ངའི་སྙིང་ཁམས་ལ་སྦྲུམ་པའི་སྒྲོན་མེ། བཀྲ་ཤིས་མཚོ་མོ།

文摘   2024-08-28 08:08   中国  



ངའི་སྙིང་ཁམས་ལ་སྦྲུམ་པའི་སྒྲོན་མེ།

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢ འཛིན་གྲྭ(༡༤)

བཀྲ་ཤིས་མཚོ་མོ།


    དུས་ཚོད་ནི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ལྟར་ང་ཚོ་སྒུག་ནས་མི་སྡོད་པར་རྒྱུན་མི་ཆད་པར་འགྲོ་བཞིན་ཡོད།  ང་ཡང་ད་ལྟ་ནར་སོན་ནས་རང་ཉིད་ཀྱི་ཕ་མ་ལས་སྟོབས་ཆེ་བའི་རང་དོན་རང་གིས་སྒྲུབ་ཐུབ་པའི་དུས་སུ་སླེབས་པའི་བུ་མོ་ཞིག་ཏུ་འགྱུར་ཚར་སོང་། ང་རང་ཆུང་དུས་ནས་སེམས་ཁོངས་སུ་བཅངས་པའི་ཕུགས་བསམ་དེ་ད་དུང་ཡང་ངའི་འཚར་ལོངས་ཀྱི་བགྲོད་དང་བསྟུན་ནས་ང་ཡི་སྙིང་ཁམས་ན་བརྟན་པོར་གནས་ཡོད།

  ཇི་སྐད་དུ«ཆུ་ཡི་བསྟན་བཅོས»ལས། མཁས་པས་བདེན་རྫུན་བརྟག་ནས་བྱེད། །བླུན་པོ་གྲགས་པའི་རྗེས་སུ་འགྲོ། །ཆུ་ནང་ཅལ་གྱི་སྒྲ་གྲགས་པས། །གཅན་གཟན་རི་དྭགས་ཕལ་ཆེར་བྲོས། །ཞེས་པའི་ལེགས་བཤད་ལྟར། གལ་ཏེ་མི་ཞིག་ལ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་དམིགས་ཡུལ་ཞིག་དང་། བརྟན་བརླིང་གི་བསམ་བློ་ཞིག་མེད་ཚེ། གཞན་གྱི་ཟེར་སྒྲོས་གྱི་རྗེས་སུ་འབྲངས་པ་དང་། གཞན་གྱི་བསམ་བློ་ཁོ་ནར་བསྟུན་ནས་འགྲོ་བ་ལས་རང་ཉིད་ཀྱི་བསམ་བློ་མེད་པར་འགྱུར་འགྲོ་ངེས་རེད། དེས་ན། ངས་ནམ་རྒྱུན་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་དུ། སྔོན་ལ་རང་ཉིད་ལ་དམིགས་ཡུལ་ཆུང་ཆུང་ཞིག་བཟོས་ནས། དེ་ལེགས་འགྲུབ་ཡོང་རྒྱུར་འབད་པ་དང་།  ལེགས་སྒྲུབ་བྱུང་ཚེ་ཡང་དེ་ལས་ཆེ་བའི་དམིགས་ཡུལ་ཞིག་ལ་ཁ་ཕྱོགས་ནས་གཏན་འཁེལ་བྱེད་ཀྱིན་ཡོད། དེ་ལྟར་བྱས་ཚེ་ཤེས་ཡོན་གྱི་ཨ་སྔོན་དབྱིངས་སུ་བརྩོན་འགྲུས་ཀྱི་ཆུ་འཛིན་ཞིག་འཁྲིགས་ངེས་རེད་སྙམ་གྱི་འདུག་ལ། ངའི་ཕུགས་བསམ་གྱི་གོམ་སྟབས་ཀྱང་དེ་བས་ཇེ་མགྱོགས་སུ་འགྲོ་ངེས་རེད་སྙམ་གྱི་འདུག  ད་དུང་དུས་དང་རྣམ་པ་ཀུན་ཏུ་གྲོགས་བཟང་ངན་ལའང་དོ་སྣང་བྱེད་ཀྱིན་ཡོད། གཏམ་དཔེ་ལས། གྲོགས་པོ་བཟང་ངན་འགག་རྩའི་དུས་སུ་རྟོགས།  །རྟ་ཕོའི་ཤེད་ཤུགས་འདམ་རྫབ་ཁྲོད་ནས་ཤེས། །ཞེས་པ་དང་ཡང་། གྲོགས་བཟང་པོ་སྨན་གྱི་ལྗོན་པ་འདྲ། །གྲོགས་ངན་པ་དུག་གི་སྡོང་པོ་འདྲ། །ཞེས་པ་ལྟར་གྲོགས་བཟང་ངན་གྱིས་རང་གི་གཤིས་སྤྱོད་དང་སྦྱངས་འབྲས་སོགས་ཟླ་བ་ཚེས་པ་ཡར་གྱི་ངོ་བཞིན་ཉིན་རེ་ལས་མ་བསྡད་པར་ཡག་ཐོག་ཡག་བརྩེགས་སུ་འགྲོ་ངེས་རེད་ལ།  གྲོགས་ངན་ཞིག་དང་འགྲོགས་ཚེ་རང་གི་གཤིས་སྤྱོད་ཀྱང་འདམ་རྫབ་ནང་དུ་ལྷུང་བ་ལྟར་ཇེ་ངན་ནས་ཇེ་ངན་དུ་འགྲོ་བཞིན་ཡོད། དེར་བརྟེན་ཁོ་མོས་གྲོགས་བཟང་དག་དང་འགྲོགས་ནས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།

   ངའི་སྙིང་ཁམས་ན་སྦྲུམ་པའི་སྒྲོན་མེ་ནི་རང་རིགས་ཀྱི་བོད་སྐད་ཡིག་དེ་དར་སྤེལ་དང་རྒྱུན་འཛིན་ཡག་པོ་བྱེད་མཁན་གྱི་བོད་ཡིག་དགེ་རྒན་ཞིག་བྱེད་འདོད། གང་ཡིན་ཞེ་ན། ད་ལྟའི་དུས་འདིར་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་རིག་གཞུང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་ཡོད་ལ། སྤྱི་ཚོགས་འཚོ་བའི་ཁྲོད་དུ་ང་ཚོ་ཚང་མ་ལྟོ་གོས་གཏམ་གསུམ་ལ་སེམས་ཁྲལ་ཡེ་ནས་མེད་པའི་དུས་ཤིག་ཀྱང་རེད། ཁོ་མོས་ཀྱང་བཀའ་དྲིན་དེ་དག་དུས་ནམ་ཡང་ཚོར་སྲིད། བཀའ་དྲིན་ཚོར་བཞིན་ཚོར་བཞིན་དུ་ཡིད་ཀྱི་མཚོ་མོའི་ངོས་སུ་དགའ་ཚོར་གྱི་དྲག་ཆར་མི་འབབ་པ་ཅི་ལ་སྲིད།

   འོན་ཀྱང་དེང་དུས་ཀྱི་ལོ་ཆུང་བྱིས་པ་དང་རྒན་རྒོན། ཕོ་མོ་རྒན་གཞོན་ཚང་མར་ཞིབ་པར་བལྟས་ན།  ང་ཚོས་དུས་རྒྱུན་འཚོ་བའི་ཁྲོད་དུ་བོད་སྐད་གཙང་མ་ཞིག་བརྒྱབ་ནས་སྐད་ཆ་ཤོད་མཁན་ཇེ་ཉུང་ནས་ཇེ་ཉུང་རེད་འདུག་ལ། ཐ་ན་བོད་རིགས་ཕྲུ་གུ་ཁག་གཅིག་གིས་བོད་སྐད་ཚིག་ཁ་ཤས་ཙམ་ལས་བཤད་མི་ཤེས་པའི་རྣམ་པ་དེ་མཐོང་དུས། ངའི་སེམས་ཀྱི་མཚོ་མོར་ཡང་སྡུག་བསྔལ་གྱི་རྦ་རླབས་འཕྱུར་བཞིན་འདུག ངས་ངའི་སྙིང་ཁམས་ནང་སྦྲུམ་པའི་སྒྲོན་མེ་དེར་ཁ་ཕྱོགས་ནས་རང་ནི་བོད་རིགས་ཀྱི་བྱིས་པ་ཞིག་ཡིན་པས་བོད་སྐད་ཡག་པོ་ཞིག་མ་སྦྱངས་ན་ག་ལ་འགྲིག  ཨ་ལག་ཤ་ངག་དབང་བསྟན་དར་ལགས་ཀྱིས་གསུངས་པ་བཞིན། མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །སྨན་གྱིས་དབུལ་བའི་སྨན་པ་མཁས་པ་འདྲ། །ཞེས་པའི་ལེགས་བཤད་ལྟར་རང་མི་རིགས་ཀྱི་སྐད་ཡིག་ཤེས་པའི་རྨང་གཞིའི་ཐོག་སྐད་རིགས་གཞན་པ་སྦྱངས་ན་སྦྱངས་བདེ་བའི་གནའ་གཏམ་ལྟར། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་གཞན་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་བྱུང། །ཞེས་པའི་ལེགས་བཤད་ལྟར་འགྱུརའགྲོ་ཉེན་ཆེ། དེས་ན་ངས་དུས་རྟག་ཏུ་སེམས་ཁོང་གི་སྒྲོན་མེ་དེ་ཡིད་ལ་བཅངས་ནས་དེའི་ཕྱོགས་སུ་འབད་པ་ལྷོད་མེད་བྱ་རྒྱུའི་ཆོད་སེམས་ཡོད་དོ། །

ཟུར་ཁྲིད་དགེ་རྒན།  བདེ་སྐྱིད་འཕྲིན་ལས།









འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།



མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章