“བྱང་ཐང་སྨྱུག་རྩལ”སྒྲུང་ཐུང་བྱ་དགའི་མཛད་སྒོ་ལྷ་སར་བསྡུས།

民生   2024-11-18 18:38   西藏  

  སྤྱི་ལོ2024ལོའི་ཟླ་བ10་ཚེས17ཉིན་ཀྲུང་གུང་ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ནག་ཆུ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ཕྱོགས་ཀྱི་མཉམ་འབྲེལ་ཁང་གིས་གཙོ་སྒྲུབ་བྱས་པའི2023་ལོའི“བྱང་ཐང་སྨྱུག་རྩལ”སྒྲུང་ཐུང་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་ཡུལ་དབུས་ལྷ་ལྡན་ཉི་འོད་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས།

  མཛད་སྒོ་རུ་ལྗོངས་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་དབུ་ཁྲིད་རྒན་གཞོན། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་གྱི་དབུ་ཁྲིད། དེ་བཞིན་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་སློབ་དང་ནག་ཆུ་གྲོང་ཁྱེར་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་སྲིད་གྲོས་ཀྱི་དབུ་ཁྲིད་སོགས་མཁས་དབང་མང་དག དེ་བཞིན་རྩོམ་རིག་སྒྱུ་རྩལ་ལ་དང་ཞེན་ཆེ་བའི་ཕྱོགས་ཁག་གི་ཤེས་ལྡན་མི་སྣ་མང་པོ་གདན་གཅིག་ཏུ་འཛོམས།

   ཐེངས་འདིར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་ཀྱི་གཙོ་སྒྲིག་པ་རྒན་ལྷ་གཡང་ནོར་བུ་ལགས་ཀྱིས་བྱེད་སྒོའི་མདོ་འཛིན་མཛད་ཅིང་། ནག་ཆུ་དམངས་ཁྲོད་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྒན་ཀརྨ་ཀུན་ཁྱབ་ལགས་ཀྱིས2023་ལོའིབྱང་ཐང་སྨྱུག་རྩལ”སྒྲུང་ཐུང་འགྲན་བསྡུར་ཁྲོད་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་དཔྱད་འདེམས་བྱས་པའི་རྒྱུད་རིམ་གསལ་བཤད་གནང་། དེ་བཞིན་རྒན་ལྷ་གཡང་ནོར་བུ་ལགས་ཀྱིས་ཐེངས་འདིའི་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་གསལ་བསྒྲགས་གནང་ཞིང་རྩོམ་པ་པོ་ཚོར་བྱ་དགའ་སྤྲོད་པའི་མཛད་རིམ་གཙོ་གཉེར་གནང་།

  ཐེངས་འདིར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ཨང་དང་པོ་གཅིག་དང་། གཉིས་པ་གཉིས། གསུམ་པ་གསུམ་བཅས་དང་ཁྱོན་བརྩམས་ཆོས་བཅུ་གཉིས་ལབྱང་ཐང་སྨྱུག་རྩལསྒྲུང་ཐུང་བྱ་དགའ་ཐོབ་ཡོད།



སྒྲིག་སྦྱོར་པ། རོང་པོ་རང་འཚོལ།

玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章