ཐུན་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ལྗང་མདོག་གི་བྲིས་རིས་གསར་པ།

文摘   2024-10-21 17:45   青海  
ཐུན་ཏེ་རྫོང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ལྗང་མདོག་གི་བྲིས་རིས་གསར་པ།
ཉེ་བའི་ལོ་འགའི་རིང་། རང་རྫོང་གིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། ལྗང་མདོག་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཧུར་ཐག་གིས་སྐྱེ་ཁམས་རིན་ཐང་དང་སྐྱེ་ཁམས་ལེགས་བཅོས་ཀྱི་ནུས་ལྡན་ཐབས་ལམ་དང་རྣམ་པ་འཚོལ་ཞིབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཐུན་ཏེའི་ལྗང་མདོག་གི་འཆར་གཞི་མཚོན་པར་བྱས་ཡོད།

ཉེ་བའི་ལོ་འགའི་རིང་། རང་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་སེམས་ལ་བརྟན་པོར་ངེས་རྒྱུ་མཐའ་འཁྱོངས་བྱས་ཏེ་གཟབ་ནན་སྒོས་སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་བྱས་པ་དང་། སྐྱེ་ཁམས་དམར་ཐིག་ནང་གི་གསར་སྤེལ་འཛུགས་སྐྲུན་བྱེད་སྒོ་ཚོད་འཛིན་ནན་མོ་བྱས་པས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གིས་རྫོང་ཁོངས་རྒྱ་ཁྱོན་གྱི37%བཟུང་ཡོད། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕུགས་ཕན་བཅོས་སྐྱོང་ལམ་སྲོལ་བཙུགས་པ་དང་མཁར་གྲོང་གི་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་དང་ཁོར་ཡུག་གཙང་སྦྲའི་ཁྲོམ་ར་གཞི་གཅིག་ཅན་གྱི་འཁོར་སྐྱོད་བྱེད་སྟངས་ལག་བསྟར་བྱས་ཤིང་། འཚོ་བའི་གད་སྙིགས་ཐག་གཅོད་ས་ཚིགས18བཙུགས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲོད་མང་ཚོགས་དང་ཁྲོམ་རའི་གཉེར་སྐྱོང་བྱེད་པོས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཏང་ཡོན་གྱིས་སྣེ་ཁྲིད་དེ་རིམ་པ་ཁག་གི་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བར་དཔེ་སྟོན་དང་སྐུལ་སློང་བྱས་ཏེ། སྡེ་བ་དང་སྡོད་ཁུལ་སོ་སོའི་ལས་བྱེད་པ་དང་དང་བླངས་པས་གཟའ་འཁོར་རེར་ཁོར་ཡུག་གཙང་སྦྲའི་གཅིག་སྡུད་བཅོས་སྐྱོང་ལས་དོན་སྤེལ་བ་རེད།  སྐྱེ་ཁམས་ཁོར་ཡུག་འབྱུང་རྩ་ནས་སྔོན་འགོག་བྱེད་པར་ཤུགས་བསྣན་ཏེ་རིམ་པ་ཁག་གི་ནགས་དཔོན་དང་རྩྭ་དཔོན148དང་ཆུ་དཔོན112ཁྱོན་ཡོངས་ནས་གཞི་རིམ་དུ་སྐྱོད་དེ་འགན་འཁྲི་ཧུར་ཐག་བསྒྲུབས་པས་རྒྱུན་རྣམ་ཅན་གྱི་དྲ་མིག་དོ་དམ་མ་ལག་ཅིག་ཆགས་ཡོད་པ་རེད། ཐུན་ཏེ་རྫོང་གི་རྒྱལ་ཁབ་ཀྱི་གཙོ་གནད་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་འཚོ་ཁུལ་གྱི་བརྟག་དཔྱད་དཔྱད་དཔོག་རྣམ་གྲངས་རེ་ཞུ་བྱས་ཏེ་བྱ་བྱེའུ་ལ་དགའ་བའི་གཟའ་འཁོར་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དྲིལ་བསྒྲགས་ཉིན་མོ་སོགས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་མང་པོ་སྤེལ་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད་པས།  རྫོང་མངའ་ཁོངས་སུ་ཁྲུང་ཁྲུང་མིག་དམར་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོང་སྲོག་ཆགས་མང་པོ་ཡང་མཐོང་ཐུབ་པ་རེད།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས2023ལོར་འགུལ་རྣམ་སྐོར་ཞིབ་ཐེངས་62བྱས་ཏེ་ཁྲིམས་འགལ་བྱ་སྤྱོད་15ལ་ཁྲིམས་ལྟར་རྡུང་རྡེག་དང་ཆད་པ་བཅད་པ་རེད།

ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་སྤུས་ཀར་གཞི་ཚུགས་ཏེ་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་པ་དང་། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་སྤུས་རྟགས་ཇེ་ལེགས་སུ་བཏང་སྟེ། དཔལ་འབྱོར་མཉམ་ལས་རྩ་འཛུགས་སྣ་ཚོགས120ལྷག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཤིང་།  རྩྭ་ཐང་མུའུ་ས་ཡ་བཞི་འབུམ་ལྔ་ཁྲི་ལྔ་སྟོང་གཅིག་ལྔ་བརྒྱ་དང་ནོར་གནག་འབུམ་གཉིས་ཁྲི་གཅིག་སྟོང་གཉིས། ལུག་འབུམ་གསུམ་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་བཅས་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་ཧུར་ཐག་བྱས་ནས་གཙང་ཡུལ་མཚམས་སྤྲིན་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་འབའ་ལུང་ཞང་གི་གྲོང་གསེབ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རྐ་རྒན་མཛེས་ལྗོངས་ཁུལ་འཛུགས་སྐྲུན་སོགས་ལ་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གསུམ་བཏང་བའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཡོངས་འགྲུབ་བྱས་ཡོད།  གཙང་ཡུལ་མཚམས་སྤྲིན་མཛེས་ལྗོངས་ཁུལ་དང་རྐ་རྒན་མཛེས་ལྗོངས་ཁུལA3རིམ་པའི་མཛེས་ལྗོངས་ཁུལ་དུ་གཏོང་བ་ལེགས་གྲུབ་བྱུང་ནས་2023ལོར་རྫོང་ཡོངས་ཀྱི་ཡུལ་སྐོར་མི་གྲངས་མི་ཐེངས་འབུམ་བརྒྱད་བདུན་བརྒྱ་ལྔ་ཟིན་པ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་གཉིས་བྱེ་བ་བརྒྱད་ས་ཡ་བཞི་ཟིན་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་འགྲོ་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད་པ་རེད། ནུས་ཁུངས་འཛད་སྤྱོད་གྲུབ་ཆའི་འགྱུར་བ་ཇེ་མགྱོགས་སུ་བཏང་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་ཞེ་བརྒྱད་ལྷག་བཏང་བའི་རྒྱལ་ཁབ་ནུས་ཁུངས་ཚོགས་པའི་ཐུན་ཏེའི་ཆན་ཝ་ཁྲི120ཟིན་པའི་ནུས་ཁུངས་གཙང་མའི་དྲོད་རླངས་མཁོ་འདོན་གྱི་མ་ལག་ཚང་བའི་གློག་ཁུངས་ལས་གཞི་དུས་བཅད་ལྟར་ལག་བསྟར་བྱས་པ་དང་།  ཐེངས་དང་པོའི་ཆན་ཝ་ཁྲི5ཟིན་པའི་འོད་ཤུགས་ལེགས་འགྲུབ་བྱུང་སྟེ་གློག་མཁོ་འདོན་ཐུབ་ཡོད་པ་དང་ཐེངས་གཉིས་པའི་ཆན་ཝ་ཁྲི10ཟིན་པ་དེ་གུང་ཧོའི་བཏུལ་ཐང་དུ་ལེགས་འགྲུབ་བྱུང་ཡོད་པ་རེད།  རྫོང་ཁོངས་ཀྱི་དྲོད་རླངས་མཁོ་འདོན་ཁུལ7དང་དེ་བཞིན་ཞང་གྲོང་གི་དྭངས་གཙང་ནུས་ཁུངས་དྲོད་རླངས་མཁོ་འདོན་གྱི་སྒྱུར་བཀོད་རྣམ་གྲངས་ཚང་མ་ལེགས་གྲུབ་བྱང་སྟེ་སྤྱོད་མགོ་ཚུགས་པ་མ་ཟད།  བློ་གྲོས་ལ་བརྟེན་ནས་དྲོད་རླངས་མཁོ་འདོན་བྱེད་པའི་ལས་དོན་སྤེལ་ནས་ལོ་གཅིག་ལ་རྡོ་སོལ་ཏུན་ཁྲི་གཉིས་སྟོང་ལྔ་ཙམ་ཉུང་དུ་ཕྱིན་པ་དང་། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་6.55དྲུག་སྟོང་ལྔ་ལྔ་བརྒྱ་ཉུང་དུ་ཕྱིན་ཡོད། རྫོང་མཁར་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་ཚད་96.5%ཟིན་ནས་མཁའ་རླུང་དང་ཆུ།ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།  

སླར་གསོའི་སྨྱུ་གུ་དམ་པོར་བཟུང་ནས་སྐྱེ་ཁམས་བཅོས་སྐྱོང་གི་འཆར་གཞི་བཏིང་བ་དང་སྤྱི་ཡོངས་སྲུང་སྐྱོང་དང་མ་ལག་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རི་ཆུ་ནགས་གསུམ་དང་ཞིང་ས། མཚོ་མཚེའུ། བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོའི་དཔེ་སྟོན་རྫོང་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ས་ཁོངས་སྔོ་འགྱུར་སྲ་བརྟན་དང་མཐོར་གཏོང་གི་ལོ་གསུམ་འགུལ་སྐྱོད་ཏན་ཏིག་གིས་སྤེལ་བ། ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་མགོ་སླར་གསོ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ཏེ2023ལོར་ས་མུའུ་འབུམ་བཞི་ཁྲི་ལྔ་ལ་རི་རྒྱ་བསྡམས་ནས་ནགས་བཏབ་པ་དང་། མུའུ་ཁྲི་གཉིས་ལ་སྡོང་རིང་བཏབ་ཅིང་ས་མུའུ་ཁྲི་གཅིག་ལ་སྡོང་ཕྲན་བཏབ།  ཞན་འགྱུར་རྩྭ་ར་མུའུ་འབུམ་དྲུག་ལེགས་བཅོས་བྱས།  ས་མུའུ་འབུམ་གཉིས་ཁྲི་དྲུག་ལྔ་བརྒྱའི་སྟེང་དུ་མིའི་ཐབས་ལ་བརྟེན་ནས་རྩྭ་བཏབ་པ་དང་། ཞན་འགྱུར་རྩྭ་ར་མུའུ་ཁྲི་གཉིས་གསབ་འདེབས་བྱས་ཤིང་ས་མུའུ་འབུམ་དྲུག་གི་ཨ་བྲའི་གནོད་འཚེ་འགོག་བཅོས་བྱས་པ་མ་ཟད། ས་མུའུ་ཁྲི་གཉིས་ཀྱི་གནོད་ལྡན་རྩྭི་ཤིང་ལེགས་བཅོས་བྱས་པ་རེད། འབའ་ཆུའི་དུས་ཐེངས་གཉིས་པའི་བཟོ་སྐྲུན་ཁྱོན་ཡོངས་ནས་སྤེལ་ཏེ་འབའ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་། རྐ་རྒན་ཆུ་མཛོད་དང་དེའི་འཐུས་སྒོ་ཚང་བའི་ཆུ་འདྲེན་བཟོ་སྐྲུན་དང་མཐུན་སྒྲིལ་ཆུ་རྐའི་གྲོན་ཆུང་ཆུ་འདྲེན་གྱི་དེང་རབས་ཅན་གྱི་སྒྱུར་བཀོད་བཟོ་སྐྲུན་ཁྱོན་ཡོངས་ནས་ལག་ལེན་ཏུ་བསྟར།  སྡེ་བ26གི་མུའུ་ཁྲི་9.65དགུ་སྟོང་དྲུག་ལྔ་བརྒྱ་ཟིན་པའི་ཞིང་ས་དང་ནགས་ས་ཆུ་འདྲེན་ཇེ་ལེགས་སུ་ཕྱིན་ཡོད་ལ། འབའ་ཆུའི་རྒྱུད་ཀྱི་ཆུའི་སྤུས་ཚད་རིགས་གསུམ་པ་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། རྫོང་མཁར་གྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་མགོའི་ཆུའི་སྤུས་ཚད་དེ་རིགས་གཉིས་པའི་ཡན་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ནས་ཚད་ལོན་ཚད་100%ཟིན་ཡོད་པ་རེད། རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་དམིགས་ནས། གཙང་ཡུལ་མཚམས་སྤྲིན་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ270དབྱེ་འབྱེད་གཏན་འབེབས་བྱས་ཤིང་། རྐ་རྒན་ཆུ་མཛོད་ཀྱི་ཆུ་ཁུངས་སྲུང་སྐྱོང་ཁུལ་ལ་ཞིང་ཆེན་སྲིད་གཞུང་གི་མཆན་འགོད་ཐོབ་པ་དང་།  སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་6.3དབྱེ་འབྱེད་གཏན་འབེབས་བྱས་པ་རེད། མགྱོགས་མྱུར་སྒོས་འཐུང་ཆུའི་ཆུ་མགོ་སྲུང་སྐྱོང་ཁུལ་གྱི་དབྱེ་མཚམས་གཏན་འབེབས་བྱས་ཏེ་ཆུ་གློག་ཆུང་གྲས་7ཕྱིར་སྤྲོད་བྱས་པ་རེད།

སྔ་རབས་རྗེས་འཇུག


༼གནའ་གཏམ་ཐོས་པ་དགའ་སྐྱེད།༽ཁྭ་ཏའི་གཏམ་རྒྱུད།


ཐུན་ཏེ་གསར་འགྱུར། 2024.10.18


ང་ཡི་ལང་ཚོ་དང་གྲོང་སྡེ་ཞེས་པའི་ཆེད་སྒྲིག་ལེ་ཚན།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章