རྫོང་རུའི་གནའ་ཤུལ་ལ་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས།

文摘   2024-11-08 15:30   青海  

རང་རྫོང་གིས་རྫོང་རའི་གནའ་ཤུལ་ལ་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས།

རྨ་ཆུའི་འགྲམ་གྱི་མཐུན་སྒྲིལ་སྡེ་བར་ལོ་5600ཙམ་ལོན་པའི་རྫོང་རུའིགནའ་ཤུལ་གསར་རྙེད་བྱུང་ཞིངརྫོང་རའི་གནའ་ཤུལ་སྲུང་སྐྱོང་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་ཡོད་པ་རེད། སྔོན་དཔག་བྱས་པ་ལྟར་ན།ད་ལོའི་ལོ་མཇུག་ཏུ་འགྲེམས་སྟོན་གྱི་ཆ་རྐྱེན་ལེགས་འགྲུབ་བྱུང་ནས་སྤྱི་ཚོགས་ཡོངས་སུསྒོ་འབྱེད་བྱས་ཏེལོ་ངོ་སྟོང་གི་རྗེས་ཤུལ་འདིའི་གསང་བའི་ཡོལ་རས་དངོས་སུ་ཕྱེ་རྒྱུ་ཡིན་པ་རེད།

རྫོང་རུའི་རྗེས་ཤུལ་མཉམ་གནས་ཀྱི་སྤྱི་གླིང་འདིའི་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1642ལྷག་ཡོད་ལ།  རྗེས་ཤུལ་སྲུང་སྐྱོང་ས་ཁོངས་འདིར་ཁྱད་ཆོས་ལྡན་པའི་ལག་རྩལ་གསར་བ་རབ་དང་རིམ་བཟོས་པའི་དམིགས་བསལ་གྱི་བཟོ་སྐྲུན་མང་པོ་ཞིག་ཡོད་པས་དེས་སྤྱི་དམངས་ཡོངས་ལ་རྫོང་རུའི་རྗེས་ཤུལ་གྱི་ངོ་མཚར་ཆེ་བའི་ཡོལ་བ་ཕྱེ་ཡོད་པ་རེད།

རྫོང་རུའི་རྗེས་ཤུལ་སྤྱི་གླིང་དེ་འབའ་ལུང་ཞང་མཐུན་སྒྲིལ་སྡེ་བར་ཡོད་པ་དང་།1986ལོར་རྫོང་རུའི་རྗེས་ཤུལ་དེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས་སུ་ཁྱབ་བསྒྲགས་བྱས་པ་རེད། 2020ལོ་ནས་2024ལོ་བར་རྒྱལ་ཁབ་རིག་དངོས་ཅུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད།མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡིས་ཧོ་པེ་དགེ་ཐོན་སློབ་ཆེན་དང་ནན་ཅིང་སློབ་ཆེན་སོགས་དང་མཉམ་འབྲེལ་བྱས་ཏེ་རྫོང་རུའི་རྗེས་ཤུལ་ལ་རང་འགུལ་ངང་རྟོག་ཞིབ་སྔོག་འདོན་བྱས་པ་རེད། མིག་སྔའི་བར་སྔོག་འདོན་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ2700ཙམ་ཟིན་པ་དང་བང་སོ་15གཙང་སེལ་བྱས་ནས་རིགས་མི་འདྲ་བའི་རིག་དངོས330དང་གནས་རྫས་མེ་ཐབ་གཅིག་སྔོག་འདོན་བྱས་ཏེ་དེ་ལ་རྫོང་རུའི་ཐབ་ཀ་དང་པོ་ཞེས་པའི་མིང་བཏགས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད།རྫོང་རུའི་རྗེས་ཤུལ་སྔོག་འདོན་དང་སྲུང་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྫོང་རུའི་རྗེས་ཤུལ་གྱི་སྲུང་སྐྱོང་རང་བཞིན་ལྡན་པའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཇུས་གཞི་བཟོས་པ་དང་།ཇུས་གཞི་དེས་སྲུང་སྐྱོང་འགྲེམས་སྟོན་གྱི་རིན་ཐང་ལྡན་པའི་སྔོག་འདོན་ས་ཁོངས་ལ་སྲུང་སྐྱོང་བྱེད་པའི་བྱ་ཐབས་སྤྱད་དེ་སྲ་བརྟན་འཛུགས་སྐྲུན་གྱིས་སྔོག་འདོན་ས་ཁོངས་ལ་སྲུང་སྐྱོང་བྱས་ནས་གནའ་ཤུལ་ལ་རེག་མི་ཐུབ་པ་དང་ཆར་རླུང་གིས་གནོན་མི་ཐུབ་པར་བྱས་ཡོད་པ་རེད། 

འཛུགས་སྐྲུན་བྱེད་བཞིན་པའི་རྫོང་རུའི་རྗེས་ཤུལ་གྱི་སྲུང་སྐྱོང་རང་བཞིན་ལྡན་པའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ་ཤིང་གི་སྒྲོམ་སྐྱོར་དང་ལྕགས་ལས་གྲུབ་པའི་དེང་རབས་ཅན་གྱི་གནའ་རྫས་བཤམས་སྟོན་ཁང་འཛུགས་གྲུབ་བྱས་ཡོད་པ་རེད། རྒྱུན་མཐོང་གི་གནའ་རྫས་བཤམས་སྟོན་ཁང་དང་མི་འདྲ་བར་ཅུང་ཙམ་དམའ་བོར་ཆགས་ཡོད་པ་དེར་རྫོང་རུའི་གནའ་ཤུལ་དང་མཉམ་གནས་ཀྱི་ཁྱད་ཆོས་ལྡན་ཡོད། 

2023ལོའི་ཟླ་4ཚེས་28ཉིན་རྫོང་རུའི་གནའ་ཤུལ་སྲུང་སྐྱོང་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་མགོ་ཚུགས་ཤིང་།འཆར་འགོད་ལྟར་ན།རྫོང་རུའི་རྗེས་ཤུལ་གྱི་སྲུང་སྐྱོང་ལྡན་པའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞིའི་ཐབ་ཀ་དང་པོ་དང་འོབས་དོང་།གྲོ་ཐང་སོགས་སྲུང་སྐྱོང་ཚན་ཁག་5ཚུད་ཡོད་པ་དང་སྲུང་སྐྱོང་ཁེབས་ཚད་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ961.5ཟིན་ཡོད་པ་རེད། རྗེས་ཤུལ་ཡུལ་དངོས་སུ་མཐོང་ཐུབ་པ་ནི་སྨི་གྲུ་བཞི་མ་1641.03ཟིན་པའི་དེ་སྔའི་གནས་ཡུལ་སྲུང་སྐྱོང་ས་ཁོངས་ནང་རྣམ་པ་མི་འདྲ་བའི་བང་སོ་གསུམ་དང་ཚ་བསྲེགས་རྗེས་ཤུལ་ཡོད་པའི་ཐབ་ཀ  ལོ་རྒྱུས་ཀྱི་ཁུངས་སྣེ་གལ་ཆེན་ལྡན་པའི་འོབས་དོང་སོགས་ལ་སྲུང་སྐྱོང་བྱས་ཡོད་པ་རེད།

རྫོང་རུའི་རྗེས་ཤུལ་ལ་སྲུང་སྐྱོང་བྱེད་པའི་ལས་གཞིའི་སྔོན་སྐྱོད་པ་ཞིག་ཡིན་པའི་ངོས་ནས་རྫོང་རུའི་རྗེས་ཤུལ་གྱི་དེ་སྔའི་གནས་ཡུལ་སྲུང་སྐྱོང་དང་རྗེས་ཤུལ་སྤྱི་གླིང་གི་འཛུགས་སྐྲུན་འཁོར་སྐྱོད་སོགས་ནི་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཐོག་གི་ཐུན་མོང་ངོས་འཛིན་གྱི་དཔང་རྟགས་ཤིག་ཏུ་གྱུར་ཡོད་པ་རེད། 
རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་བཤད་རྒྱུར། རྫོང་རུའི་རྗེས་ཤུལ་གྱི་སྲུང་སྐྱོང་རང་བཞིན་ལྡན་པའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་དེ་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་རྫོང་རུའི་རིག་གནས་རྗེས་ཤུལ་སྤྱི་གླིང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད།རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་རྫོང་རུའི་རིག་གནས་རྗེས་ཤུལ་སྤྱི་གླིང་གི་འཛུགས་སྐྲུན་རིན་ཐང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་རེད། རྫོང་རུའི་རིག་གནས་གནའ་ཤུལ་སྲུང་སྐྱོང་དང་གསར་སྤེལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྨ་ཆུའི་རིག་གནས་དང་རྫོང་རུའི་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་དང་རྒྱ་ཆེར་བཏང་ནས་རྒྱལ་ཡོངས་དང་གོ་ལ་ཧྲིལ་པོར་རྫོང་རུའི་རིག་གནས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་བ་དང་ཆབས་ཅིག་ཏུ།ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་བཏང་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རང་རྫོང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.11.06


ལས་ཁུངས་དང་སྡོད་ཁུལ་གྱིས་ཏང་གི་ཉིན་མོའི་བརྗོད་དོན་བྱེད་སྒོ་སྤེལ།


སློབ་ཆེན་ལས་གཏོད་པ་གསུམ་གྱི་ཕུགས་འདུན་དོན་གཉེར་གྱི་ལམ་བུ།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章