རང་རྫོང་གིས་དཔལ་འབྱོར་བརྟན་འཕར་ཆེད་དོན་ཚོགས་འདུ་འཚོགས།

文摘   2024-11-04 18:10   青海  
རང་རྫོང་གིས་དཔལ་འབྱོར་བརྟན་འཕར་དང་དུས་ཚིགས་བཞིའི་དཔལ་འབྱོར་འཁོར་སྐྱོད་མྱུར་མོའི་ཆེད་དོན་ཚོགས་འདུ་འཚོགས། 

 ཟླ 10 པའི་ཚེས 31 ཉིན། རང་རྫོང་གིས་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་དུས་ཚིགས་བཞིའི་དཔལ་འབྱོར་འཁོར་སྐྱོད་མྱུར་མོའི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཞིང་ཆེན་དང་ཁུལ་གྱི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུའི་ཆེད་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོན་བྱས་ཏེ། ཕྱོགས་ཡོངས་ནས་དུས་ཚིགས་སྔོན་མ་གསུམ་གྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད། དུས་རིམ་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་ཚོགས་འདུར་ཞུགས་པ་དང་གཏམ་བཤད། རྫོང་ཨུའི་རྒྱུན་ཨུའམ་རྒྱུན་ལས་རྫོང་དཔོན་གཞོན་པ་ཝང་ཡུག་ཡེ་ཡིས་ཚོགས་འདུར་མགོ་འཛིན་བྱས།

ཚོགས་འདུའི་ཐོག་རྫོང་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་དང་ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཉེན་ཁའི་འདུ་ཤེས་དང་དགོས་གཏུག་ཆེ་བའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་དགོས་ཤིང་། འཕེལ་རྒྱས་ཀྱི་ཆོད་སེམས་དང་འགན་འཁྲི་འཁུར་ནས་ཕན་ནུས་ལྡན་པ་དང་གྲུབ་འབྲས་ཡོད་པའི་དུས་ཚིགས་བཞིའི་དཔལ་འབྱོར་བྱ་བ་དམ་འཛིན་དང་དམིགས་ཚད་འགན་འཁྲི་ཡོངས་འགྲུབ་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། གཙོ་ཁྲིད་ཐོན་ལས་ལ་དམ་པོར་དམིགས་ཏེ་ནོར་ལུག་བཤས་གཏོང་ཁ་གསབ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་ནོར་ལུག་གི་ཤའི་རིགས་བཤས་རར་འཚོང་བར་ཁྲིད་སྟོན་ཤུགས་ཆེན་བྱ་དགོས་ཤིང་།མགྱོགས་མྱུར་སྒོས་ཐུན་ཏེའི་གློག་གསོག་ཚད་སྐུལ་འདེད་བཏང་སྟེ། སུམ་མདོ་སྡེ་བའི་སྟོང་ཝ་ཁྲི10དང་། འབའ་ཐང་བྱང་མའི་སྟོང་ཝ་ཁྲི240གི་ལས་གཞི་སོགས་ནུས་ཁུངས་གཙང་མའི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཤུགས་བསྣན་ནས་ལོ་རེའི་ནང་གི་ཐོན་སྐྱེད་དང་ཐོན་སྐྱེད་ཀྱི་འཕར་གནས་གསར་པ་ཆགས་པར་བྱེད་དགོས་པ་མ་ཟད། ཁེ་ལས་ཀྱི་རོགས་སྐྱོར་བྱེད་ཤུགས་རྒྱུན་རྣམ་ཅན་དུ་འགྱུར་བར་བྱ་དགོས་པ་དང་། ནོར་སྲིད་གཏོང་ཡོང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲལ་བསྡུའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཕ་ཡུལ་དུ་ལོག་པའི་ཞིང་པ་ངལ་རྩོལ་པ་དང་ངལ་རྩོལ་ནུས་ཤུགས་ཞན་པའི་དབུལ་པོར་ལས་ཞུགས་རོགས་སྐྱོར་བྱེད་པའི་བྱེད་ཐབས་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ། འཛད་སྤྱོད་དང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་ཁྲིད་བྱེད་དགོས། ཕྱོགས་སོ་སོའི་འབྲེལ་བ་དང་དམིགས་ཚད་ཀྱི་རྗེས་ཟིན་ཐུབ་པར་འགན་ལེན་ནན་མོ་བྱས་ཏེ། བྱ་བའི་མགོ་ཁུངས་ནས་ལས་དོན་ཡག་པོ་སྒྲུབ་པ་དང་།  རྣམ་གྲངས་གལ་ཆེན་གྱི་སྔོན་ཚུད་ཉེན་བརྡའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། དུས་རིམ་གྱི་འཕེལ་རིམ་ལྟར་རྣམ་གྲངས་འཛུགས་སྐྲུན་གནད་ལ་འཁེལ་བ་དང་། ནུས་ཤུགས་ཡོད་རྒུས་ལས་ཡུན་དང་། མྱུར་ཚད་མགྱོགས་པ། ཆད་དངུལ་གསབ་སྤྲོད་བྱས་ནས་ལོ་མཇུག་ཏུ་དོན་དངོས་ལས་ཀའི་ཡོངས་འགྲུབ་ཚད་ལ་སླེབས་པར་འགན་ལེན་བྱ་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་དངུལ་གཏོང་ཕྱོགས་ལ་དམ་པོར་དམིགས་ཏེ། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་དུས་འགོའི་འཆར་འགོད་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་དགོས་པ་དང་། 2025 ལོའི་ཀྲུང་དབྱང་གི་སྔོན་རྩིས་ནང་གི་རྣམ་གྲངས་དང་ཉིས་རྩེག་རྣམ་གྲངས་ཧུར་ཐག་སྒོས་ཡར་ཞུ་བྱས་ནས་ལག་བསྟར་རྣམ་གྲངས་ཞིང་ཆེན་དང་ཁུལ་གྱི་རྣམ་གྲངས་སུ་ཚུད་པར་བྱེད་དགོས། ཡོང་སྒོའི་སྔོན་རྩིས་ལག་བསྟར་དང་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་གནས་ཚུལ་ལ་རྗེས་སྙེག་དམ་ཟབ་བྱས་ནས་ཁྲལ་བསྡུའི་འབྱུང་ཁུངས་སྔོག་འདོན་ཧུར་ཐག་བྱས་ཏེ་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་དང་། ཁེ་ལས་ཀྱི་ཐོབ་ཁྲལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཞིང་བེད་སྤྱོད་དཔྱ་ཁྲལ་སོགས་ཁྲལ་བསྡུའི་རིགས་ཆེན་པོའི་ཡུན་རིང་གི་དཔྱ་ཁྲལ་གྱི་འབྱུང་ཁུངས་གཙོ་བོ་འཕེལ་རྒྱས་གཏོང་དགོས། རྨ་ཆུའི་གློག་གྲ་དང་ལྗང་མདོག་ཐོན་ལས་ཁུལ་སོགས་ཁྲལ་བསྡུའི་དོ་དམ་གཙོ་གནད་ལ་དམ་པོར་དམིགས་ནས་བསྡུ་ལེན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་དཔྱ་ཁྲལ་གྱི་འབྱུང་ཁུངས་དུས་ཐོག་ཏུ་བསྡུ་རྒྱུ་འགན་ལེན་བྱས་ནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ལོ་འགོའི་དམིགས་ཚད་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་དགོས། བྱེད་ཐབས་གསར་པ་གཉིས་དོན་འཁྱོལ་བྱས་ནས་བྲིན་འཚོང་དང་བརྗེ་ཉོ། འགྲེམས་ཚོགས་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྒྲིག་འཛུགས་བྱས་ནས་ཁེ་ལས་ཀྱིས་ཐད་གཏོང་བྲིན་འཚོང་དང་། དུས་ཆེན་གྱི་བྲིན་འཚོང་། ཁྱད་ཆོས་ལྡན་པའི་བརྗོད་བྱ་གཙོ་བོའི་བྲིན་འཚོང་སོགས་རྣམ་པ་སྣ་མང་ལྡན་པའི་གསར་དར་འཛད་སྤྱོད་བྱེད་སྒོར་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་རྒྱུན་ཆད་མེད་པར་སྐུལ་སློང་བྱེད་པ། སྲིད་དངུལ་ཁེ་ལས་ཀྱིས་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་འདུ་འཁོར་ཐབས་ལམ་རྒྱ་ཆེར་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།ཁྲོམ་རའི་གཙོ་གཞི་གསོ་སྐྱོང་དང་གོང་མཐོར་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་གཙོ་གནད་ཁེ་ལས་ཀྱིས་དུས་ཆེན་རྗེས་ཀྱི་བསྐྱར་ལས་སླར་གསོའི་འཆར་གཞི་བཟོ་རྒྱུ་དང་། ཁེ་ལས་འཕར་མའི་སྐོར་གྱི་མཛུབ་ཁྲིད་ལ་ཤུགས་བསྣན་ནས 2025 ལོའི་ལོ་གསར་དུས་ཆེན་རྗེས་སུ་དུས་ཐོག་ཏུ་བསྐྱར་ལས་སླར་གསོ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་ད་དུང་ཞང་གྲོང་ཁག་དང་ལས་ཁུངས་སོ་སོས་ཕྱོགས་ཡོངས་དང་། ཕྱི་རོལ་ཡུལ་དང་མཐུན་པ། ངོས་འཛིན་གསལ་པོ་བཅས་ཀྱི་མདུན་དུ་ལྷགས་པའི་གནས་བབ་དང་། འགྲན་རྩོད། གོ་སྐབས་བཅས་ནུས་ཤུགས་ཡོད་རྒུས་བརྟན་འཕར་དང་། ཐོན་ལས་གཉིས་པ་སྲ་བརྟན་གཏོང་བ། ཐོན་ལས་གསུམ་པར་བསྒྱུར་བ། རྣམ་གྲངས་ལ་དམ་འཛིན་ནན་པོ་དང་། གཏོང་ཡོང་གི་ཐོན་ཚད་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་དཔལ་འབྱོར་མངོན་འགྱུར་ཡོང་བའི་སྤུས་ཚད་མཐོ་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ་མ་ཟད། ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་གཏོང་བའི་ཕན་འབྲས་དང་ནུས་ལྡན་ངང་འབྲེལ་མཐུད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན།

རྫོང་སྡོད་ཀྱི་རྫོང་དཔོན་གཞོན་པ་སོ་སོ་དང་ཞང་དང་གྲོང་རྡལ་སོ་སོ། རྫོང་མི་དམངས་སྲིད་གཞུང་གི་སྡེ་ཁག་སོ་སོ། ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས། 

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.11.01


༼གནའ་གཏམ་ཐོས་པ་དགའ་སྐྱེད།༽ཨ་བུ་བྱེའུ་ཆུང་།


ཞོས་ཞའོ་པིང་གིས་རང་རྫོང་དུ་རོགས་སྐྱོར་བྱ་བར་རྟོག་ཞིབ་གནང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章