རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཉམ་འབྲེལ་གྲོས་ཚོགས་བསྡུས།

文摘   2024-11-04 18:10   青海  
རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཁོངས་གཏོགས་སྡེ་ཁག་གིས་མཉམ་འབྲེལ་སྒོས་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས།
ཟླ10བའི་ཚེས31ཉིན། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཁོངས་གཏོགས་སྡེ་ཁག་གིས་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ཤིང་། རྫོང་ཨུའི་རྒྱུན་ཨུའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བརྩོན་འགྲུས་གྲོས་ཚོགས་སྟེང་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་། 2023ལོའི་རྫོང་ཡོངས་ཀྱི་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་བྱ་བའི་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་དང་འབྲེལ་ལས་རིམ་རྗེས་མའི་བྱ་བའི་འགན་འཁྲི་བཀོད་སྒྲིག་གནང་། རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་དང་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་འབྲེལ་ཡོད་འགན་འཁུར་མི་སྣའི་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་གནང་།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཁོངས་གྲུབ་ལས་ཁུངས་སོ་སོའི་ནན་ཏན་གྱིས་ཞིང་ཆེན་དང་ཁུལ་གྱི་སྐབས་བསྟུན་གཉིས་དང་སྤྱི་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་བྱ་བའི་བླང་བྱ་ལག་བསྟར་བྱས་ཏེ། དངོས་གནས་སྐབས་བསྟུན་གཉིས་དང་སྤྱི་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་བྱ་བ་དེ་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་ལས་ཀའི་གཙོ་གནད་དུ་བརྩིས་ནས་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་ཀའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་པ།  ལྟ་སྐུལ་དོ་དམ་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལྟ་སྐུལ་དོ་དམ་གྱི་གཅིག་གྱུར་འཆར་འགོད་རང་བཞིན་ཆེ་རུ་གཏོང་དགོས། མཉམ་འབྲེལ་གྲོས་ཚོགས་ཀྱི་གཞུང་ལས་ཁང་གིས་སྣེ་ཁྲིད་དང་སྤྱི་ཡོངས་དམ་འཛིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་གཅིག་གྱུར་འཆར་འགོད་དངརང་འགན་རང་ཁུར། ཕན་ཚུན་གཞོགས་འདེགས་དང་མཉམ་འཛིན་སྤྱི་སྒྲུབ་བཅས་ཀྱི་མཐུན་སྦྱོར་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  སྔོན་ལ་གཙོ་གནད་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་སྡེ་ཁག་ལས་བརྒལ་བའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལག་བསྟར་བྱེད་པ།  ཁོངས་གྲུབ་ལས་ཁུངས་སོ་སོའི་མགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་བྱེད་པ་དང་ལས་བགོས་འགན་གཉེར་མགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ་བྱེད་པ། རིམ་པ་རེ་རེ་བཞིན་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས་ལོ་འགོའི་ལས་འགན་དམིགས་ཚད་དང་འཆར་གཞི་གཞིར་བཟུང་ཏེ་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་ཚད་ལྡན་ཅན། རྒྱུན་གཏན་ཅན་བཅས་སུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། གསལ་ཐོ་གཅིག་དང་གསོག་ཉར་གཉིས་འཛུགས་སྐྱོང་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་འཕེལ་ཕྱོགས་རང་བཞིན་ཆེ་རུ་གཏོང་དགོས།  

གསལ་ཐོ་གཅིག་དང་གསོག་ཉར་གཉིས་ཀྱི་ཚད་ལྡན་ཅན་དང་གནད་ཁེལ་ཅན་གྱི་འཛུགས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ།རྫོང་རིམ་པའི་སྐབས་བསྟུན་ཞིབ་བཤེར་དོན་ཚན་གྱི་གསལ་ཐོ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་།ཞིབ་བཤེར་བྱ་ཡུལ་གྱི་མིང་ཐོའི་གསོག་ཉར་མཛོད་དུ་གཉེར་སྐྱོང་སྤྱི་ཁོག་གི་ཆ་འཕྲིན་ཆ་ཚང་འདུ་བ། ཁྲིམས་འཛིན་ཞིབ་བཤེར་མི་སྣའི་མིང་ཐོའི་གསོག་གཉེར་མཛོད་དེ་ངེས་པར་ཏུ་བསྡུ་རུབ་བྱས་ནས་དུས་ཐོག་ཏུ་འགུལ་རྣམ་གསར་བརྗེས་བྱས་ཏེ་གནས་ཚུལ་གསར་པ་དང་ཁྱད་ཆོས་གསར་པར་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག་ཏུ། སྡེ་ཁག་རང་གི་ཁྲིམས་འཛིན་ཞིབ་བཤེར་མི་སྣས་རིགས་དབྱེ་མཆན་འགོད་ལ་ཤུགས་བསྣན་ནས་ཞིབ་བཤེར་བྱ་ཡུལ་གནད་ལ་འཁེལ་བའི་ངང་ཞིབ་བཤེར་དང་ཁྲིམས་འཛིན་མི་སྣས་གནད་ལ་འཁེལ་བའི་ངང་སྙོམས་སྒྲིག་བྱེད་པ། ཁྲིམས་འཛིན་ཐོན་ཁུངས་སྤྱི་འདོམས་དང་ལྟ་སྐུལ་དོ་དམ་ནུས་ལྡན་བྱེད་པ། ཁེ་ལས་ཀྱི་ཐེ་རྟོགས་ཉུང་དུ་གཏོང་བ། ཁོད་ཡངས་པའི་གཉེར་སྐྱོང་ཁོར་ཡུག་གཏོད་པ་བཅས་བྱས་ཏེ་མཐུན་སྦྱོར་ལྟ་སྐུལ་དོ་དམ་གྱི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པ་དང་། སྡེ་ཁག་གི་མཉམ་འབྲེལ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས། མ་ལག་ལ་དམ་འཛིན་བྱེད་པའི་བྱ་བའི་བླང་བྱ་གཞིར་བཟུང་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་དག་སྡེ་ཁག་ལས་བརྒལ་ནས་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་བྱ་རྒྱུ་དེ་མ་ལག་སྒྱུར་བཅོས་ལ་བརྩིས་ནས་དམ་འཛིན་ཏན་ཏིག་བྱེད་པ་དང་བྱ་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ།སྤྱི་འདོམས་མཐུན་སྦྱོར་དང་བཀོད་གཏོང་བརྡ་ཁྱབ་ལ་ཤུགས་བསྣན་ནས་འདེམས་བཤེར་བླང་བྱ་དང་འདེམས་བཤེར་དོན་ཚན་ལེགས་སྒྲུབ་བྱ་ཚུལ།དེ་མིན་ཡིད་རྟོན་ཉེན་ཁའི་རིགས་དབྱེ་ལག་བསྟར་བྱ་ཚུལ་བཅས་དཔྱད་ཞིབ་དཔྱད་དཔོག་གི་དམིགས་ཚད་དུ་བརྩིས་ནས་དཔྱད་ཞིབ་བྱས་འབྲས་སྤྱོད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ཁྱབ་ཁོངས་དང་ལྟ་སྐུལ་དོ་དམ་གྱི་ལས་རིམ། ལྟ་སྐུལ་དོ་དམ་གྱི་བྱ་ཐབས་དང་ཞིབ་བཤེར་གྱི་བསྡུར་ཚད།ཞིབ་བཤེར་རིམ་ཐེངས་དང་ཁུངས་སྣེ་ཐག་གཅོད་ཀྱི་ལམ་སྲོལ་བཅས་ཁ་གསལ་བཟོ་བ།གཞུང་དོན་གྲོས་མོལ་དང་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར།ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་མཉམ་སྤྱོད་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་དེ་སྡེ་ཁག་མཉམ་འབྲེལ་གྱི་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་ལས་དོན་ལ་ཕན་འབྲས་དངོས་ལེན་པར་སྐུལ་འདེད་གཏོང་དགོས་པར་བསྟན།

རྫོང་ཡོངས་ཀྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་སྡེ་ཁག་སོ་སོའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྲོས་ཚོགས་སྟེང་དུ་ཞུགས། 

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.11.01


༼གནའ་གཏམ་ཐོས་པ་དགའ་སྐྱེད།༽ཨ་བུ་བྱེའུ་ཆུང་།


ཞོས་ཞའོ་པིང་གིས་རང་རྫོང་དུ་རོགས་སྐྱོར་བྱ་བར་རྟོག་ཞིབ་གནང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章