ཉི་ཟླའི་ཏོག
རྩོམ་པ་པོ། རོང་པོ་རང་འཚོལ།
ལུས་ཤ་ཁྲག་འཇིམ་སྐུ་བཞིན་དུ་སྙོར། །
ཁ་ཁོག་པ་གཉིས་དེ་དྲོས་ལེ་བྱེད། །
ལུད་མི་གཙང་མི་ལུས་རིན་ཆེན་སྦྱོར། །
དྲིན་ཕ་མའི་བཀའ་དྲིན་བསམ་མི་ཁྱབ། །
ཡུལ་སྡེ་བ་འགྲོ་འཆག་ཆུ་བོའི་གཞུང་། །
ལུགས་བླང་དོར་གང་རྩྭ་ལྗང་དོད་དུ་སྐྱོང་། །
འདྲིས་བག་ཆགས་སྡོང་པོ་སྐྱོར་སྐྱོར་བྱེད། །
གྲོགས་ཕུ་ནུའི་བཀའ་དྲིན་བསམ་མི་ཁྱབ། །
དེ་ཡིན་ཡང་བསམ་མེད་ལིང་ཏོག་ཅན། །
བ་བོང་བུའི་རྟེན་དང་ཁྱད་པར་ཅི། །
ནང་བསམ་པའི་སྒེའུ་ཡོལ་འབྱེད་པའི་མ། །
མགོན་བཤེས་གཉེན་ཉི་ཟླ་གཉིས་ལས་ལྷག །
དགེ་རྒན་དུས་ཆེན་ལ་ཕུལ།
སྒྲིག་སྦྱོར་བ། རོང་པོ་རང་འཚོལ།