མཐོང་གྲོལ་གྱི་སྙན་ངག་ཚན་པ་གསུམ།

民生   2024-10-04 09:32   西藏  


མཐོང་གྲོལ་གྱི་སྙན་ངག་ཚན་པ་གསུམ།


གཟེབ་དྲའི་བྱེའུ།


ངས་ཁྱོད་ལ་སྙན་ངག་ཅིག་འབྲི་བསམས་དུས།
ཁྱོད་མ་གཞི་ནས་ཡི་གེར་མི་སྤྲོ་བར་སྣང་།  
མཛེས་པའི་འཆར་ཡན་ལ་སྙེག་རིང་ན།
མངོན་སུམ་གྱི་ཁམས་ལ་སྙིང་པོ་མི་མཐོང་བས།
ཨོ་ཨོ། སྐྱིད་སྡུག་གཉིས་ཀ་སེམས་ཀྱིས་བཀྱོག་དང་།
ལས་དབང་བརྒལ་བའི་རང་དབང་ཞིག་ང་ཚོར་མི་དབང་།

མངོན་སུམ་ནང་གི་ཁེར་རྐྱང་།


མིག་གཉིས་བཙུམ་རྗེས་ཀྱི་འཇིག་རྟེན།  
ཐང་ཤིན་ཏུ་ཆད་པའི་མི་ཚོགས་ཀྱི་གཡེང་བ།  
ངེད་ཅག་སོ་སོར་གྱེས་རྗེས།
བདག་ཤིན་ཏུ་སུན་པའི་དུས།
ངས་ཡི་གེ་བཀླགས་ཏེ་གཞན་གྱུ་རྨ་ཁ་བཙལ།
རང་གི་ན་ཟུག་ལ་བསྡུར།

ཐག་རིང་གི་འགྲུལ་བ།


ཐག་རིང་ནས་འོང་པའི་སྤྲིན་པ་ལེབ་མོ་འདི།
ང་ཡི་མགོ་ཐོད་ཀྱི་ནམ་མཁར་དལ་དལ་གནང་།
འཚིག་ནས་འབར་འགྲོ་བའི་དུས་ལ།
གྲང་ཤིང་བསིལ་བ་འདི་སུ་ཞིག་མི་འདོད།

ཁྱེད་རང་འགྲོ་ཁར་སྨོན་ལམ་གཙང་མ་ཞིག་བཏབ་པ་དེ།
ཡོད་ཚད་ང་རང་གཅིག་པུའི་ཡིན་སྙམ་པ་བྱུང་།


རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章