ལས་ཁུངས་དང་སྡོད་ཁུལ་གྱིས་ཏང་གི་ཉིན་མོའི་བརྗོད་དོན་བྱེད་སྒོ་སྤེལ།

文摘   2024-11-06 17:23   青海  
རང་རྫོང་གི་ལས་ཁུངས་དང་སྡོད་ཁུལ་ཏང་ཀྲི་པུའུ་ཡིས་མཉམ་འབྲེལ་སྒོས་དྲུག་ཅན་གཅིག་གི་ཏང་གི་ཉིན་མོའི་བརྗོད་དོནབྱེད་སྒོ་སྤེལ།
རྫོང་མང་ཚོགས་ཚོགས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལྟེ་གནས་ལས་ཀར་སེམས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་ནན་མོ་བཏང་ནས། ཏང་ཡོན་གྱི་ཆབ་སྲིད་གོ་རྟོགས་དང་བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།  ཏང་ཀྲི་པུའུ་ཡི་སྟོབས་ཤུགས་གཅིག་སྒྲིལ་དང་འཐབ་འཛིང་བྱེད་ནུས་ཆེ་རུ་བཏང་སྟེ། ཏང་ཡོན་གྱིས་སྡོད་ཁུལ་གྱི་ཐོན་པ་གཉིས་ཀྱི་ལས་ཀའི་ཁྲོད་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་ལ་སྐུལ་ཁྲིད་བྱེད་ཆེད།  ཟླ 10 པའི་ཚེས 31 ཉིན།  རྫོང་མང་ཚོགས་ཚོགས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཀྲི་པུའུ་དང་རྐ་འབའ་སུམ་མདོ་གྲོང་རྡལ་འབའ་ཐང་བྱང་མ་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཡིས་མཉམ་འབྲེལ་སྒོས་དྲུག་ཅན་གཅིག་གི་ཏང་གི་ཉིན་མོའི་བརྗོད་དོན་བྱེད་སྒོ་སྤེལ།

བྱེད་སྒོའི་ཉིན་དེར། རྫོང་མང་ཚོགས་ཚོགས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་རིག་འཛིན་སྒྲོལ་མས་ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་དང་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ཟ་འཐུང་སྐོར་གྱི་གཏན་འགོག་བཅུ། སྒྲིག་འགལ་ངང་དངོས་པོ་དང་སྒོར་མོའི་ལེགས་སྐྱེས་འབུལ་བའི་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་སྒོ་སོགས་ནང་དོན་གཙོ་བོར་བཟུང་ནས་ཏང་ཡོན་ཡོངས་ལ་ཆེད་དོན་སྲིད་དོན་གཙང་སྐྱོང་གི་ཏང་གི་སློབ་ཚན་ཐེངས་གཅིག་ཁྲིད་དེ་ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་རང་གཅུན་འདུ་ཤེས་དང་། སྤྱོད་གཙང་རང་འདོམས་འདུ་ཤེས་སྔར་བས་གོང་མཐོར་བཏང་ནས་ཏང་ཡོན་གྱི་ཆབ་སྲིད་བྱང་ཚད་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་པར་སྐུལ་འདེད་བཏང་།

དེའི་རྗེས་ནས་ཏང་ཡོན་ཡོངས་རྐ་འབའ་སུམ་མདོ་གྲོང་རྡལ་འབའ་ཐང་བྱང་མ་སྡོད་ཁུལ་གྱི་བྱིས་པའི་ཁྱིམ་ཚང་དུ་བསྐྱོད་ནས་སྡོད་ཁུལ་གྱི་སློབ་མ 30 ལ་སེམས་འདུན་མཚོན་པའི་ལེགས་སྐྱེས་ཕུལ། ལེགས་སྐྱེས་ཆུང་ཆུང་དག་བྱིས་པའི་ལག་ཏུ་འབྱོར་བ་ན་བྱིས་པ་རྣམས་ཀྱི་གདོང་ལ་འཛུམ་མདངས་རྒྱས་ཤིང་མ་འོངས་ཕུགས་འདུན་ལ་རེ་ལྟོས་ཀྱིས་ཁེངས་འདུག  ཏང་ཡོན་རྣམས་ཀྱིས་བྱམས་བརྩེའི་ངང་བྱིས་པ་རྣམས་དང་ཁ་བརྡ་བྱས་ནས། བྱིས་པ་ཞིག་ལ་མཚོན་ན་དུས་ཚོད་ལ་གཅེས་སྤྲས་དང་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་སྐུལ་མ་བྱས་པ་མ་ཟད། ཆུང་དུས་ནས་ཡང་དག་པའི་རིན་ཐང་ལྟ་བ་འཛུགས་པ་དང་། རྒྱལ་གཅེས་ཀྱིས་ཏང་ལ་དགའ་བའི་བརྩེ་དུང་ཟབ་མོ་གསོ་སྐྱོང་བྱེད་པར་མཛུབ་སྟོན་བྱས།

རྐ་འབའ་སུམ་མདོ་གྲོང་རྡལ་འབའ་ཐང་བྱང་མ་སྡོད་ཁུལ་གྱི་ལག་རྩེད་སྤོ་ལོའི་ར་བར། མཉམ་ཞུགས་རོལ་རྩེད་དང་བདེ་ཐང་འཕྲོད་བསྟེན་སྐོར་གྱི་ཤེས་བྱའི་འགྲན་བསྡུར་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་རྣམས་ཧུར་ཐག་གིས་ཞུགས་ནས་ལན་འདེབས་པ་སོགས་བྱས་པས་ཡུལ་དངོས་སུ་འཁྲུག་ཆ་དོད་པོ་བྱུང་།

མཇུག་མཐར་ཏང་ཡོན་ཡོངས་ཀྱིས་སྡོད་ཁུལ་གྱི་ཁོར་ཡུག་ལ་གཙང་སྦྲ་བྱས་ཏེ་གད་སྙིགས་སྣ་ཚོགས་དང་དེ་བཞིན་སྡོད་ཁུལ་ཉེ་འདབས་ཀྱི་ལམ་འགྲམ་གཞོགས་གཉིས་ཀྱི་བེད་མེད་གད་སྙིགས་བཅས་ལ་ཕྱོགས་ཡོངས་ནས་གཙང་སེལ་དང་བཅས་པས།  ཐེངས་འདིའི་བྱ་འགུལ་བརྒྱུད་ནས་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཁོང་ཚོའི་ལས་འགན་གཙོ་བོ་དང་དུ་བླངས་ནས་འགན་འཁྲི་ཁུར་སེམས་གང་ལེགས་སྒོས་མངོན་པར་བྱས་ཡོད་པ་མ་ཟད། ཁོང་ཚོས་སྦགས་བཙོག་ལ་མི་འཛེམ་པ་དང་། དཀའ་ངལ་ལ་མི་སྐྲག་པར་ལག་ཟུང་གཉིས་ཀྱི་རྩོལ་བ་ལ་བརྟེན་ནས་སྡོད་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་ཆེད་དུ་བློ་གཅིག་སེམས་གཅིག་གིས་བྱས་རྗེས་འབུལ་བ་དང་སེམས་འདུན་དྲོན་མོའི་ལེགས་སྐྱེས་ཕུལ་ཡོད་པ་རེད།

ཐེངས་འདིའི་དྲུག་ཅན་གཅིག་གི་ཏང་གི་ཉིན་མོའི་བརྗོད་དོན་བྱེད་སྒོ་སྤེལ་བ་ཡིས། མང་ཚོགས་ཚོགས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཀྲི་པུའུ་དང་འབའ་ཐང་བྱང་མ་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཡིས་ཕན་ཚུན་རོགས་རེས་དང་མཉམ་སྐྲུན་སྤེལ་རེས་ལ་ཤུགས་སྣོན་བྱས་པ་མ་ཟད། ཏང་ཀྲི་པུའུ་གཉིས་ཀྱི་ཏང་ཡོན་གྱིས་ལས་རྐང་ལ་ཧུར་བརྩོན་དང་བརྩེ་སེམས་གཅིག་སྒྲིལ་ཡོང་བའི་ཕྱོགས་ལ་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་ཡོད་པ་རེད། 

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.11.04


རང་རྫོང་གིས་དཔལ་འབྱོར་བརྟན་འཕར་ཆེད་དོན་ཚོགས་འདུ་འཚོགས།


ཁུལ་ཨུའི་རྒྱུན་ཨུ་ཝང་ཧྥེང་གིས་རང་རྫོང་དུ་རྟོག་ཞིབ་གནང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章