ཉེན་རྟོག་དང་སྨྱན་བྱད་མཉམ་འབྲེལ་གྱིས་ཞིབ་བཤེར་བཅོས་སྐྱོང་བྱས།

文摘   2024-11-18 17:09   青海  

ཉེན་རྟོག་དང་སྨྱན་བྱད་མཉམ་འབྲེལ་གྱིས་ཆང་འཐུང་ནང་རླངས་འཁོར་སྐོར་བའི་མཚན་མོའི་ཞིབ་བཤེར་བཅོས་སྐྱོང་དང་དྲིལ་སྒྲོག་བྱེད་སྒོ་སྤེལ།

གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ཚོད་འཛིན་ལ་སྔར་ལས་ཤུགས་སྣོན་པ་དང་།ཁོངས་གཏོགས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་ལ་གོ་རིམ་ལྡན་པར་འགན་ལེན་ཏན་ཏིག་བྱེད་པ། མཚན་མོ་ལས་འཛོལ་ཐོན་སླ་བའི་ཁྲིམས་འགལ་བྱ་སྤྱོད་ལ་དོ་དམ་ནན་མོ་བྱེད་པའི་རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས་བྱུང་རྩ་ནས་གཞུང་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཏང་སྟེ།གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཆེད།ཟླ11ཚེས15ཉིན་གྱི་དགོང་མོར།རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སྐོར་ཞིབ་ཉེན་རྟོག་རུ་ཆེན་དང་འགྲིམ་འགྲུལ་སྐོར་ཞིབ་ཉེན་རྟོག་རུ་འབྲིང་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་དུ་མཚན་མོར་ཞིབ་བཤེར་བྱེད་པའི་གཅིག་སྡུད་བཅོས་སྐྱོང་བྱ་བ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་འགྲོ་འོང་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

བྱེད་སྒོའི་སྐབས་སུ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱི་གསར་འགོད་པ་གདན་ཞུ་བྱས་ཏེཉེན་རྟོག་དང་སྨྱན་བྱད་ཀྱིས་མཉམ་དུ་མཚན་མོར་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་ནས།སྟོན་དགུན་དུས་སུ་མང་ཚོགས་འགྲོ་སྐྱོད་བྱེད་པའི་ཁྱད་ཆོས་དང་ཁོངས་གཏོགས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་དོན་དངོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་ཆང་འཐུང་ནས་རླངས་འཁོར་སྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་སྐོར་བའི་གནད་དོན་ལ་དབྱེ་ཞིབ་དང་ཕྱོགས་སྡོམ་ནན་ཏན་བྱེད་པ།གཙོ་གནད་དུས་མཚམས་དང་མཁར་གྲོང་གི་ལམ་དུམ་གཙོ་བོར་དམ་འཛིན་ནན་མོ་བྱས་ནས་ཉེན་རྟོག་པའི་སྟོབས་ཤུགས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ།སྐོར་ཞིབ་ཞིབ་བཤེར་དང་ས་གནས་གཏན་འཁེལ་གྱིས་ས་ཚུགས་འཛུགས་གྲུབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེཆང་འཐུང་ནས་རླངས་འཁོར་སྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་སྐོར་བའི་གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་རྡུང་རྡེག་ནན་མོ་བཏང་བ་རེད།ཁྲིམས་འགལ་བྱ་སྤྱོད་ཤེས་རྟོག་བྱུང་རྗེས་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ་ཞིབ་བཤེར་ནན་མོ་དང་དོ་དམ་གཟབ་ནན།བཅོས་སྒྲིག་ནན་ཏན་བཅས་ཀྱི་དམ་བསྒྲགས་རྣམ་པ་ཞིག་ཆགས་པ་བྱས་ནས་མང་ཚོགས་ཀྱི་འགྲོ་འོང་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།

དེ་དང་ཆབས་ཅིག་དམངས་དམག་ཉེན་རྟོག་པས་སློབ་གསོའི་ཁྲིད་སྟོན་གཙོ་བོར་བྱེད་པ་དང་ཆད་གཅོད་རོགས་སྐྱོབ་ཕལ་ར་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ།ཁ་ལོ་བ་དང་འགྲུལ་བར་ཁ་ཏ་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་འབྲེལ། ཆང་ཁང་དངKTV གླུ་གར་འཁྲབ་སྟོན་ལྟེ་གནས་སོགས་རོལ་རྩེད་ཁང་དུ་སོང་ནས་ཆང་གིས་བཟི་ནས་རླངས་འཁོར་སྐོར་བ་སྔོན་འགོག་བྱས་ཏེ། རྒྱ་ཆེ་བའི་འགྲིམ་འགྲུལ་ཟབ་ཞུགས་མི་སྣའི་འགན་འཁྲིའི་འདུ་ཤེས་དང་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་བཏང་ནས། རང་རྟོགས་སྒོས་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལ་བརྩི་སྲུང་བྱེད་པར་སློབ་གསོའི་ཁྲིད་སྟོན་གནང་སྟེ། རླངས་འཁོར་སྐོར་ན་ཆང་མི་འཐུང་བ་དང་ཆང་འཐུང་ན་རླངས་འཁོར་མི་སྐོར་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན།

ཐེངས་འདིའི་འགུལ་སྐྱོད་ཁྲོད་ཉེན་རྟོག་པ་མི་ཐེངས་18དང་ཉེན་རྟོག་རླངས་འཁོར་ཐེངས་3བཏང་ནས། རིགས་མི་འདྲ་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད15ཞིབ་བཤེར་ཐག་གཅོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཆང་འཐུང་རྗེས་རླངས་འཁོར་སྐོར་བ་སོགས་འགྲིམ་འགྲུལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། རྒྱ་ཆེ་བའི་ཁ་ལོ་བ་རྣམས་ལ་དཔལ་ཡོན་འཆམ་མཐུན་ལྡན་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན།

ལས་རིམ་རྗེས་མར་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་མུ་མཐུད་དུ་ཆང་འཐུང་རྗེས་རླངས་འཁོར་སྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་སྐོར་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ཆང་གིས་བསྐྱེད་པའི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་འབྱུང་བ་སྔར་ལས་ནན་འགོག་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་གོ་རིམ་ཡོད་པ། བདེ་བགྲོད་བཅས་ཡོང་བར་ཁག་ཐེག་བྱ་རྒྱུ་ཡིན་པ་རེད།

སྔ་རབས་རྗེས་འཇུག


ཞི་ཅིན་ཕིང་གིས་རིག་མཛོད་འདིའི་གླེང་སྟེཊ་ལ་ཤིས་འཕྲིན་སྤྲིངས།


ཐུན་ཏེ་གསར་འགྱུར། 2024.11.15


ཐུན་ཏེས་སློབ་རར་ཚན་རྩལ་ཁྱབ་གདལ་གཏོང་བའི་འཁྲབ་སྟོན་བྱེད་སྒོ་སྤེལ།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章