ཐུན་ཏེས་འབའ་ཆུའི་བཞུར་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་བྱས།

文摘   2024-11-20 17:43   青海  
རྨ་ཆུའི་སྟོད་རྒྱུད་དུ་འབབ་པའི་ཐུན་ཏེའི་འབའ་ཆུའི་བཞུར་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་ལས་གཞི་མཇུག་སྒྲིལ་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་བླངས།
ཐུན་ཏེ་རྫོང་གི་རྨ་ཆུའི་སྟོད་རྒྱུད་དུ་འབབ་པའི་འབའ་ཆུའི་བཞུར་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་དུས་ཐེངས་གཉིས་པ་བདེ་བླག་ངང་ལས་མཇུག་སྒྲིལ་ཞིང་། ལས་གཞི་དེས་འབག་བཙོག་དངོས་པོ་ཕྱིར་འབུད་ཚད་ཇེ་ཉུང་དུ་གཏོང་བ་དང་། ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བ། རྨ་ཆུའི་སྤུས་ཚད་བརྟན་པོ་ཡོང་བར་འགན་ལེན་བྱེད་པ། འབའ་ཆུའི་འགྲམ་ངོགས་ཀྱི་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་མངོན་གསལ་བླངས་ཡོད།

རྨ་ཆུའི་སྟོད་རྒྱུད་དུ་འབབ་པའི་ཐུན་ཏེའི་འབའ་ཆུའི་བཞུར་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་དུས་ཐེངས་གཉིས་པར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་ས་ཡ་ལྔ་བཏང་བ་དང་། མ་དངུལ་ཡོང་ཁུངས་ལ་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་ཞིང་ཆེན་རིམ་པའི་སྔོན་རྩིས་ནང་གི་མ་འཇོག རྫོང་རིམ་པས་རང་གྲབས་བྱས་པ་བཅས་ཚུད་ཡོད་པ་རེད། ལས་གཞི་འཛུགས་སྐྲུན་བྱ་ཡུལ་དེ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་དང་ཐང་མགོ་གྲོང་རྡལ། འབའ་ལུང་ཞང་སོགས་ཀྱི་ས་ཁུལ་དུ་ཁྱབ་ཡོད་པ་རེད།

ལས་གཞི་དེའི་འཛུགས་སྐྲུན་གྱི་ནང་དོན་གཙོ་བོའི་གྲས་སུ་སྟོད་རྒྱུད་ཀྱི་མེ་རུ་ཁེ་འདུས་སྡོད་ཁུལ་ནས་སེང་ཁྲི་དགོན་པའི་བར་གྱི་ཆུ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་བཙོག་ཆུ་བཅོས་སྐྱོང་བཟོ་སྐྲུན། དབུས་རྒྱུད་ཀྱི་ཐུན་ཏེ་རྫོང་བཙོག་ཆུ་གཙང་སེལ་བཟོ་གྲྭའི་འཁྱིལ་ཆུ་གཙང་སེལ་ཐད་ཀྱི་མིས་བཟོས་བརླན་སའི་བཟོ་སྐྲུན། སྨད་རྒྱུད་ཀྱི་འབའ་ཆུ་དང་རྨ་ཆུའི་འདྲེས་མཚམས་ཀྱི་ཆུའི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན། དེ་བཞིན་འབའ་ཆུའི་འགྲམ་ངོགས་ཀྱི་འཐུང་ཆུའི་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟོ་སྐྲུན་བཅས་ཚུད་ཡོད་པ་རེད། ལས་གཞི་ཀྱི་དམིགས་ཚད་ནི་བཅོས་སྐྱོང་དང་ཉམས་གསོ་བྱས་པ་བརྒྱུད་འབག་བཙོག་དངོས་པོ་ཕྱིར་འབུད་བྱེད་པ་ཇེ་ཉུང་དུ་གཏོང་བ་དང་། ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བ། རྨ་ཆུའི་སྤུས་ཚད་བརྟན་པོ་ཡོང་བར་འགན་ལེན་བྱེད་པ། འབའ་ཆུའི་འགྲམ་ངོགས་ཀྱི་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བྱ་རྒྱུ་དེ་ཡིན་པ་རེད།

ལས་གཞི་དེ2021ལོའི་ཟླ10པའི་ཚེས་25ཉིན་མ་འཇོག་གི་འཆར་གཞི་ཐོབ་པ་ནས2022ལོའི་ཟླ12པའི་ཟླ་མཇུག་ཏུ་ཇུས་འགོད་ཨར་ལས་ཀྱི་སྤྱིའི་སྒྲུབ་འགན་གཙང་ལེན་ཡོངས་འགྲུབ་བྱས་ཤིང་། དེ་ནས2022ལོའི་ཟླ3པའི་ཟླ་མཇུག་ཏུ་ཇུས་འགོད་ཨར་ལས་བྱེད་མགོ་ཚུགས། 2022ལོའི་ཟླ6པའི་ཚེས20ཉིན་ཨར་ལས་སྔོན་གྱི་གྲ་སྒྲིག་ལས་དོན་ཡོངས་འགྲུབ་བྱས་ནས་དངོས་སུ་ཨར་ལས་དུས་མཚམས་སུ་སླེབས།  2022ལོའི་ཟླ6པའི་ཚེས28ཉིན་ཞིང་ཆེན་རིམ་པའི་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་རག་ཡོད་པ་རེད། ལས་གཞི་དེའི་སྤྱིའི་ལས་ཕྱོད་དམིགས་ཚད་ནང་ཆུའི་སྤུས་ཚད་སྲུང་སྐྱོབ་དང་འབག་བཙོག་དངོས་པོ་ཉུང་གཏོང་། སྐྱེ་ཁམས་སླར་གསོ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བཅས་ཀྱི་དམིགས་ཚད་ཚུད་ཡོད་པ་རེད། ལས་གཞི་དེའི་ཞིབ་ཕྲའི་དམིགས་ཚད་ནི་ཐུན་ཏེ་རྫོང་གི་འབའ་ཆུའི་བཞུར་རྒྱུད་ཀྱི་ས་ངོས་ཀྱི་ཆུའི་སྤུས་ཚད་དེ་ས་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི་ཁྲོད་ཀྱི་རིགས་གཉིས་པའི་ཆུའི་སྤུས་ཚད་ལ་སླེབས་པའམ་ཡང་ན་ལེགས་པོ་ཡོང་བར་འགན་ལེན་བྱ་རྒྱུ་དང་། བཟོ་སྐྲུན་རབ་དང་རིམ་པ་བརྒྱུད་དེ་ཆུའི་འབག་བཙོག་དངོས་པོའི་རིགས་ཕྱིར་འབུད་བྱེད་ཚད་ཇེ་ཉུང་དུ་གཏོང་བ། ཆུ་འགྲམ་གྱི་རང་བྱུང་བརླན་ས་སླར་གསོ་དང་མིས་བཟོས་བརླན་ས་འཛུགས་སྐྲུན། ཆུ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། ཆུ་རྒྱུད་ཀྱི་རྩི་ཤིང་སྲུང་སྐྱོབ་དང་ལྗང་བསྒྱུར་ལ་ཤུགས་བསྣན་ཏེ།  ཆུའི་སྐྱེ་ཁམས་ཀྱི་བྱེད་ནུས་ཇེ་མཐོར་གཏོང་བ་དང་ཆུའི་ཁོར་ཡུག་དང་ཆུའི་སྐྱེ་ཁམས་ལེགས་བཅོས་ཐད་ཀྱི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏང་རྒྱུ་རེད།

ལས་གཞི་ལག་བསྟར་བྱས་པ་དེས་འབའ་ཆུའི་བཞུར་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་རྨ་ཆུའི་སྤུས་ཚད་བརྟན་པོ་ཡོང་བར་འགན་ལེན་བྱེད་པ། འབའ་ཆུའི་འགྲམ་ངོགས་ཀྱི་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། ཕྱོགས་བསྡུས་བཅོས་སྐྱོང་དང་ཉམས་གསོ་བྱས་པ་བརྒྱུད་འབག་བཙོག་དངོས་པོ་ཕྱིར་འབུད་བྱེད་ཚད་ཇེ་ཉུང་དུ་གཏོང་ཐུབ་པ་དང་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་ཐུབ་པ་མ་ཟད། ད་དུང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་ཐུབ་པ་དང་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་ཐུབ།
རྨ་ཆུའི་སྟོད་རྒྱུད་དུ་འབབ་པའི་ཐུན་ཏེའི་འབའ་ཆུའི་བཞུར་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་དུས་ཐེངས་གཉིས་པ་ལས་མཇུག་སྒྲིལ་བ་དེས། ཐུན་ཏེ་རྫོང་གིས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ཉམས་གསོའི་ཐད་ཕན་འབྲས་མངོན་གསལ་བླངས་པ་མཚོན་ཡོད་ལ། ལས་གཞི་དེ་བརྒྱུད་ནས་ཐུན་ཏེ་རྫོང་གིས་འབའ་ཆུའི་བཞུར་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ནུས་ལྡན་ངང་ཇེ་ལེགས་སུ་གཏོང་བ་དང་རྨ་ཆུའི་སྤུས་ཚད་བརྟན་པོ་ཡོང་བར་འགན་ལེན་བྱེད་པ། འབའ་ཆུའི་འགྲམ་ངོགས་ཀྱི་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།  

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།2024.11.18


གཏིང་ཟབ་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ།


ཉེན་རྟོག་དང་སྨྱན་བྱད་མཉམ་འབྲེལ་གྱིས་ཞིབ་བཤེར་བཅོས་སྐྱོང་བྱས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章