འགྲན་རྩོམ་ཁྲོད་བདམས་ཐོན་བྱུང་བའི་བརྩམས་ཆོས་སྤྱི་བསྒྲགས།

民生   2024-08-03 00:04   西藏  







རྩོམ་རིག་གིས་སེམས་ཁམས་གསོ། དཔེ་ཀློག་གིས་དར་སྲོལ་གཏོད།


༢༠༢༤ལོར་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ནག་ཆུར་བསྐྱོད་པའི་འགྲན་རྩོམ་ཁྲོད་བདམས་ཐོན་བྱུང་བའི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་སྤྱི་བསྒྲགས།

  

 ཞི་ཅིན་ཕིང་གི་རིག་གནས་སྟོབས་ཆེན་གྱི་རྒྱལ་ཁབ་བསྐྲུན་རྒྱུའི་དགོངས་པ་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ནས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རིག་གནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད།  ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། རྒྱ་ཆེའི་རྩོམ་རིག་ལ་དགའ་པོ་བྱེད་མཁན་ཚོས“སྤུས་ཚད་མཐོ་བ”དང“ས་འབབ་མཐོ་བའི”རྩོམ་རིག་སྤུས་དག་ཁག་གཅིག་གསར་རྩོམ་བྱ་རྒྱུར་སྐུལ་མ་བཏང་སྟེ། ནག་ཆུའི་རྩོམ་རིག་གསར་རྩོམ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཕྱིར། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི<<༢༠༢༤ལོའི“དཔེ་ཀློག་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་ལག་བསྟར་ཇུས་གཞི 〉 འགྲེམས་སྤེལ་བྱས་པའི་བརྡ་ཐོའི>>བླང་བྱ་གཞིར་བཟུང་། ནག་ཆུ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“རྩོམ་རིག་གིས་སེམས་ཁམས་གསོ། དཔེ་ཀློག་གིས་དར་སྲོལ་གཏོད” ཅེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ནག་ཆུར་བསྐྱོད་པའི་འགྲན་རྩོམ་གྱི་རྩོམ་བསྡུའི་བྱེད་སྒོའི་སྤྱི་བསྒྲགས་སྤེལ་བ་ནས་བཟུང་། རྩོམ་རིག་བརྩམས་ཆོས་ཁྱོན་༡༡༨འབྱོར་ཅིང་། དེའི་ནང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་རྩོམ་ཡིག་༤༠དང་བོད་ཡིག་རྩོམ་ཡིག་༧༨འབྱོར་བྱུང་། 

  དེ་དག་གཟབ་ནན་དང་དྲང་གཞག་གི་དཔྱད་ཞིབ་རྒྱུད་རིམ་བརྒྱུད་དེ་ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་ཁག་གཅིག་འདེམས་ཐོན་བྱུང་ཡོད། ད་ལྟ་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་རྩོམ་པ་པོའི་མིང་ཐོ་སྤྱི་བསྒྲགས་བྱ་རྒྱུ་ཡིན་པ་དང་། སྤྱི་བསྒྲགས་བྱེད་ཡུན་ཉིན་༥ཡིན་པས་སྤྱི་བསྒྲགས་བྱེད་རིང་གལ་སྲིད་བསམ་འཆར་མི་འདྲ་བ་ཡོད་ཚེ་ནག་ཆུ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལ་ཡར་ཞུ་གནང་རོགས།


འབྲེལ་གཏུག་ཁ་པར། 0896-3968534


བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་མིང་ཐོ་གཤམ་གསལ།


རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་བརྩམས་ཆོས།

བོད་ཡིག་བརྩམས་ཆོས།

ཨང་དང་པོ་གཅིག 

རྩོམ་བྱང་། «འཚར་ལོང་» བརྩམས་སྒྲུང་།

རྩོམ་པ་པོ། སྟག་བུ།

ཨང་རིམ་གཉིས་པ་གཉིས།

རྩོམ་བྱང་། «ཉི་ཟླའི་རྡོ་ལེབ» བརྩམས་སྒྲུང་།

རྩོམ་པ་པོ། སྨྲི་ཏི་མཚན་འབར།

རྩོམ་བྱང་། «ང་ཁྱོད་ཀྱི་སེམས་ན་ཡོད» ལྷུག་རྩོམ།

རྩོམ་པ་པོ། རོང་པོ་རང་འཚོལ།

ཨང་རིམ་གསུམ་པ་གསུམ།

རྩོམ་བྱང་། «འོ་འཛིན་མ» སྙན་ངག

རྩོམ་པ་པོ། གསེར་འོད།

རྩོམ་བྱང་། «ལོ་ཟླའི་ཆག་འཇིག་གིས་བསླུ་བྲིད་མ་ཐུབ་པའི་གནས་དེར་ཕ་ཡུལ་ཟེར» ལྷུག་རྩོམ།

རྩོམ་པ་པོ། སྣག་ཚ་ནག་པོ།

རྩོམ་བྱང་། «བསམ་གཞིག་ལ་ཐོགས་པའི་སྙན་ངག་པ» སྙན་ངག

རྩོམ་པ་པོ། ལྕགས་ཅོང་།


སྒྲིག་སྦྱོར་བ། རོང་པོ་རང་འཚོལ། 

玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章