རྗེས་དྲན་ཡིད་ཀྱི་མེ་ཏོག མེ་ཏོག་ལྷ་མོ།

文摘   2024-08-09 08:00   西藏  

རྗེས་དྲན་ཡིད་ཀྱི་མེ་ཏོག

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣ འཛིན་གྲྭ(༡༣)

 མེ་ཏོག་ལྷ་མོ།





གདོན་རིགས་བཙུན་པའི་རིགས་དང་ཕལ་པའི་ཚུལ། །

མཁོ་རྒུ་ཚང་བའི་དུས་དང་སྤྲང་པོའི་དུས། །

བཙུན་པ་བཟང་ཤོས་ཁྱིམ་ཚང་སྡུག་ཤོས་དང་། །

སྐྱེ་བ་གཅིག་ལ་ལུས་རྟེན་མང་དུ་རྗེས། །

འོག་མིན་ཞིང་ནས་འབབ་པའི་ལྷ་རྫས་དག །

པད་མའི་འདམ་ནས་སླར་ཡང་སྐྱེ་བར་སྨོན། །

སྔར་གྱི་དུས་སུ་བདག་ཅག་ས་ལའི་ལྗོངས་ཞེས་ཡུལ་མཐའ་འཁོབ་ཀྱི་ལྗོངས་འདིར་མཁས་མཆོག་ལོ་ཙཱའི་ཐོག་མར་འགྱུར་བའི་སློབ་དཔོན་ཐོན་མི་གཙོ་བྱས་པའི་ལོ་པཎ་རྣམས་ཀྱི་མ་དྲོས་ཀླུང་ཆེན་མཚོ་ལས་རབ་ཕྱུང་བའི་གཞུང་ཆེན་བཀའ་པོད་ལྔ་ཡི་གཟི་མདངས་ཁ་བ་དཀར་པོའི་ཡུལ་དུ་འོད་སྟོང་ཆེམ་མེར་འཕྲོ་བྱུང་། དེ་ཡང་ལོ་རབས་ཉི་ཤུའི་དུས་སུ་འཁྲུངས་པའི་རིག་སྟོབས་འགྲན་ཟླ་བྲལ་ཞིང་ཤེས་རབ་ཀྱི་བདུད་རྩི་ཕུན་སུམ་ཚོགས་པར་འདུས་པ།  རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡངས་པའི་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་ལགས་ནི་ཀུན་མཁྱེན་པད་མའི་འདབ་བརྒྱ་གྲོལ་ཅིང་། རིགས་ལམ་ཕུན་ཚོགས་གླིང་ནས་རྟ་བདུན་དབང་པོ་ཞིག་དང་འདྲ་བར་སྐྱེ་མཆོག་མང་པོའི་ཚོགས་ནས་ཆེས་འབུར་དུ་ཐོན་པ། ལང་ཚོའི་མེ་ཏོག་རྒྱས་པའི་གཞོན་ནུ་ཞིག་འཆད་རྩོད་རྩོམ་གསུམ་གྱི་སྡུམ་རར་འཁྲུངས་སོ། །

   སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་སྦྱང་སྟོབས་ཀྱི་ཡོན་ཏན་གྱིས་ཕྱུག་པ། བསམ་སྤྱོད་ཀྱི་མཁྱེན་རྒྱ་བཀྲ་བའི་གཞོན་ནུ་རིག་འཛིན་རྡོ་རྗེ་མཆོག དེ་ཡང་དགུང་ལོ་བཞི་ནས་ཤེས་རིག་གི་སྐྱེད་ཚལ་གླིང་དུ་ཐོས་བསམ་གྱི་གྲུ་གཟིངས་ལ་རོལ་ཞིང་། བཤེས་གཉེན་དུ་མའི་ཞབས་པད་སྤྱི་བོར་བཀུར་ཏེ་དད་ལྡན་ལྷག་བསམ་གཙང་མས་སྒོ་གསུམ་བག་དང་ལྡན་པའི་སྒོ་ནས་ཟབ་མོའི་རིག་གཞུང་སློབ་གཉེར་ལ་གཞོལ། ཤེས་རབ་ཀྱི་སློབ་གླིང་དེར་ཁོང་གི་མི་ཚེ་ནི་འཆད་རྩོད་རྩོམ་གསུམ་གྱི་ཁྲོད་དུ་མཁས་བརྒྱ་འགྲན་ཞིང་། ཁོང་ནི་སྔོན་ཐོན་གྱི་བསམ་བློ་དང་ཚན་རིག་ཀྱི་ཤེས་བྱ་གདའ་བའི་ནམ་མཁའི་སྐར་ཚོགས་དབུས་ནས་ཆེས་འོད་མདངས་བཀྲ་བའི་སྐར་མ་འོད་ཆེན་ཞིག་ཡིན། ཁོང་གི་མི་ཚེ་ཧྲིལ་པོར་ལོ་རྒྱུས་དང་སྐད་བརྡའི་ཉིང་བཅུད་ཚན་རིག་གི་ཤེས་བྱ་བཅས་ལ་ཞིབ་འཇུག་མཛད་ནས་རང་ཅག་གི་རིག་གཞུང་ཡུན་ནས་ཡུན་དུ་གནས་པར་ལེགས་སྐྱེས་རླབས་པོ་ཆེ་ཞིག་ཕུལ་ཡོད། ཁོང་ནི་ལ་རྒྱའི་དུང་བ་མཁའ་ལ་འཕྱོ་བའི་དུ་ཀཱུ་ལ་ཞིག་དང་འདྲ་བར་ང་ཚོར་ཞེན་ཆགས་ཀྱིས་ཁེངས་བཞིན་ཡོད།  སྔོན་བྱོན་མེས་པོའི་ལོ་རྒྱུས་དང་ཟབ་མོའི་ལུགས་གཉིས་ཀྱི་རིག་ལམ་བདུད་བརྩིའི་ཆུན་པོ་ནམ་མཁའི་དབྱིངས་སུ་གཡོ་དུས་ལ་རྒྱའི་དུང་བ་ལྡན་པའི་རང་རིགས་བོད་པ་རྣམས་ཀྱི་མིག་ཆུ་རང་དབང་མེད་པར་ལྷུང་བཞིན་ཡོད།

ལྟེ་ཁྲག་དམར་པོ་རེབ་གོང་ཡུལ་ནས་འབུས། །

ལྷད་མེད་བརྩེ་བ་གངས་ཅན་ཡུལ་ལ་འཕྲོས། །

   ཁྱེད་ཀྱི་ལུགས་གཉིས་བསླབ་བྱ་བརྗོད་གཞིར་བཟུང་སྟེ་མི་གཞི་དང་མི་ཆོས་ཀྱི་ལེགས་ཉེས་གསལ་བར་སྟོན། སྙན་ངག་གི་རིགས་ལམ་གངས་ལྗོངས་སུ་ཤར་དུས་ཁྱེད་ནི་ཀུན་གསལ་གྱི་སྒྲོན་མེ། མ་འོངས་ཀྱི་ལམ་སྟོན་རིག་ལམ་གྱི་ཉིང་གུ་ཡིན། ཁྱེད་ཀྱི་མཚན་ཐོས་པ་ཙམ་གྱི་དད་ལྡན་སློབ་བུ་མང་པོས་སོར་མོ་སྙིང་ཁར་སྦྱར་ཏེ་གསོལ་བ་འདེབས་བཞིན་ཡོད། མཁྱེན་ལྡན་གྱི་འདབ་བརྒྱ་ལྷད་མེད་ཀྱི་ལྷག་བསམ་ལ་སྐྱེ་བོ་ཚང་མས་བསྟོད་བསྔགས་ཡིད་ཀྱི་མེ་ཏོག་ནམ་ཡིན་ཡང་གཏོར་བཞིན་ཡོད།

ཟུར་ཁྲིད་དགེ་རྒན།  ཚེ་སྐྱིད་སྒྲོལ་དཀར། 









འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།



མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章