་ཆེ་བར་སྟོན་པ་སྐུ་དངོས་ཀྱིས་གསུངས་པ་ལྟར་དེ་ཉིན་གང་པོ་ཕྱག་འཚལ་སྐོར་སྦྱོང་དང་། སྡིག་སྤོང་དགེ་སྒྲུབ་བྱེད། མཐར་དགེ་བ་ཅི་མཆིས་རྒྱལ་ཁམས་ཀུན་ཏུ་ཆར་ཆུ་དུས་བབས་དང་ལོ་ཕྱུཌ་རྟག་ལེཌ། མི་ཕྱུཌ་བདེ་སྐྱིད་དང་དམག་འཁྲུག་མུ་གེ་མེད་པར་རིཌ་དྲུག་སེམས་ཅན་རྣམས་མངོན་མཐོ་ངེས་ལེཌ་ཀྱི་གོ་འཕང་ཐོབ་པར་བསྔོ་སྨོན་རྒྱ་ཆེར་བྱེད་དོ། །
藏 族 降 佛 節 介 紹

通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章