ཞོས་ཞའོ་པིང་གིས་རང་རྫོང་དུ་རོགས་སྐྱོར་བྱ་བར་རྟོག་ཞིབ་གནང་།

文摘   2024-11-01 15:30   青海  
སྐོར་ཐེངས་ལྔ་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་སྤྱིའི་སྣེ་ཁྲིད་པ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་འཇོན་མི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཞོས་ཞའོ་པིང་རང་རྫོང་དུ་ཡོང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་རྟོག་ཞིབ་གནང་། 

ཟླ10ཚེས31ཉིན། སྐོར་ཐེངས་ལྔ་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་སྤྱིའི་སྣེ་ཁྲིད་པ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་འཇོན་མི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཞོས་ཞའོ་པེན་འཁོར་དང་བཅས་པ་རང་རྫོང་དུ་ཡོང་ནས་རྫོང་རུའི་རྗེས་ཤུལ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལས་དོན་ས་ཚིགས་དང་རྫོང་རུའི་རྗེས་ཤུལ་གྱི་དཀྱིལ་སྙིང་ཁུལ། འབའ་ལུང་ཞང་འབའ་མདོ་སྡེ་བ་སོགས་སུ་སོང་ནས་ཀྲུང་གོ་པོའོ་བོའུ་སྡེ་ཚོགས་ཀྱིས་ཁ་གཏད་རོགས་སྐྲུན་གྱི་ལས་དོན་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད། རང་རྫོང་གི་འཇོན་མིའི་ལས་ཤག་དུ་བསྐྱོད་ནས་མཚོ་སྔོན་ལས་རོགས་སྐྱོར་བྱེད་པའི་སྨན་པ་དང་དགེ་རྒན་རྣམས་ལ་འཚམས་འདྲི་གནང་།

རྫོང་རུའི་རྗེས་ཤུལ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལས་དོན་ས་ཚིགས་དང་རྫོང་རུའི་རྗེས་ཤུལ་གྱི་དཀྱིལ་སྙིང་ཁུལ་སུ་ཞོས་ཞའོ་པེན་གྱིས་རྫོང་རུའི་རྗེས་ཤུལ་གནའ་རྫས་རྟོག་ཞིབ་ས་ཚིགས་ཀྱི་གནས་གཞི་དང་འཁོར་སྐྱོད་གནས་ཚུལ་ལ་ཁས་ལེན་དང་གདེང་འཇོག་གནང་ཞིང་། ཁོས་བསྟན་དོན། རྫོང་རུའི་རྗེས་ཤུལ་གནའ་རྫས་རྟོག་ཞིབ་ས་ཚིགས་ཀྱིས་ཕུན་སུམ་ཚོགས་ཤིང་ཁྱད་དུ་འཕགས་པ་དང་དམིགས་བསལ་ལྡན་པའི་རྫོང་རུ་རིག་གནས་ལ་གཞི་བཙུགས་ནས་ཀྲུང་གོ་པོའོ་བོའུ་སྡེ་ཚོགས་ཀྱི་རོགས་སྐྲུན་ནུས་པ་བེད་སྤྱོད་གང་ལེགས་བྱས་ཏེ་གསར་གཏོད་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་ས་གནས་ཀྱི་སྙན་གྲགས་བརྗོད་པ་གཞི་རྟེན་དུ་བྱས་ཏེ། ང་ཚོའི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཧུར་ཐག་བྱས་ནས་རྫོང་རུ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ལུས་རྩལ་བྱེད་སྒོའི་སྤུས་རྟགས་བཏོད་དེ་ཐུན་ཏེའི་ཡུལ་སྐོར་དཔལ་འབྱོར་གྱི་ཐོན་ལས་སྔར་བས་ཆེ་རུ་གཏོང་དགོས་པར་བསྟན། 

འབའ་ལུང་ཞང་འབའ་མདོ་སྡེ་བར་ཞོས་ཞའོ་པེན་འཁོར་དང་བཅས་པས་ཉེ་བའི་ལོ་འགའི་རིང་ཀྲུང་གོ་པོའོ་བོའུ་སྡེ་ཚོགས་ཀྱིས་འབའ་མདོ་སྡེ་བར་རོགས་སྐྱོར་བྱས་པའི་གནས་ཚུལ་དང་འབའ་མདོ་སྡེ་བའི་འཕེལ་རྒྱས་གནས་ཚུལ་ལ་ནན་ཏན་གྱིས་ཉན་ཞིང་། ཁོས་བསྟན་དོན།  ཉེ་བའི་ལོ་འདི་འགའི་རིང་གི་འབའ་མདོ་སྡེ་བའི་འཕེལ་རྒྱས་གནས་ཚུལ་གྱིས་ཀྲུང་གི་པོའོ་བོའུ་སྡེ་ཚོགས་དང་ཐུན་ཏེ་རྫོང་གི་ཐོན་ལས་རོགས་སྐྱོར། གྲོང་གསེབ་དར་སྤེལ་སོགས་ཀྱི་རོགས་སྐྱོར་དང་བརྩེ་སེམས་གང་ལེགས་སྒོས་མངོན་ཐུབ། རྗེས་ཕྱོགས་འབའ་མདོ་སྡེ་བ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ། མུ་མཐུད་དུ་པོའོ་བོའུ་སྡེ་ཚོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ། གྲོང་གསེབ་ཡུལ་སྐོར་དང་སྐྱེ་ལྡན་ཞིང་ལས། འོད་ནུས་གློག་ཤུགས་སོགས་ཀྱི་ཕྱོགས་མང་པོའི་གསར་སྐྲུན་ལ་བརྟེན་ནས་ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། སྡེ་བ་ཡོང་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་ཐོན་ལས་དར་རྒྱས། སྐྱེ་ཁམས་གཞིས་སྡོད། གྲོང་གསེབ་དར་སྤེལ། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་འགྱུར་སོགས་ཀྱི་ཐད་གཏན་འཇགས་འཕེལ་རྒྱས་ཡོང་བའི་རེ་བ་གནང་།  

མཚོ་སྔོན་ལ་རོགས་སྐྱོར་ཏུ་ཕེབས་པའི་ལས་བྱེད་འཇོན་མི་རྣམས་ཀྱི་ལས་ཤག་ཏུ་རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པས་མཚོ་སྔོན་ལ་རོགས་སྐྱོར་ཏུ་ཕེབས་པའི་ལས་བྱེད་པས་རང་རྫོང་དུ་བྱ་བའི་བསྒྲུབ་པའི་གནས་ཚུལ་དང་འཚོ་བ་སྐྱེལ་སྟངས་ཀྱི་གནས་ཚུལ།དེ་མིན་་འཕྲད་པའི་དཀའ་ངལ་དང་གནས་པའི་གནད་དོན་བཅས་ལ་འདྲི་རྩད་ཞིབ་ཕྲ་བྱས་པ་རེད། ཞུས་ཞའོ་པིན་གྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་ཡི་ཚབ་བྱས་ནས་མཚོ་སྔོན་ལ་རོགས་སྐྱོར་ཏུ་ཕེབས་པའི་ལས་བྱེད་པ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་དང་།ཁོ་ཚོས་རང་ཉིད་ཀྱི་གཞིས་ཁྱིམ་བློས་བཏང་ནས་ཚང་མའི་ཆེད་དུ་མཚོ་སྔོན་རོགས་སྐྱོར་བྱ་བའི་ལས་དོན་ནང་ཞུགས་ནས་སྟོབས་ཤུགས་ཕུལ་བའི་སྙིང་སྟོབས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཅང་སུའུ་ཡན་ཁྲེང་གྲོང་ཁྱེར་གྱི་སློབ་གསོ་དང་སྨན་བཅོས་ཚོགས་པའི་རོགས་སྐྱོར་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད་།ཁོས་བསྟན་དོན།མཚོ་སྔོན་ལ་རོགས་སྐྱོར་ཏུ་ཕེབས་པའི་ཚོགས་པ་དག་གིས་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྒྱུན་འཛིན་དང་གསར་གཏོད།མཉམ་འདྲེས་དང་འཕེལ་རྒྱས་སོགས་ཕྱོགས་གཉིས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་།སྤུས་ལེགས་སློབ་གསོ་གཉེར་བའི་རོགས་སྐྱོར་གྱི་དམིགས་ཚད་དོན་འཁྱོལ་ཡག་པོ་བྱས་ནས་རིག་སྟོབས་འདོན་སྤེལ་དང་འཇོན་ཐང་སྦྱོང་བརྡར་བྱེད་པའི་གོ་སྐབས་གལ་ཆེན་དེ་ཁོང་དུ་ཆུད་པ་བྱེད་དགོས་ལ།མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཅང་སུའུ་ཡི་སློབ་གསོའི་འདུ་ཤེས་དང་སྨན་བཅོས་ཉམས་མྱོང་དེ་རང་རྫོང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས་ཏེ་རང་རྫོང་གི་སློབ་གསོ་དང་སྨན་བཅོས་སོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པར་བསྟན།

མཚོ་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་པུའུ་ཀྲང་གཞོན་པའམ་ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀྲང་ཡའོ་པྰང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་ཝང་ཧའེ།རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་པུའུ་ཀྲང་ཝང་ཆིང་ཁྲེང་སོགས་ཀྱིས་རྟོག་ཞིབ་འགྲོ་རོགས་གནང་། 

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.10.30


རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རྣམ་གྲངས་བྱ་བར་རྟོག་ཞིབ་གནང་།


བད་ཁོ་སྡེ་བའི་བདེ་སྐྱིད་གཞིས་ཁྱིམ་གྱི་སྒོ་འབྱེད་མཛད་སྒོ་བསྡུས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章