ཞོལ་མ་ཞང་འཕྲོད་བསྟེན་ཁང་གིས་བདེ་ཐང་བྱ་བར་སྐུལ་འདེད་བཏང་།

文摘   2024-10-21 17:45   青海  
ཞོལ་མ་ཞང་འཕྲོད་བསྟེན་ཁང་གིས་རིན་མེད་ངང་དམངས་ཡོངས་ལ་བདེ་ཐང་བརྟག་དཔྱད་བྱེད་པའི་བྱ་བར་སྐུལ་འདེད་བཏང་།
སྔར་ལས་ལྷག་པའི་སྒོ་ནས་སྨན་ཁང་གི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་ཚད་ལྡན་ཅན་དང་ནུས་ཚད་ཅན་ལ་སྐུལ་འདེད་གཏོང་བ། ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ཀྱི་བདེ་ཐང་གནས་ཚུལ་ཁྱོན་ཡོངས་དང་ཡང་དག་ངང་ཁོང་དུ་ཆུད་པ།རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་བཅས་བྱ་ཆེད།ཉེ་ཆར། ཞོལ་མ་ཤང་འཕྲོད་བསྟེན་ཁང་གིས་ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ཡོངས་ལ་རིན་མེད་ངང་བདེ་ཐང་བརྟག་དཔྱད་དང་ནད་རིགས་གཉིས་ལ་ཚགས་བཤེར་བྱེད་པའི་བྱེད་སྒོ་སྤེལ། 

བརྟག་དཔྱད་བྱེད་པའི་ཡུལ་དངོས་སུ། སྨན་ཞབས་མི་སྣས་གོ་རིམ་ལྡན་པའི་ངང་ཐོ་འགོད་བྱེད་པ་དང་ཁྲག་ལེན་པ། གཟུགས་པོའི་རིང་ཚད་དང་ལྗིད་ཚད་འཇལ་བ་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད།  ཐེངས་འདིར་དམངས་ཡོངས་ལ་བདེ་ཐང་བརྟག་དཔྱད་བྱེད་པའི་ཁྲོད་ཁྲག་ཤེད་དང་ཁྲག་རྒྱུན། ཁྲག་ཚིལ། མཆིན་པའི་ནུས་པ་དང་སྙིང་གི་གློག་རིས་སོགས་རིགས12ལ་བརྟག་དཔྱད་བྱེད་བཞིན་འདུག  ཐེངས་འདིའི་ཞིབ་བཤེར་བརྒྱུད། རང་ཉིད་ཀྱིས་རང་གི་བདེ་ཐང་གནས་ཚུལ་ལ་རྒྱུས་ལོན་ཐུབ་ཡོད་པ་མ་ཟད། ནད་ཡོད་ཚེ་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་བརྟག་དཔྱད། སྔ་མོ་ནས་སྨན་བཅོས་བྱེད་ཐུབ་པར་བྱས་ཤིང་། དེ་དང་ཆབས་ཅིག སྨན་པས་ད་དུང་བརྟག་དཔྱད་མཇུག་འབྲས་གཞིར་བཟུང་ནས་བདེ་ཐང་གི་བསམ་འཆར་དང་འཚོ་བའི་མཛུབ་སྟོན་གནང་བ་རེད།  གཞན་རྒྱུན་མཐོང་ནད་གཞི་དང་ཕོག་སླ་བའི་ནད་རིགས་ལ་དམིགས་ནས་ཡུལ་དངོས་སུ་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་སྤེལ་ཏེ། མང་ཚོགས་རྣམས་ཀྱིས་རྒྱུན་ལྡན་འཚོ་བའི་ཁྲོད་དུ་བཟའ་བཏུང་བདེ་ཐང་ལ་དོ་སྣང་དང་འགུལ་སྐྱོད་ལ་ཤུགས་སྣོན་བྱེད་པ།སྤྲོ་སྣང་གི་སེམས་ཁམས་རྒྱུན་འཛིན་བཅས་བྱེད་པར་ཁྲིད་སྟོན་གནང་ནས་ནད་གཞི་ཡོད་ཚེ་དེ་ལ་སྔ་མོ་ནས་སྔོན་འགོག་དང་སྔ་མོ་ནས་བརྟག་དཔྱད། སྔ་མོ་ནས་གསོ་བཅོས་ཐུབ་པར་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་དམངས་ཡོངས་ཀྱི་རིན་མེད་ལུས་ཕུང་བརྟག་དཔྱད་དང་ནད་རིགས་གཉིས་ཀྱི་ཚགས་བཤེར་བྱེད་སྒོ་དེ་རྫོང་མཁར་དང་ཞང་གྲོང་གི་ཚོང་འདུས་ཁྲོམ་རར་ཞིབ་བཤེར་ས་ཚིགས་བཙུགས་ནས་ཁག་དབྱེ་དང་དུས་མཚམས་བཅད་ནས་ལུས་པོར་བརྟག་དཔྱད་བྱས་པ་རེད། དེ་དང་ཆབས་ཅིག་ཏུ་སྒོ་ཁར་བསྐྱོད་པའི་ཚན་ཆུང་འཛུགས་གྲུབ་བྱས་ཏེ་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ཚོར་ཁྱིམ་ཏུ་སོང་ནས་ཞབས་ཞུ་མཁོ་འདོན་བྱས་ནས་དགོས་མཁོ་ཡོད་པའི་རྒན་རྒོན་ཚང་མར་ཕན་བདེ་དེ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་ཤིང་། མིག་སྔའི་བར་ཏུ་མི་ཐེངས1700ལྷག་གི་ལུས་པོར་བརྟག་དཔྱད་བྱེད་པའི་ལས་འགན་ལེགས་འགྲུབ་བྱུང་ཡོད་པ་རེད།

ཐེངས་འདིའི་ལུས་པོར་བརྟག་དཔྱད་བྱེད་པའི་བྱེད་སྒོ་ཡིས་རྒྱ་ཆེའི་སྡེ་མི་རྣམས་ལ་རང་ཉིད་ཀྱིས་རང་གི་བདེ་ཐང་གནས་ཚུལ་ཤེས་རྟོགས་ཐུབ་པར་བྱས་པ་མ་ཟད།  དེས་ཁོ་ཚོའི་བདེ་ཐང་གི་འདུ་ཤེས་དང་ནད་འགོག་ནུས་པ་ཡང་ཆེ་རུ་ཕྱིན་པ་རེད། ལས་རིམ་རྗེས་མར།འཕྲོད་བསྟེན་ཁང་གིས་རིན་མེད་ངང་ལུས་པོར་བརྟག་དཔྱད་དང་སྨན་བཅོས་བྱེད་པར་སྐྱོད་པ་སོགས་ཀྱི་འབྲེལ་ཡོད་བྱེད་སྒོ་མུ་མཐུད་དུ་སྤེལ་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་གྱི་དམངས་ཕན་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་ཡག་པོ་བྱ་རྒྱུ་ཡིན་པ་རེད།

སྔ་རབས་རྗེས་འཇུག


༼གནའ་གཏམ་ཐོས་པ་དགའ་སྐྱེད།༽ཁྭ་ཏའི་གཏམ་རྒྱུད།


ཐུན་ཏེ་གསར་འགྱུར། 2024.10.18


ང་ཡི་ལང་ཚོ་དང་གྲོང་སྡེ་ཞེས་པའི་ཆེད་སྒྲིག་ལེ་ཚན།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章