བད་ཁོ་སྡེ་བའི་བདེ་སྐྱིད་གཞིས་ཁྱིམ་གྱི་སྒོ་འབྱེད་མཛད་སྒོ་བསྡུས།

文摘   2024-10-30 17:59   青海  

རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་གྱི་སྒོ་འབྱེད་མཛད་སྒོ་བསྡུས།

ཟླ10བའི་ཚེས29ཉིན། རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་གྱི་སྒོ་འབྱེད་མཛད་སྒོ་བསྡུས་ཤིང་། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཚེ་སྐྱབས་རྒྱལ་སྒོ་འབྱེད་མཛད་སྒོའི་སྟེང་དུ་ཞུགས།
བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་གྱི་སའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ120ཡོད་ལ། དེ་ནི་སྔོན་གྱི་བྱིས་སྐྱོང་ཁང་བསྐྱར་བསྐྲུན་བྱས་ནས་གྲུབ་ཞིང་། ནང་དུ་ངལ་གསོ་ཁང་དང་ཟ་ཁང་། འགྱིག་འཇོག་ས་དང་ལུས་སྦྱོང་བར་འཁྱམས་སོགས་མི་མགོ50ལ་དུས་གཅིག་དུ་འཚོ་བའི་ཐད་ཀྱི་ལྟ་རྟོག་དང་རྒན་གསོའི་ཟ་མའི་རོགས་རེས།  སྤྲོ་གསེང་རོལ་རྩེད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་རྒན་པ་རྣམ་གྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་དང་བསམ་པའི་དགོས་མཁོ་སྐོང་བཞིན་ཡོད་པ་རེད།

ལས་རིམ་རྗེས་མར། བད་ཁོ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་རྒན་གསོའི་ཞབས་ཞུའི་འདུ་ཤེས་བརྟན་པོ་འཛུགས་པ། དུས་བབ་གསར་པའི་འོག་གི་རྒན་རྒོན་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཐབས་ལམ་ནུས་ལྡན་གྱིས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་སྡེ་བ་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་བྱ་གཞག་ལ་རྒྱུན་མཐུད་ངང་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་རྒྱུན་མི་ཆད་པར་རྒན་རྒོན་གྱི་རིམ་པ་མང་བ་དང་རྣམ་པ་མང་བ།སྤྱི་ཚོགས་རང་བཞིན་བཅས་ཀྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་བསྐང་ནས། རྒན་རྒོན་ཚོར་རྒྱུ་སྤུས་བཟང་བ་དང་ཕན་འབྲས་ཆེ་བ།སྟབས་བདེ་ཡིན་པ་བཅས་ཀྱི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་ཏེ་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་དེ་རྒན་རྒོན་ཚོའི་ཚེ་མཇུག་སྐྱིད་པོ་ཞིག་རོལ་བའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་ཏུ་འགྱུར་བར་བྱ་རྒྱུ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།  2024.10.28


རང་རྫོང་གིས་རྒྱུ་ནོར་དོ་དམ་འགན་འཁྲིའི་རྩིས་བཤེར་ཚོགས་འདུ་བསྡུས།


ཡུལ་ཕྱིའི་ངལ་གསོ་ཁང་གིས་ངལ་རྩོལ་པ་རྣམས་ལ་སྟབས་བདེ་མང་པོ་བསྐྲུན།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章