མེ་གསོད་རུ་ཆེན་གྱིས་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ།

文摘   2024-11-11 17:46   青海  
རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་ནུས་ཤུགས་ཡོད་རྒུས 119 མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ།

2024 ལོའི་མེ་གསོད་རུ་ཆེན་གྱི119མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ལས་རིགས་ཁག་གིས་མེ་ཟོན་ལ་དོ་ཁུར་དང་།མེ་གསོད་ཀྱི་བྱ་བའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་ཆེད།  ཟླ 11པའི་ཚེས 8 ཉིན། རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་རྣམ་པ་སྣ་མང་དང་། ནང་དོན་ཕུན་སུམ་ཚོགས་པའི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོའི་མེ་ཟོན་དྲིལ་བསྒྲགས་ཟླ་བ་རྩ་འཛུགས་བྱས་ཏེ།མེ་ཟོན་སྔོན་འགོག་གི་ཁོར་ཡུག་རྣམ་པ་བཟང་པོ་ཞིག་བསྐྲུན། ཐེངས་འདིའི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི་དམངས་ཡོངས་མེ་ཟོན་སྔོན་འགོག་ནང་ཞུགས་ནས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དེ་ཡིན།

མེ་གསོད་རུ་ཆེན་གྱིས་བྱེད་སྒོའི་ཡུལ་དངོས་སུ། མེ་ཟོན་སྒྲིག་ཆས་ཡོ་བྱད་འགྲེམས་ཁུལ་དང་བཀོལ་སྤྱོད་བྱེད་ཡུལ་བཅས་ཞིབ་ཚགས་ཀྱིས་བཀོད་སྒྲིག་བྱས་ཡོད་ལ། རྣམ་པ་འདྲ་མིན་གྱི་མེ་གསོད་སྒྲིག་ཆས་དང་ཡོ་བྱད་གྲལ་བསྟར་བསྒྲིགས་ནས་མེ་གསོད་དབུགས་སྦུག་དང་མཁའ་དབུགས་འབྱིན་རྔུབ་སོགས་ཀྱི་ཡོ་བྱད་མང་པོ་འདུས། དེར་ཡོད་པའི་མི་དམངས་མང་ཚོགས་ཀྱིས་མེ་ཟོན་རུ་མིའི་འཐབ་འཛིང་གི་སྒྲིག་ཆས་ལ་ཡུལ་དངོས་ནས་ཤེས་རྟོགས་ཐུབ་པ་མ་ཟད། ཉམས་ལེན་བྱེད་ཁུལ་དུ་མེ་གསོད་ཀྱི་གྱོན་གོས་དང་། མེ་གསོད་ཆུ་མདེལ་བེད་སྤྱོད་སོགས་ཀྱི་དུས་རིམ་རེ་རེ་འདོན་སྤྲོད་བྱས་ཏེ་མེ་གསོད་ལས་བྱེད་མི་སྣའི་ཉིན་རྒྱུན་གྱི་བྱ་བ་དང་ཉེ་བར་བཅར་བའི་ཁྲོད་སྔར་ལས་ལྷག་པར་མི་སེམས་འགུལ་བ་དང་ཐད་མཐོང་གི་བྱེད་ཐབས་བརྒྱུད་ནས་མེ་གསོད་བདེ་འཇགས་ཀྱི་ཤེས་བྱ་མང་པོ་ཞིག་རྒྱུས་ལོན་བྱས།

ཐེངས་འདིའི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས། དྲིལ་བསྒྲགས་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་དགོན་པ་དང་། སྡོད་ཁུལ། སློབ་གྲྭ། ཁྲོམ་ལམ་རྒྱུད་ཀྱི་ཚོང་ཁང་སོགས་ཀྱི་གནས་ཡུལ་དུ་དམིགས་གཏད་རང་བཞིན་གྱི་མེ་གསོད་མེ་འགོག་གི་ལས་ཀའི་རིགས་མི་འདྲ་བའི་མི་ཚོགས་དང་ཟུང་འབྲེལ་བྱས་ཏེ། མེ་འགོག་མེ་གསོད་དང་སྲོག་ཉེན་ལས་ཐར་བའི་རང་སྐྱོབ་ཤེས་བྱ་ངོ་སྤྲོད་བྱས་པ་མ་ཟད། དུས་མཚུངས་ཁོངས་གཏོགས་ཁུལ་གྱི་མེ་གསོད་དང་བླངས་པ་དང་། དྲ་མིག་པ། སྡེ་མི་དང་ཁེ་ལས་ཀྱི་ལས་བཟོ་པ་སོགས་མི་ཚོགས་མང་པོ་ཞིག་དྲིལ་བསྒྲགས་བྱེད་སྒོར་ཞུགས་པར་སྐུལ་སློང་ཧུར་ཐག་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྡེ་མིའི་མེ་གསོད་བདེ་འཇགས་ཀྱི་འདུ་ཤེས་དང་སྤྱི་ཚོགས་ཀྱི་བདེ་འཇགས་དོ་དམ་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད་པ་རེད།

གཞན་ཡང་། རྫོང་གི་མེ་གསོད་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ LED གློག་རྡུལ་འཆར་ངོས་ཡོད་པའི་ལས་ཁུངསདང་གླ་གཏོང་རླངས་འཁོར་ཀུང་སི་བཅས་ལ་སྐུལ་སློང་བྱས་པ་དང་། ཚོང་ར་དང་། མགྲོན་ཁང་།ཟ་ཁང་། རོལ་རྩེད་ཁང་སོགས་ཀྱི་སྨྱན་སྦྱོར་ལ་བརྟེན་ནས་གློག་སྒུལ་རྐང་འཁོར་གྱི་མེ་གསོད་བདེ་འཇགས་རྒྱུན་ཤེས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས། མེ་སྐྱོན་བྱུང་རྗེས་ཁ་འགྲེམ་གྱི་སྲོག་ཉེན་ལས་གཡོལ་བ་སོགས་པའི་མེ་གསོད་མེ་འགོག་གི་བདེ་སྲུང་བརྡ་ཁྱབ་བཏང་བ་མ་ཟད། ཁོངས་གཏོགས་ཁུལ་གྱི་མི་མང་པོ་འདུས་སྡོད་ཁུལ་དང་། གཞིས་ཁུལ། མི་མང་པ་བགྲོད་པའི་ལམ་ཁུལ་གྱི་གློག་སྒུལ་ལྕགས་རྟ་དང་བདེ་འཇགས་བགྲོད་ཁུལ་སོགས་སུ་འབྲེལ་ཡོད་མེ་གསོད་མེ་འགོག་གི་བདེ་འཇགས་རྒྱུན་ཤེས་ཀྱི་འགྲེམ་བསྒྲགས་བརྡ་ཁྱབ་སྦྱར་ནས་མི་ཚང་མས་མེ་ཟོན་ལ་སེམས་ཁུར་དང་། མི་ཚང་མ་མེ་གསོད་ལ་ཞུགས་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར་ཧུར་བརྩོན་བྱས་ཡོད་པ་རེད། 

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།  2024.11.08


ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉེར་ལྔ་བ།


རྫོང་རུའི་གནའ་ཤུལ་ལ་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章