རང་ཚང་གི་ཕ་ཡུལ། གཞས། སྨོན་ལམ་མཐར་ཕྱིན།

民生   2025-01-06 05:07   西藏  


རང་ཚང་གི་ཕ་ཡུལ།

ལེན་མཁན། སྨོན་ལམ་མཐར་ཕྱིན།

ཚིག དམངས་ཁྲོད།
གདངས། དམངས་ཁྲོད།

གངས་སྟོད་མཐོན་པོ་རང་ཚང་གི་ཕ་ཡུལ་ཡིན་ན་དགའ་དགའ།
སེང་ཆུང་དཀར་མོ་རང་ཚང་གི་སྒོ་ཟོག་ཡིན་ན་སྐྱིད་སྐྱིད།
ཡར་ལ་འགྲོ་དུས་འགྲོས་ཆེན་གྱི་རྟ་ཕོ་ཡོད་ན་དགའ་དགའ།
ཚུར་ལ་ཡོང་དུས་ཇ་ཆང་གིས་བསུ་མ་ཡོད་ན་སྐྱིད་སྐྱིད།
ང་རྟ་ནོར་ལུག་གསུམ་ལ་དགའ།
ང་འབྲོག་གི་ཁྱིམ་ལ་དུང་།
བསྐལ་བ་བཟང་པོ་ལ་ཟེར་ན་ང་ཡི་ཕ་ཡུལ་ཡིན་སོང་།
སྣང་བ་སྐྱིད་པ་ལ་ཟེར་ན་ཡུལ་ལ་དར་ཞིང་རྒྱས་པའི་སྨོན་ལམ།
ང་ཡོང་ཡོང་འབྲོག་གི་ས་ནས་ཡོང་།
རྩྭ་རྩི་ཐོག་སྤང་གི་རྒྱན་ཆ་ཡིན།
གངས་རི་ཡ། རྩྭ་ཐང་ནི་ང་ཡི་ཕ་ཡུལ་ཡིན།

རྫ་སྟོད་མཐོན་པོ་རང་ཚང་གི་ཕ་ཡུལ་ཡིན་ན་དགའ་དགའ།
འབྲོང་ཆུང་བྲེ་སེར་རང་ཚང་གི་སྒོ་ཟོག་ཡིན་ན་སྐྱིད་སྐྱིད།
ཡར་ལ་འགྲོ་དུས་འགྲོས་ཆེན་གྱི་རྟ་ཕོ་ཡོད་ན་དགའ་དགའ།
ཚུར་ལ་ཡོང་དུས་ཇ་ཆང་གིས་བསུ་མ་ཡོད་ན་སྐྱིད་སྐྱིད།
ང་རྫ་རི་འདི་ལ་དགའ།
ང་འབྲོང་ཆུང་དེ་ལ་དུང་།
བསྐལ་བ་བཟང་པོ་ལ་ཟེར་ན་ནག་ཆུང་ནོར་གྱིས་གང་སོང་།
སྣང་བ་སྐྱིད་པ་ལ་ཟེར་ན་འབྲི་བརྒྱ་འོ་མས་གང་སོང་།
ང་ཡོང་ཡོང་རྫ་རིའི་འདབས་ནས་ཡོང་།
འབྲོང་བྲེ་སེར་རྫ་ཡི་རྒྱན་ཆ་ཡིན།
རྫ་རི་ཡ། སྤང་ཐང་ནི་ང་ཡི་ཕ་ཡུལ་ཡིན།


རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章