རང་རྫོང་གིས་དགུན་ཁའི་གཟས་ཆས་གསོག་འཇོག་བྱ་བ་ལེགས་པོར་བསྒྲུབས།

文摘   2024-11-08 15:30   青海  
རང་རྫོང་གིས་དགུན་ཁའི་གཟས་ཆས་གསོག་འཇོག་བྱ་བ་ལེགས་པོར་བསྒྲུབས། 
དགུན་གྱི་དུས་ཚིགས་སླེབས་པ་དང་བསྟུན་ནས་གནམ་གཤིས་ཀྱང་རིམ་བཞིན་ཇེ་འཁྱག་ཏུ་གྱུར། ཕྱུགས་རིགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པར་འགན་ལེན་བྱེད་པ་དང་འབྲོག་ལས་རྒྱུན་མཐུད་དང་བརྟན་པོ། སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། རང་རྫོང་གིས་སྔ་མོ་ནས་འཆར་གཞི་བཟོ་བ་དང་མྱུར་དུ་གཟན་རྩྭ་དང་གཟན་ཆས་གསོག་འཇོག་བྱ་བ་ལེགས་པོར་བསྒྲུབས་ཏེ་ཕྱུགས་ཟོག་གི་དགུན་ཁའི་གཟན་ཆས་ལ་གྲ་སྒྲིག་འདང་ངེས་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། རང་རྫོང་གིས་གཟན་རྩྭ་འདེབས་འཛུགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྲིད་ཇུས་ཀྱི་རོགས་སྐྱོར་དང་ལག་རྩལ་གྱི་མཛུབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་བར་སྤུས་ལེགས་གཟན་རྩྭ་འདེབས་པར་སྐུལ་འདེད་བཏང་སྟེ་གཟན་རྩྭའི་ཐོན་འབབ་དང་སྤུས་ཚད་མཐོ་རུ་བཏང་བ་རེད། གཞན་ད་དུང་ཧུར་ཐག་གིས་གཟན་ཆས་ལས་སྣོན་བྱེད་པའི་ལག་རྩལ་ཁྱབ་གདལ་བཏང་ནས་གཟན་ཆས་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེ་རུ་བཏང་། དེ་དང་ཆབས་ཅིག་གཟན་རྩྭ་གསོག་འཇོག་གི་སྒྲིག་བཀོད་འཛུགས་སྐྲུན་དང་གཟན་རྩྭ་གསོག་འཇོག་དོ་དམ་ལ་ཤུགས་བསྣན་ཏེ། གཟན་རྩྭ་གསོག་འཇོག་གི་ལམ་ལུགས་འཐུས་ཚང་ཞིག་བཙུགས་པ་དང་གསོག་འཇོག་གི་ལས་འགན་དང་འགན་འཁྲི་ཁ་གསལ་བཟོས་ནས་གཟན་རྩྭ་གསོག་འཇོག་གི་བྱ་བ་དོན་འཁྱོལ་བྱེད་པར་འགན་ལེན་བྱས་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། མིག་སྔར་རང་རྫོང་དུ་ད་ཡོད་ཕྱུགས་རིགས་འབུམ་བརྒྱད་ཁྲི་ལྔ་སྟོང་གསུམ་དྲུག་བརྒྱ་ཡོད་པ་དང་།  དེའི་ནང་དུ་ནོར་གནག་འབུམ་གཉིས་ཁྲི་བདུན་སྟོང་བརྒྱད་ཉིས་བརྒྱ་དང་ལུག་འབུམ་ལྔ་ཁྲི་བདུན་སྟོང་ལྔ་བཞི་བརྒྱ་ལྷག་ཡོད་པ་རེད། ཞང་གྲོང་ཁག་གི་ལས་བྱེད་ལས་བཟོ་བས་ཁྱིམ་ཚང་དུ་བསྐྱོད་ནས་ཞིང་བའི་གཟན་རྩྭ་གསོག་འཇོག་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་བྱ་ཐབས་ནུས་ལྡན་སྤྱད་དེ་གཟན་རྩྭ་གསོག་འཇོག་གི་བྱ་བ་ལེགས་པོ་བསྒྲུབ་པར་ཁྲིད་སྟོན་བྱས་པ་རེད། ད་ལོར་རང་རྫོང་གིས་གཟན་རྩྭ་ཏུན་འབུམ་གསུམ་ཁྲི་དགུ་དང་བརྒྱ་རང་འདེབས་རང་གསོག་བྱས་ཡོད་པ་དང་། གཞན་ནས་ཉོས་པའི་གཟན་རྩྭ་ཏུན་ཁྲི་དྲུག་ལྔ་བརྒྱ་གསོག་འཇོག་བྱས་ཡོད།  གཟན་ཆས་ཏུན་ཁྲི་དྲུག་སྟོང་དགུ་ལྔ་བརྒྱ་བཅས་གསོག་འཇོག་བྱས་ཡོད་པས་བསྡོམས་པས་གཟན་རྩྭ་དང་གཟན་ཆས་ཏུན་འབུམ་ལྔ་ཁྲི་གཉིས་བརྒྱ་ཟིན་ཡོད་པ་རེད།  

མིག་སྔར་རང་རྫོང་གི་གཟན་རྩྭ་གསོག་འཇོག་གཞི་རྩའི་སྟེང་ཡོངས་འགྲུབ་བྱས་ཏེ་ཕྱུགས་རིགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་པ་དང་དགུན་དུས་སུ་ལྷག་པའི་གཟན་ཆས་དཔྱིད་དུས་སུ་སྤྱོད་ཐུབ་པ་བྱས་ཏེ་འབྲོག་ལས་ཐོན་སྐྱེད་རྒྱུན་མཐུད་བརྟན་ལྷིང་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.11.06


ལས་ཁུངས་དང་སྡོད་ཁུལ་གྱིས་ཏང་གི་ཉིན་མོའི་བརྗོད་དོན་བྱེད་སྒོ་སྤེལ།


རླངས་འཁོར་ཞིབ་བཤེར་ཚད་ལེན་ས་ཚིགས་ཐོག་མ་ལས་གཉེར་བྱེད་མགོ་བརྩམས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章