རང་རྫོང་གིས2024ལོའི་མཐར་ཕྱིན་སློབ་མར་ལས་ཞུགས་ཀྱི་བྱེད་སྒོ་སྤེལ།

文摘   2024-10-30 17:59   青海  

རང་རྫོང་གིས2024ལོའི་གྲོང་ཁྱེར་ཆེ་འབྲིང་དང་མཉམ་འབྲེལ་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཀྱི་སྟོན་དུས་ཆེད་དོན་བྱེད་སྒོ་སྤེལ།

ཟླ 10པའི་ཚེ 23 ཉིན། རང་རྫོང་གིས་རྫོང་རུ་ཐང་ཆེན་དུ་2024 ལོའི་གྲོང་ཁྱེར་ཆེ་འབྲིང་དང་མཉམ་འབྲེལ་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པའི་སྟོན་དུས་ཆེད་དོན་བྱེད་སྒོ་སྤེལ་ཞིང་། ལས་ཀ་བསྡུ་མཁན་སྡེ་ཚན་དང་ལས་ཀ་འཚོལ་མཁན་བར་དུ་ཕན་ནུས་མཐོ་བ་དང་མགྱོགས་མྱུར་གྱི་ཕན་ཚུན་བསམ་བློ་བརྗེ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་ནས་ལས་ཞུགས་ཁྲོམ་རར་སྔར་མེད་ཀྱི་ལམ་བུ་གསར་བ་ཞིག་མཁོན་འདོན་བྱས།
བྱེད་སྒོ་སྤེལ་ཡུལ་དུ་སྤྲོ་སེམས་འཁོལ་བའི་ངང་ནས་བློ་འདྲི་བྱེད་པར་ཡོང་བའི་མཐོ་རིམ་སློབ་གྲྭའི་མཐར་སློབ་མས་ཧུར་བརྩོན་ཆེན་པོས་རང་གི་བློ་ཁ་མཐུན་ཕྱོགས་ལྟར་ཁེ་ལས་དང་སྡེ་ཚན་ལ་རྒྱུས་ལོན་དང་བསམ་བློ་བརྗེ་རེས་ནན་ཏན་བྱས་ནས་ལས་གནས་ཀྱི་དགོས་མཁོ་དང་། ཕོགས་དངུལ་མང་ཉུང་། ལས་རིགས་འཕེལ་རྒྱས ལས་ཞུགས་དང་ལས་ལམ་གསར་འབྱེད་ཀྱི་འབྲེལ་ཡོད་ཁ་གསབ་སྲིད་ཇུས་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་རང་ཉིད་ཀྱི་བཟང་ཆ་མངོན་པར་བྱ་རྒྱུ་དང་དུས་མཚུངས་སུ་ཁེ་ལས་དང་སྡེ་ཚན་ཁག་གི་འཐུས་མིས་ཀྱང་ཕྱི་ཕྱོགས་སྒོ་འབྱེད་རྣམ་པས་འཇོན་མི་བསྡུ་ལེན་བྱེད་པ་དང་། དགོས་མཁོ་ཆེ་བའི་ཕུལ་བྱུང་མི་སྣ་འཚོལ་གང་ཐུབ་བྱེད་རྒྱུ་མ་ཟད། གཙོ་གཉེར་ཕྱོགས་ཀྱིས་ངང་རྒྱུད་རིང་པོས་དྲིས་ལན་འདེབས་པར་མཛུབ་སྟོན་བྱས་ཏེ། དྲི་བ་འདོན་མཁན་གྱི་གནད་དོན་ལ་གནད་ལ་འཁེལ་བའི་ལས་ཞུགས་དང་ལས་ལམ་གསར་འབྱེད་ཀྱི་བསམ་ཕྱོགས་བསྟན་ནས་ཡུལ་དངོས་སུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ལས་ཞུགས་དང་ལས་ལམ་གསར་འབྱེད་བྱེད་པར་ཧུར་ཐག་གིས་ཁྲིད་སྟོན་བྱས།

ཐེངས་འདིའི་ཆེད་དོན་ལས་བསྡུའི་ཚོགས་འདུར་ཁེ་ལས 89 ཞུགས་ཡོད་པ་དང་། ལས་ཞུགས་བྱས་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ། ལས་ཞུགས་བྱས་མེད་པའི་སློབ་མའི་ཁྱིམ་བདག་སོགས་ལས་འཚོལ་ཚོགས་པ་སྣ་ཚོགས་ཀྱིས་ཕྱིར་འཚོང་སྤྱི་གཉེར་བ་དང་། རྩིས་གཉེར་པ། བཟོ་སྐྲུན་ཡི་གེ་པ། ཚོང་གཉེར་པ། ཞབས་ཞུའི་བློ་འདྲི་སོགས་ཁྱོན་བསྡོམས་ལས་གནས་ཀྱི་ཆ་འཕྲིན 342 མཁོ་འདོན་དང་ལས་ཞུགས་མཁན 300 ལྷག་ལ་ཡུལ་དངོས་སུ་ངོ་འཕྲད་གྲོས་མོལ་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལས་བསྡུའི་ཚོགས་འདུའི་ཐོག་ཁུལ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་མཐུན་ཚོགས་དང་།མཚོ་སྔོན་ཞིང་ཆེན་གྱི་ལས་སྐྲུན་འཕེལ་རྒྱས་རུམ་ཆས་ཚད་ཡོད་ཀུང་སི། མཚོ་སྔོན་ཞིང་ཆེན་ཞིང་ལས་ཚན་ཁག་གི་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་སི།མཚོ་སྔོན་ཞིང་ཆེན་ཞི་ཞང་གཱ་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་ཀྱི་འཐུས་ཚབ་ཚོགས་པ་ཆེད་དུ་གདན་ཞུ་བྱས་ནས་ཉམས་མྱོང་མཉམ་སྤྱོད་དང་། སྲིད་ཇུས་འགྲེལ་བཤད། ལས་བསྡུ་སྒྲོག་སྤེལ། ལས་སྐྲུན་མཛུབ་སྟོན་སོགས་ཀྱི་བྱ་བའང་ལེགས་པོར་བསྒྲུབས་པ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།  2024.10.28


རང་རྫོང་གིས་རྒྱུ་ནོར་དོ་དམ་འགན་འཁྲིའི་རྩིས་བཤེར་ཚོགས་འདུ་བསྡུས།


ཡུལ་ཕྱིའི་ངལ་གསོ་ཁང་གིས་ངལ་རྩོལ་པ་རྣམས་ལ་སྟབས་བདེ་མང་པོ་བསྐྲུན།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章