དགའ་ལྡན་ནས་ཤོར་བའི་དྲན་པ།
དགའ་ལྡན་རི་བོའི་རྩེ་ལ་བྱ་ཞིག་འོང་།།
བྱ་དེའི་གསུང་ལ་སྐྱོ་བ་འཁོར་ནས་འོང་།།
བླ་མ་བློ་བཟང་གྲགས་པར་སྤྱན་ཆབ་ཐོན།།
སྤྱན་ཆབ་ཉིལ་ཉིལ་གཟན་གྱི་ཁུད་ལ་ཤོར།།
ལྷ་སའི་གཙང་པོ་གང་དུ་བཞུད་ཤོམ་བྱེད།།
སྔོ་ཡུག་ཡུག་གིས་གང་དུ་བཞུད་ཤོམ་བྱེད།།
བླ་མ་བློ་བཟང་གྲགས་པའི་རྒྱབ་གཟུགས་ཀྱང་།།
གཙང་པོ་ནང་བཞིན་གང་དུ་བཞུད་སོང་ངམ།།
དབུ་ལ་མནབས་པའི་ཞྭ་མོ་འོད་ལ་ཟད།།
གཟན་ལ་ཕྱིས་པའི་སྤྱན་ཆབ་ཉི་མར་བསྲད།།
ལོ་ཟླ་སྐྱ་བུན་བུན་དུ་འཐིབ་ན་ཡང་།།
ཁྱེད་ཉིད་ཡིད་ནས་གསལ་ལ་ཁད་པ་བྱུང་།།
དགའ་ལྡན་རི་བོའི་རྩེ་ནས་ཁུ་བྱུག་བཞུད།།
གཟིམ་ཆུང་འོད་གསལ་ཕུག་ནས་གསུང་དབྱངས་བཞུད།།
རི་འདིའི་ཉིན་སྲིབ་སྟོང་བ་མ་རེད་དེ།།
དགའ་ལྡན་གསེར་ཁྲིའི་ཡང་སྟེང་སྟོང་བ་རེད།།
ཨ་མ་དྲན་པའི་སྤྱན་ཆབ་གཟན་ལ་འཐིམ།།
བཤུམས་སྐད་འདྲེས་པའི་གསུང་དབྱངས་བྲག་ལ་ཡལ།།
དགོན་པའི་སྲང་སྣེ་སྟོང་བ་མ་རེད་དེ།།
སྲང་བར་ཉུལ་ནས་སོང་མཐར་སྟོང་བ་རེད།།
༢༠༢༤ ༧ ༡༠ལ་དགའ་ལྡན་ནས་བྲིས།
རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ།