རང་རྫོང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་ཡན་ཁྲིན་གྲོང་ཁྱེར་དུ་འབྱོར།

文摘   2024-11-20 17:43   青海  
རང་རྫོང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་ཡན་ཁྲིན་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་མི་སྣར་འཚམས་འདྲི་བྱས།
ཟླ 11 པའི་ཚེས 15 ཉིན་ནས་ཚེས 16 ཉིན་བར། རྫོང་ཨུའི་ཧྲུའུ་ཅི་མཱ་ཞའོ་ཝེ་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་གིས་སྣེ་ཁྲིད་པའི་རང་རྫོང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་ཡན་ཁྲིན་དུ་སོང་ནས་རྟོག་ཞིབ་སློབ་སྦྱོང་བྱས་ཤིང་།ཡན་ཁྲིན་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་མི་སྣར་འཚམས་འདྲི་བྱས་པ་མ་ཟད་ཡན་ཁྲིན་གྲོང་ཁྱེར་གྱིས་རང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་།ཡན་ཁྲིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཀའོ་ཧྲང་ཏི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད། ཡན་ཁྲིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཧོང་ཞི་པེ་ཁུ་ནོར་ཏན་གྱིས་འགྲོ་རོགས་རྟོག་ཞིབ་བྱས་པ་དང་། རྫོང་ཨུའི་ཧྲུའུ་ཅི་མཱ་ཞོ་བེས་བཞུགས་མོལ་ཚོགས་འདུར་ཞུགས་ནས་གཏམ་བཤད།


ཀའོ་ཧྲང་ཏི་ཡིས་ཡན་ཁྲིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་རང་རྫོང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ།ཡན་ཁྲིན་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས།ཁོས་བསྟན་དོན།ལོ་ངོ་བཅུ་བཞིའི་རིང་ལ།ཡན་ཁྲིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱ་བ་གཙོ་གནད་དུ་བཟུང་ནས་རང་འགན་གཙང་སྒྲུབ་དང་དམངས་ཚིས་ལེགས་བཅོས།ཐོན་ལས་གོང་འཕེལ།རྨང་གཞིའི་སྒྲིག་བཀོད་ཇེ་ལེགས།རིག་གནས་བརྗེ་རེས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཡན་ཁྲིན་གྲོང་ཁྱེར་གྱི་སྤུས་ལེགས་ཐོན་ཁུངས་དང་མཐུད་སྦྱོར་བྱ་བ།སྤེལ་རེས་དང་མཉམ་ལས་བྱ་བ་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད།འགོ་འཛུགས་ས་གསར་པའི་ཐོག་ཡན་ཁྲིན་གྲོང་ཁྱེར་གྱིས་ཐུན་ཏེའི་དགོས་མཁོ་དང་བསྟུན་ནས་སྒྲུབ་ཐུབ་པ་ལ་འབད་བརྩོན་བྱས་ཏེ།མཐོ་སར་ལངས་རྒྱུ་རྒྱུན་འཁྱོངས་དང་ཁ་གཏད་རོགས་སྐྱོར་བྱ་བའི་ཐད་འགན་འཁྲིའི་ཁུར་སེམས་ཕྲག་ཏུ་བླངས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་རྒྱུན་འཁྱོང་བྱས་པ་དང་།ཕྱོགས་ཡོངས་ནས་ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུའི་བླང་བྱ་ལག་བསྟར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡན་ཁྲིན་གྱིས་ཐུན་ཏེར་རོགས་སྐྱོར་མཉམ་ལས་བྱེད་པའི་ལེའུ་གསར་བ་རྩོམ་དགོས་ཞེས་བསྟན།

མ་ཞའོ་ཝུའེ་ཡིས་རྫོང་ཨུ་དང་རྫོང་སྲིད་གཞུང་།རྫོང་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཡན་ཁྲིན་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་། ཡན་ཁྲིན་གྲོང་ཁྱེར་གྱི་མི་དམངས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་དུ་ཐུན་ཏེར་བརྩེ་སེམས་ཆེན་པོ་བཅངས་ནས་རོགས་སྐྱོར་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་།ཁོས་བསྟན་དོན། འདས་པའི་ལོ་བཅུ་བཞིའི་རིང་ལ་རོགས་སྐྱོར་བྱས་པའི་ཁྲོད།ཡན་ཁྲིན་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བླང་བྱ་དང་།ཡན་ཁྲིན་གྱི་ནུས་པ།ཐུན་ཏེར་མཁོ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཚད་མཐོའི་བཀོད་སྒྲིག་དང་བྱེད་ཐབས་སྤྱད་དེ་བརྩེ་སེམས་ཟབ་མོས་རོགས་སྐྱོར་དང་མ་དངུལ་འབོར་ཆེན་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་རེ་རེའི་ཁྲོད་ཐུན་ཏེའི་རོགས་སྐྱོར་དོན་འཁྱོལ་བྱས་པ་དང་།ཕུལ་བྱུང་ཤེས་ལྡན་མི་སྣ་ཚོགས་སྒྲིག་བྱས་ནས་ཐུན་ཏེར་རོགས་སྐྱོར་བྱས།མ་དངུལ་གཏོང་བ་ནས་དངོས་ཟོག་གི་རྒྱབ་སྐྱོར་བྱེད་པའི་བར་དང་།རིག་སྟོབས་ཀྱི་རོགས་སྐྱོར་ནས་རྣམ་གྲངས་ཀྱི་རོགས་སྐྲུན་བྱེད་པའི་བར།ཡན་ཁྲིན་གྱིས་ཐུན་ཏེ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྒྱུན་དང་སྟོབས་ཤུགས་ཟམ་མི་ཆད་པར་བྱས་ནས་གཞི་གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་བར་གྱི་འཕོ་འགྱུར་ལ་ཐུན་ཏེ་མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཟབ་མོ་བློ་ལ་བརྟན་པོར་ངེས་ཡོད།ཡན་ཁྲིན་གྲོང་ཁྱེར་གྱིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་དང་།རིག་སྟོབས་རོགས་སྐྲུན་ལས་དོན།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།ངལ་ནུས་རོགས་ལས་ཕྱིར་གཏོང་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱས་ཏེ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཡན་ཁྲིན་གྱི་ལག་རྩལ་ལེགས་ཆ་དང་།ཐོན་ལས་ཀྱི་ལེགས་ཆ།ཐུན་ཏེ་ཡི་ཐོན་ཁུངས་ཀྱི་ལེགས་ཆ།ས་བབ་ཀྱི་ལེགས་ཆ་བཅས་རྒྱུན་ཆད་མེད་པར་ཟུང་འབྲེལ་གང་ལེགས་བྱས་ཏེ་ཕྱོགས་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གཉིས་ཕན་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

རྟོག་ཞིབ་སྐབས་སུ།རང་རྫོང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་ཧྭ་ཤར་ཞིང་ལས་ཐོན་རྫས་ཉོ་ཚོང་ལྟེ་གནས་དང་།ཡན་ཁྲིན་གྲོང་ཁྱེར་གྱི་སློབ་ཆུང་དང་པོ།ཡན་ཁྲིན་གྲོང་ཁྱེར་གྱི་ལོའུ་མེན་ལམ་གྱི་དམའ་རིམ་སློབ་འབྲིང་གི་ནུབ་ཁུལ་སློབ་གླིང་སོགས་སུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་པ་མ་ཟད།ཡན་ཁྲིན་གྲོང་ཁྱེར་གྱི་ལུས་རྩལ་ཐང་ཆེན་དུ་མཚོ་སྔོན་ཐུན་ཏེའི་ལྗང་མདོག་གི་ཞིང་ལས་ཐོན་རྫས་དང་ཚོང་འགུག་རིག་གནས་ཡུལ་སྐོར་གྱི་ཡན་ཁྲིན་འོས་སྦྱོར་ཚོགས་འདུ་བསྡུས་ཤིང་།རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་དང་དེ་བཞིན་རྟོག་ཞིབ་ཚོགས་པའི་ཁོངས་མི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་རྟོག་ཞིབ་བྱེད་སྒོར་ཞུགས།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།2024.11.18


གཏིང་ཟབ་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ།


ཉེན་རྟོག་དང་སྨྱན་བྱད་མཉམ་འབྲེལ་གྱིས་ཞིབ་བཤེར་བཅོས་སྐྱོང་བྱས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章