དམངས་དོན་སེམས་སུ་བཅངས་ནས་ལས་འགན་གཉེར།

文摘   2024-10-25 17:34   青海  
དམངས་དོན་སེམས་སུ་བཅངས་ནས་ལས་འགན་གཉེར། དམངས་ཕན་དོན་བཟང་འགྲུབ་པས་ཡོང་སྒོ་མང་།
གྲོང་གསེབ་དར་རྒྱས་ཀྱི་འཆར་འགོད་ཆེན་པོའི་འོག་ཏུ། ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་འབའ་ཐང་བྱང་མ་སྡོད་ཁུལ་གྱིས་དུས་རབས་གསར་པའི་གདོང་ལེན་པ་ཞིག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་དཀའ་ངལ་སེལ་བ། དམངས་ལ་དོན་དངོས་སྒྲུབ་པ་བཅས་དམིགས་ཡུལ་དུ་བཟུང་ཡོད་ལ།  ཉེ་སྔོན། འབའ་ཐང་བྱང་མ་སྡོད་ཁུལ་གྱིས་ཁོ་ཚོའི་མཉམ་ལས་ཁང་གི་ཐོག་ཁང་དེ་ཡུན་རིང་བེད་མེད་དུ་བཞག་པ་དང་ཡོང་འབབ་མེད་པའི་གནད་དོན་ཐད་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ་མཚོ་སྔོན་ཞིང་ཆེན་ཧོང་ཡོན་གཞུང་ལམ་བཟོ་སྐྲུན་ཚད་ཡོད་ཀུང་སི་ལ་དུས་ཡུན་ལོ་གསུམ་རིང་གི་ཁང་པ་བོགས་མར་གཏོང་ལེན་གྱི་གན་རྒྱ་བཞག་པ་རེད། བྱེད་ཐབས་འདིས་ཁང་བ་ཕྱིར་གླ་དཀའ་བ་དང་། ཡོང་སྒོ་མེད་པའི་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཡོད་པ་མ་ཟད། མང་ཚོགས་ཀྱིས་རེ་སྒུག་ཡུན་རིང་བྱས་པའི་ལས་དོན་གལ་ཆེན་ཞིག་ཐག་གཅོད་བྱས་པ་དང་། སྡོད་ཁུལ་གྱི་མ་འོངས་པའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད།

མཉམ་ལས་ཁང་གི་ཐོག་ཁང་དེ་ནི་འབའ་ཐང་བྱང་མ་སྡོད་ཁུལ་གྱི་ཐོན་ལས་གལ་ཆེན་ཞིག་ཡིན་པའི་ཆ་ནས། དེ་ཇི་ལྟར་བེད་སྤྱོད་ཡག་པོ་བྱས་ནས་སྡོད་ཁུལ་གྱི་དཔལ་འབྱོར་ཡོང་སྒོ་ཅན་དུ་བསྒྱུར་བར་སྡོད་ཁུལ་གྱི་ལས་བཟོ་བ་ཡོངས་དང་མང་ཚོགས་ཚང་མས་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་ལ། ས་བབ་ཆགས་གནས་དང་ཚོང་རའི་ཁོར་ཡུག་སོགས་རྒྱུ་རྐྱེན་མང་པོའི་དབང་གིས། མཉམ་ལས་ཁང་གི་ཐོག་ཁང་དེ་བོགས་མར་གཏོང་བའི་གནད་དོན་དེ་ཡུན་རིང་ཐག་མ་ཆོད་པར་ལུས་ཡོད།

མཉམ་ལས་ཁང་གི་ཐོག་ཁང་བེད་མེད་དུ་ལུས་པའི་དཀའ་ངལ་གྱི་མདུན་དུ། འབའ་ཐང་བྱང་བ་སྡོད་ཁུལ་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་ལས་བྱེད་པ་རྣམས་ཀྱིས་བརྟག་དཔྱད་རྒྱུས་ལོན་ཐེངས་མང་བྱས་ཏེ། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་ཙོང་ཡོན་གཞུང་ལམ་བཟོ་སྐྲུན་ཚད་ཡོད་ཀུང་སི་དང་ཕྱིར་གླའི་གྲོས་ཆོད་ལ་གྲོས་མཐུན་བྱུང་བ་མ་ཟད། དུས་ཡུན་ལོ་གསུམ་རིང་ལ་ཁང་བ་བོགས་མར་གཏོང་བའི་གན་རྒྱ་བཞག་པ་དེས་མཉམ་ལས་ཁང་གི་ཐོག་ཁང་ལ་གཏན་འཇགས་ཀྱི་བོགས་དངུལ་ཡོང་འབབ་ཡོད་པ་དང་། བེད་མེད་དུ་བཞག་པའི་གནད་དོན་ཐག་གཅོད་བྱས་པས། མང་ཚོགས་རྣམས་ཀྱིས་སྡོད་ཁུལ་ལས་བྱེད་པའི་ཐུགས་ཁུར་དང་ལས་འགན་དང་དུ་བླངས་ནས་སྡོད་ཁུལ་བྱ་བ་བསྒྲུབས་པར་ཁས་ལེན་གང་ལེགས་ཐོབ།

ཁང་བ་བོགས་མར་གཏོང་ལེན་གྱི་གན་རྒྱ་བཞག་པ་ནི་འབའ་ཐང་བྱང་མ་སྡོད་ཁུལ་མཉམ་ལས་ཁང་ཐོག་ཁང་གི་བེད་མེད་གནད་དོན་ཐག་གཅོད་བྱས་པའི་གོམ་སྟབས་དང་པོ་ཡིན་ལ། སྡོད་ཁུལ་གྱིས་མུ་མཐུད་དུ་སྔར་ལས་ལྷག་པའི་སྒོ་ནས་ནུས་ཤུགས་འདོན་པ་དང་། ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ།ཕྱུག་འགྱུར་གྱི་ཐབས་ལམ་གསར་པར་སྣེ་ཁྲིད་བྱེད་པ། ངལ་རྩོལ་པ་བཀོད་སྒྲིག་སོགས་ཀྱི་བྱེད་སྒོ་མང་པོ་གཉེར་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་རོགས་རམ་དང་ཞབས་ཞུ་གང་ལེགས་སྒྲུབ་རྒྱུ་མ་ཟད། འབའ་ཐང་བྱང་མ་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཡི་མགོ་ཁྲིད་དང་སྡོད་ཁུལ་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མུ་མཐུད་རྒྱུན་འཁྱོངས་དང་། མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་ངག་སེལ་བ། སྡོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་འབད་འབུངས་བྱེད་བཞིན་འདུག

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.10.23


རང་རྫོང་གི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་ཟི་ལིང་དུ་བསྡུས།


སློབ་གསོའི་གསོ་སྦྱོང་འཛིན་གྲྭ་རྫོང་ཨུའི་ཏང་གི་སློབ་གྲྭར་ཚོགས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章