ལས་བྱེད་ལས་བཟོ་བའི་སྤོ་ལོའི་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ།

文摘   2024-10-23 15:49   青海  

རང་རྫོང་གི་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ལས་བྱེད་ལས་བཟོ་བའི་ལག་རྩལ་སྤོ་ལོ་འགྲན་སྡུར་སྐབས་གསུམ་པ་བདེ་བླག་ངང་མཇུག་སྒྲིལ།

ཟླ10ཚེས21ཉིན།དུས་ཡུན་ཉིན་བདུན་གྱི་རང་རང་རྫོང་གི་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ལས་བྱེད་ལས་བཟོའི་སྤོ་ལོ་འགྲན་སྡུར་སྐབས་གསུམ་པ་རྫོང་མཁར་གསར་བའི་དམངས་ཡོངས་ལུས་རྩལ་ཁང་དུ་བདེ་བླངས་ངང་མཇུག་སྒྲིལ་བ་དང་། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་ཀྲང་ལེང་ཧྲན་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་བཀྲ་ཤིས་རྒྱལ། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་ཝང་ཧའེ། རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་པུའུ་ཀྲང་ཀྲའོ་ཐུང་དབྱིན། རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་པུའུ་ཀྲང་ཝང་ཆིན་ཁྲིན་།རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅིའམ་མགོ་གཙོ་དཔའ་རྩེ་རྒྱལ།རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཞིབ་དཔྱོད་མགོ་གཙོ་འབྲུག་ལོ་ཐར་བཅས་ཀྱིས་འགྲན་སྡུར་ལ་བལྟས་པ་མ་ཟད་།བྱ་དགའ་ཐོབ་པའི་འཐུས་ཚབ་རུ་ཁག་ལ་བྱ་དགའ་གནང་བ་རེད།

འགྲན་བསྡུར་ཐེངས་མང་བྱས་པ་བརྒྱུད་ལས་བཟོ་པའི་ལག་རྩལ་སྤོ་ལོའི་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཕམ་ཐག་གཅོད་ཀྱི་གནད་འགག་གི་འགྲན་རིམ་ཏུ་ཐོན་ཞིང་། ལུས་རྩལ་པ་ཚོས་འགྲན་རྒྱུག་བྱེད་པ་དང་འཕྲོག་རྩོད་བྱེད་པ། འགོག་སྲུང་བྱེད་པ་དང་སྤོ་ལོ་བརྒྱུད་སྤྲོད་བྱེད་པ་བཅས་ཀྱི་ཐོག་ནས་གཞོགས་འདེགས་བྱེད་པ་དང་གནད་ལ་འཁེལ་བའི་སྒོ་ནས་སྤོ་ལོ་ནང་དུ་འཕེན་པ་སོགས་བྱས་པས་འགྲན་བསྡུར་དངོས་སུ་འཁྲུག་ཆ་དོད་པོ་བྱུང་ཞིང་། ལྟད་མོ་བ་ཚོས་ལག་ཟུང་ཐལ་མོའི་རྡེབ་སྒྲའི་ཁྲོད་ནས་རང་ཉིད་དགའ་བའི་རུ་ཁག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད།

ཉིན་བདུན་གྱི་ཛ་དྲག་གི་འགྲན་བསྡུར་བརྒྱུད། རྫོང་སྲིད་གཞུང་སྡེ་ཁག་དང་རྫོང་སྤྱི་བདེ་དང་ཁྲིམས་ཁང་། ཞིབ་དཔྱོད་སྡེ་ཁག  རྫོང་སློབ་གསོ་སྡེ་ཁག་བཅས་ཀྱི་འཐུས་ཚབ་པར་སོ་སོར་སྐྱེས་པའི་ཚན་ཁག་གི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་བྱ་དགའ་ཐོབ་པ།   ཐང་མགོ་གྲོང་རྡལ་དང་རྫོང་སློབ་གསོ་སྡེ་ཁག  སྲིད་གཞུང་སྡེ་ཁག་བཅས་ཀྱི་འཐུས་ཚབ་པར་སོ་སོར་སྐྱེས་མའི་ཚན་ཁག་གི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་བྱ་དགའ་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་ཁྱོན་སྡོམས་རུ་ཁག20དང་འགྲན་ཞུགས་ལས་བཟོ་བ220ལྷག་ཡོད་པ་རེད། ཐེངས་འདིའི་འགྲན་བསྡུར་བདེ་བླགས་ངང་སྤེལ་བ་དེས་རྒྱ་ཆེ་བའི་ལས་བྱེད་ལས་བཟོ་བའི་རིག་གནས་ལུས་རྩལ་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ལས་བྱེད་ལས་བཟོ་བའི་གཟུགས་གཞིའི་སྤུས་ཚད་མཐོར་འདེགས་སུ་བཏང་ནས་ཐུན་མོང་ཉམས་འགྱུར་དང་ཐུན་མོང་མཉམ་ཤུགས་མངོན་པར་བྱས་ནས། ལས་བྱེད་ལས་བཟོ་བའི་ཚོགས་པའི་མཉམ་འབྲེལ་སྟོབས་ཤུགས་ཇེ་ལེགས་སུ་བཏང་བ་དང་མཉམ་དུ། གྲུབ་འབྲས་ལྡན་པའི་སྒོ་ནས་རྫོང་ཡོངས་ཀྱི་ལུས་རྩལ་བྱེད་སྒོ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།2024.10.21


རང་རྫོང་གིས་སྤྱི་སྐད་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས།


ཞོལ་མ་ཞང་འཕྲོད་བསྟེན་ཁང་གིས་བདེ་ཐང་བྱ་བར་སྐུལ་འདེད་བཏང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章