ཕལ་སྐད་སྲོང་པོས་སློབ་དཔོན་ལ་བསྟོད་པ། འཁྱམས་པོས།

文摘   2024-08-09 11:37   西藏  


ཕལ་སྐད་སྲོང་པོས་སློབ་དཔོན་ལ་བསྟོད་པ།

འཁྱམས་པོས།


ཕལ་སྐད་སྲོང་པོས་སློབ་དཔོན་ལ་བསྟོད་པ།

ཀ་བ་གདུང་ལྕམ་མེད་པའི་སློབ་ཁང་ནང་། །

ཁ་ཞེ་གཉིས་མེད་སློབ་དཔོན་ཁྱེད་དང་མཇལ། །

ག་དུས་ཡིན་ཡང་ང་ཚོའི་ཆེད་དུ་བརྩོན། །

ང་ཅག་ཁྱེད་དང་མཇལ་བ་བསོད་ནམས་ཆེ། །


ཅ་གས་བསྐྱངས་པའི་མི་ལུས་རིན་ཆེན་ཡང་། །

ཆ་རྫོགས་ཟླ་བ་བཞིན་དུ་སློབ་གསོར་འབུལ། །

ཇ་མངར་ལྟ་བུའི་མངར་ཁའི་བྱམས་བརྩེའི་ཁྲོད། །

ཉ་ཉུང་བསྲེས་འདྲའི་བློ་ཡིས་ཐེ་ཚོམ་སེལ། །


ཏ་ཐ་ག་ཏའི་གསུང་རབ་དཔྱིས་ཕྱིན་པས། །

ཐ་མལ་ང་ཚོའི་རྨོངས་པ་དག་སེལ་གྱིས། །

ད་ཆར་ཤེས་བརྩོན་བློ་ཁ་ཅུང་ཟད་སྐྱེས། །

ན་ཆུང་ཡོན་ཏན་རྒྱན་པས་ཉིད་ལ་གུས། །


པ་ཊ་ལྟ་བུའི་རིག་ཚན་སྣ་མང་ཁྲོད། །

ཕ་མ་ལྟ་བུར་སྐྱོང་མཁན་བཤེས་གཉེན་ཁྱེད། །

བ་གླང་ལྟ་བུའི་དབང་རྟུལ་ཁྱུ་ཚོགས་ལ། །

མ་ལོའི་བྱམས་བརྩེས་སྐྱོང་མཛད་ཁྱེད་ལ་འདུད། །


ཙ་ན་ཡིན་ཡང་མིག་མདུན་སློབ་མའི་ཚོགས། །

ཚ་གདུང་མུན་སེལ་འཆི་མེད་བདུད་རྩི་ཡིས། །

ཛར་ཛོར་རྨོངས་པའི་དྲི་མ་དྲུང་ནས་བཀྲུས། །

ལྦ་ལེར་བསམ་ན་ཐམས་ཅད་ཁྱེད་ཀྱི་དྲིན། །


ཞ་བོས་ཞ་རིལ་འཁྲིད་པ་མ་ཡིན་བཞིན། །

ཟ་ཉལ་འགྲོ་འདུག་བཞི་ཡི་སྤྱོད་པ་བསླབ། །

འ་འུར་གཟིགས་མོའི་རྣམ་ཐར་མི་ལྡན་ཡང་། །

ཡ་རབས་སྤྱོད་ཚུལ་བསླབས་པས་ཀུན་ཏུ་དགེ །


ར་ས་ཆོས་ཀྱི་ཞིང་ཁམས་འདི་ཡི་ནང་། །

ལ་ལུང་ཀུན་ནས་མྱུལ་བའི་སློབ་མ་ལ། །

ཤ་ཞེན་ཚད་མེད་སྐྱོང་བའི་སློབ་དཔོན་ཉིད། །

ས་བོན་སྐྱོང་མཁན་བླ་མར་སྒོ་གསུམ་འདུད། །


ཧ་ཅང་སྙན་པའི་ཚིག་རྒྱན་མེད་ན་ཡང་། །

ཨ་མ་ལྟ་བུའི་བཤེས་གཉེན་ཁྱེད་ལ་འདུད། །


འཁྱམ་པོས་བགྲོ་གླེང་ཇ་ཁང་དུ༢༠༢༤ལོའི་མཐོ་གསུམ་མཉམ་རྒྱུགས་གཉིས་པའི་འཚོལ་དཔྱད་ཀྱི་དྲི་བར་དམིགས་ནས་སློབ་མར་ཅུང་ཟད་གོ་བདེའི་ཚུལ་གྱིས་སྦྱར།


        











འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།




མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ




通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章