ལི་ཀུའོ་ཧྲེང་གིས་རང་རྫོང་དུ་སློབ་གསོ་རིག་གནས་ཐད་མཛུབ་སྟོན་གནང་།

文摘   2024-11-11 17:46   青海  

ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཀུའོ་ཧྲེང་གིས་རང་རྫོང་གི་སློབ་གསོ་དང་རིག་གནས་ཡུལ་སྐོར་སོགས་ལ་རྟོག་ཞིབ་མཛུབ་སྟོན་གནང་།

ཟླ11པའི་ཚེས7ཉིན། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཀུའོ་ཧྲེང་རང་རྫོང་དུ་ཡོང་ནས་རྫོང་རུ་རིག་གནས་དངོས་མང་བཤམས་སྟོན་ཁང་གི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་བ། རྐ་འབའ་སུམ་མདོ་གྲོང་རྡལ་ཁོ་ནག་དགོན་པ་སོགས་སུ་སོང་ནས་རིག་གནས་ཡུལ་སྐོར་དང་སློབ་གསོ། མི་རིགས་ཆོས་ལུགས་སོགས་གཙོ་གནད་མཁའ་ཁོངས་སུ་ཡུལ་དངོས་རྟོག་ཞིབ་དང་མཛུབ་སྟོན་གནང་བ་རེད། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་སོགས་འབྲེལ་ཡོད་མགོ་ཁྲིད་ཀྱིས་རྟོག་ཞིབ་འགྲོ་རོགས་གནང་།

རྫོང་རུ་རིག་གནས་དངོས་མང་བཤམས་སྟོན་ཁང་གི་འཛུགས་སྐྲུན་ཡུལ་དངོས་སུ་ལི་ཀུའོ་ཧྲེང་གིས་འཛུགས་སྐྲུན་སྒྲིག་གཞི་དང་ཡུལ་དངོས་བཀོད་སྒྲིག  བྱེད་ནུས་ཁུལ་བགོས་སོགས་ཀྱི་ཐད་རྒྱུས་ལོན་གནང་བ་དང་འབྲེལ་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་དང་མ་དངུལ་གཏོང་སྤྲོད་སོགས་ཀྱི་ཐད་བླང་བྱ་བཏོན་པ་རེད། ཁོས་བསྟན་དོན། རྫོང་རུ་རིག་གནས་ནི་རྨ་ཆུའི་རྒྱུད་ཀྱི་གཙོ་གནད་རིག་གནས་རྗེས་ཤུལ་ཞིག་ཡིན་པས་དེ་ལ་ཚན་རིག་གིས་སྲུང་སྐྱོང་དང་ལུགས་མཐུན་གྱིས་གསར་སྤེལ་བེད་སྤྱོད་བྱས་ཏེ། རྗེས་ཤུལ་དང་རིག་དངོས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས། རྫོང་རུ་རིག་གནས་དངོས་མང་བཤམས་སྟོན་ཁང་གི་ལས་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རིག་དངོས་འགྲེམས་སྟོན་དང་རིག་གནས་རྒྱུན་འཛིན་བྱ་བ་དམ་འཛིན་བྱས་ནས་རྫང་རུའི་གཏམ་རྒྱུད་གང་སར་བརྗོད་ནས་རྫོང་རུ་རིག་གནས་ཀྱི་ཤུགས་རྐྱེན་མཐོར་འདེགས་སུ་གཏོང་དགོས་པར་བསྟན།

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་བར་ལི་ཀུའོ་ཧྲེང་གིས་སློབ་གྲྭའི་སློབ་ཁྲིད་སྒྲིག་བཀོད་དང་སློབ་ཁྲིད་ཁོར་ཡུག དགེ་རྒན་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་པ་དང་འབྲེལ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་བླང་བྱ་བཏོན་པ་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ལྟེ་བའི་ལས་འགན་དུ་བརྩིས་ནས་སློབ་གསོ་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་།དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བའི་སློབ་གསོར་ཤུགས་བསྣན་ཏེ་སློབ་གྲྭའི་བདེ་འཇགས་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་དགོས་པར་ནན་བཤད་གནང་བ་རེད།

རྐ་འབའ་སུམ་མདོ་གྲོང་རྡལ་ཁོ་ནག་དགོན་པར་ལི་ཀུའོ་ཧྲེང་གིས་དགོན་པའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་ནན་ཏན་བྱས་པ་དང་།དགོན་པའི་འགན་འཁུར་བ་དང་མཉམ་ཏུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའི་གནས་ཚུལ་སྤེལ་རེས་གཏིང་ཟབ་བྱས་པ་མ་ཟད།སྤྲུལ་སྐུ་འོད་ཟེར་མཐའ་ཡས་ལ་འཚམས་འདྲི་གནང་བ་རེད།སྤྲུལ་སྐུ་རྣམས་ཀྱིས་དུས་ཡུན་རིང་པོའི་ནང་ཆོས་ལུགས་འཆམ་མཐུན་ལ་སྲུང་སྐྱོང་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་ཕུལ་བར་ཁས་ལེན་དང་ཐུགས་རྗེ་ཆེ་ཞུས་པ་དང་།ཁོ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་དོ་དམ་བྱེད་པ།དགོན་པའི་ལོ་རྒྱུས་ཀྱི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།  2024.11.08


ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉེར་ལྔ་བ།


རྫོང་རུའི་གནའ་ཤུལ་ལ་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章