སློབ་གསོའི་གསོ་སྦྱོང་འཛིན་གྲྭ་རྫོང་ཨུའི་ཏང་གི་སློབ་གྲྭར་ཚོགས།

文摘   2024-10-23 15:49   青海  
ཏང་ཡོན་མི་སྣ་ཏང་གི་སློབ་གྲྭར་བསྐྱོད་ནས་གཅིག་སྡུད་རེས་སྐོར་གསོ་སྦྱོང་དང་རོང་འབྲོག་ཏང་ཡོན་མི་སྣའི་ཕུགས་བསམ་དད་མོས་ཀྱི་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་རྫོང་ཨུའི་ཏང་གི་སློབ་གྲྭར་ཚོགས་མགོ་ཚུགས།
ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་སྲོལ་ཡིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རྫོང་ཡོངས་ཀྱི་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རང་རྫོང་གིས2024ལོའི་ལོ་འཁོར་གྱི་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་འཆར་གཞིའི་སྐོར་གྱི་བརྡ་ཐོ་གཞིར་བཟུང་ནས།ཟླ10ཚེས21ཉིན་ཏང་ཡོན་མི་སྣ་ཏང་གི་སློབ་གྲྭར་བསྐྱོད་ནས་གཅིག་སྡུད་རེས་སྐོར་གསོ་སྦྱོང་དང་རོང་འབྲོག་ཏང་ཡོན་མི་སྣའི་ཕུགས་བསམ་དད་མོས་ཀྱི་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་རྫོང་ཨུའི་ཏང་གི་སློབ་གྲྭར་ཚོགས་མགོ་ཚུགས་ཤིང་། སྲིད་འཛིན་སྡེ་བ་སྐོར་ཞིག་གི་རོང་འབྲོག་ཏང་ཡོན་མི་སྣ50ལྷག་ཐེངས་འདིའི་གསོ་སྦྱོང་སྟེང་དུ་ཞུགས།

ཐེངས་འདིའི་གསོ་སྦྱོང་གིས་བརྗོད་གཞིའི་མཐའ་དམ་པོར་བསྐོར་དེ་ཏང་ཡོན་མི་སྣའི་སློབ་གསོའི་གསོ་སྦྱོང་སྟེང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་མི་སྣའི་སློབ་གསོ་དོ་དམ་ལས་དོན་སྲོལ་ཡིག་སོགས་ཆེད་དོན་སློབ་ཚན་བཀོད་སྒྲིག་བྱས་ཤིང་།འཆད་འགྲེལ་གཏིང་ཟབ་པ་དང་མཐོང་རྒྱ་ཡངས་བ། ནང་དོན་ཞིབ་ཅིང་ཕྲ་བ་བཅས་ཀྱི་ཕུན་སུམ་ཚོགས་པའི་སློབ་ཁྲིད་བརྒྱུད་སློབ་མ་ཚོར་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་བརྟེན་ནས་སྙིང་སྟོབས་འཕེལ་བ། ཞི་ཅིང་ཕིང་གི་རིག་གནས་བསམ་བློའི་གཞི་རྩའི་དགོངས་དོན་དང་གཞི་རྩའི་ནང་དོན། གཞི་རྩའི་བླང་བྱ་བཅས་གཏིང་ཟབ་ངང་ཁོང་དུ་ཆུད་པར་ཁྲིད་སྟོན་བྱས་ཏེ།  སྲུང་སྐྱོང་གཉིས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དད་སེམས་འདུན་འགྱུར་མེད་དང་མི་དམངས་ཀྱི་བརྩེ་བ།ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་དངོས་ཐོག་བདེན་འཚོལ་གྱི་བྱ་སྤྱོད་བཅས་ལ་ངེས་ཤེས་ཟབ་མོ་བླངས་ནས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱས་ཏེ་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས་བཅས་ལ་གོ་བ་གཏིང་ཟབ་ལོན་པར་བྱས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཛིན་གྲྭའི་དོ་དམ་བྱ་ཐབས་སྐོར་གྱི་བརྡ་ཐོའི་དགོངས་དོན་དང་།ཞིང་ཆེན་དང་ཁུལ་སྒྲིག་ཨུའི་བྱེད་མི་ཆོག་པ་བཅུ་དང་གཏན་འགོག་བཅུའི་སྒྲིག་ཁྲིམས་ཀྱི་བླང་བྱ། དེ་མིན་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྫོང་ཨུའི་འབྲེལ་ཡོད་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། སློབ་མ་རྩ་འཛུགས་བྱས་ནས་ཐེངས་གསུམ་ལ་གླེང་མོལ་བྱས་ཏེ་སློབ་མའི་སྒྲིག་ཁྲིམས་དང་བདེ་འཇགས་ཁས་ལེན་ཡི་གེར་མིང་རྟགས་བཀོད་ནས། སློབ་ཁྲིད་སྐབས་ཀྱི་སློབ་ཞུགས་ཞིབ་བཤེར་དང་སློབ་ཁྲིད་དོ་དམ་ཇེ་ལེགས་སུ་བཏང་། སློབ་ཚན་འཆད་ཁྲིད་དང་བརྙན་གཟིགས་ལས་ཏང་གི་སློབ་ཁྲིད་ལ་ཉན་པ། ཕན་ཚུན་ཞིབ་བསྡུར་བྱེད་པ། ཡུལ་དངོས་སློབ་ཁྲིད་སོགས་སློབ་ཁྲིད་རྣམ་པ4བཀོད་སྒྲིག་བྱས་ནས་སློབ་མ་ཚོས་ཆེད་མཁས་པའི་སློབ་ཁྲིད་ལ་ཉན་པ་དང་བརྙན་རིས་ལ་ལྟ་བ།མཐོང་རྒྱ་ཆེ་རུ་གཏོང་བ་དང་མྱོང་ཚོར་སྤེལ་རེས་བཅས་ཀྱི་བརྒྱུད་རིམ་ཁྲོད་དད་མོས་ཀྱི་སྟོབས་ཤུགས་སྔར་ལས་བསྡུ་ལེན་དང་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་བཏང་ནས་རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།2024.10.21


རང་རྫོང་གིས་སྤྱི་སྐད་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས།


ཞོལ་མ་ཞང་འཕྲོད་བསྟེན་ཁང་གིས་བདེ་ཐང་བྱ་བར་སྐུལ་འདེད་བཏང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章