རླངས་འཁོར་ཞིབ་བཤེར་ཚད་ལེན་ས་ཚིགས་ཐོག་མ་ལས་གཉེར་བྱེད་མགོ་བརྩམས།

文摘   2024-11-06 17:23   青海  
རང་རྫོང་གི་སྣ་འཛོམས་རང་བཞིན་གྱི་རླངས་འཁོར་ཞིབ་བཤེར་ཚད་ལེན་ས་ཚིགས་ཐོག་མ་དངོས་སུ་ལས་གཉེར་བྱེད་མགོ་བརྩམས།
ཉེ་བའི་ལོ་འགའི་རིང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུད་ཆད་མེད་པར་མཐོར་འདེགས་སུ་སོང་བ་དང་བསྟུན་ནས་རླངས་འཁོར་གྱི་གྲངས་ཚད་ཡང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག་ལ། རླངས་འཁོར་ལ་ཞིབ་བཤེར་ཚད་ལེན་བྱེད་རྒྱུ་དེ་ཀུན་གྱིས་དོན་སྣང་བྱེད་པ་ཞིག་དུ་གྱུར་འདུག ད་ལོར་རང་རྫོང་གི་འཕྲུལ་སྒུལ་རླངས་འཁོར་ཞིབ་བཤེར་ཚད་ལེན་ས་ཚིགས་ཐོག་མ་དངོས་སུ་ལས་གཉེར་བྱེད་མགོ་བརྩམས་པ་དེས་མང་ཚོགས་ཀྱིས་རང་གི་རླངས་འཁོར་ལ་ཞིབ་བཤེར་བྱེད་པའི་ལས་དོན་སྒྲུབ་པར་སྟབས་བདེ་གང་མང་ཞིག་བསྐྲུན་ཡོད་པ་རེད།

གསར་དུ་བཙུགས་པའི་ཁ་བ་དཀར་པོ་འཕྲུལ་སྒུལ་རླངས་འཁོར་ཞིབ་བཤེར་ཚད་ལེན་ས་ཚིགས་ནི་རྫོང་མཁར་གསར་བར་ཡོད་ལ། ལས་སྒོའི་ཚོམས་ཆེན་དུ་མི་མང་པོ་ཞིག་གིས་རླངས་འཁོར་ཞིབ་བཤེར་གྱི་ལས་དོན་སྒྲུབ་བཞིན་འདུག ཕྱི་རོལ་གྱི་ཞིབ་བཤེར་ཁུལ་དུ་ལས་སྒྲུབ་མི་སྣས་རླངས་འཁོར་དག་ལ་གོ་རིམ་བཞིན་གློག་འོད་དང་འཁོར་མདའ། འཁོར་བསྒགས། ཞབས་སྒྲོམ་སོགས་ལ་ཞིབ་བཤེར་བྱེད་བཞིན་འདུག  

རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་བཤེར་ཚད་ལེན་ས་ཚིགས་འདིའི་སའི་རྒྱ་ཁྱོན་ལ་ས་མོའུ20ལྷག་ཡོད་ལ། སྤྱིའི་མ་དངུལ་སྒོར་བྱེ་བ་གཉིས་ལྷག་བཏང་ཡོད། དེ་རུ་ཕྱི་རོལ་གྱི་ཞིབ་བཤེར་ཁུལ་དང་བདེ་འཇགས་ཁུལ། ཁོར་སྲུང་ཞིབ་བཤེར་ཁུལ།  ཞིབ་བཤེར་སྒུག་གནས་ཁུལ། རླངས་འཁོར་སྡོད་གནས་ཁུལ། མགྲོན་པོའི་ངལ་གསོ་ཁུལ།  ཞབས་ཞུ་ཚོམས་ཆེན་སོགས་ཡོད་པ་རེད། དེ་རུ་རིགས་མི་འདྲ་བའི་ཞིབ་བཤེར་སྒྲིག་ཆས45ལྷག་ཡོད་ལ། རྒྱལ་ནང་གི་སྔོན་ཐོན་གྲངས་འཛིན་གཞི་གཅིག་ཅན་གྱི་ཞིབ་བཤེར་སྒྲིག་ཆས་སྤྱོད་བཞིན་འདུག  ཞིབ་བཤེར་གནས་གཞི་གཅིག་དུ་ཉིན་རེར་རླངས་འཁོར50ལྷག་ལ་ཞིབ་བཤེར་ཚད་ལེན་བྱེད་བཞིན་ཡོད་ལ། མགྲོན་པོ་མང་དུས་རླངས་འཁོར100ལྷག་ལ་ཞིབ་བཤེར་ཚད་ལེན་བྱེད་བཞིན་འདུག   ལོ་ཧྲིལ་བོར་འཕྲུལ་སྒུལ་རླངས་འཁོར་ཁྲི1ལྷག་ལ་ཞིབ་བཤེར་བྱེད་ཐུབ་ཅིང་། དེས་གྲུབ་འབྲས་ལྡན་པའི་སྒོ་ནས་རང་རྫོང་གི་ས་ཁུལ་ཡོངས་ཀྱི་མང་ཚོགས་ཀྱིས་རང་གི་སྒོ་འགྲམ་ནས་རླངས་འཁོར་ཞིབ་བཤེར་བྱེད་པའི་སྟབས་བདེ་ལོངས་སུ་སྤྱད་ཆོག་པ་རེད།

ཁ་བ་དཀར་པོ་འཕྲུལ་སྒུལ་རླངས་འཁོར་ཞིབ་བཤེར་ཚན་ལེན་ས་ཚིགས་ཀྱི་འགན་ལེན་པས་གསར་འགོར་པར་བཤད་རྒྱུར། རླངས་འཁོར་ཞིབ་བཤེར་གྱི་ལས་དོན་སྒྲུབ་པར་སྟབས་བདེ་ཡོང་བ་དང་ཡང་ན་ལས་ཚོགས་ལ་འགྲོ་བཞིན་པ་དང་ཡུལ་དངོས་སུ་ཡོང་བར་སྟབས་བདེ་མིན་པ་དག་ལ་སྐུལ་ལམ་དང་སྐད་འཕྲིན་སྤྱི་སྟེགས་སོགས་ནས་ཁ་ཆད་བྱེད་པའི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད།  དེས་ཡུལ་དངོས་སུ་སྒུག་ནས་སྡོད་དགོས་པའི་གནད་དོན་མེད་པར་བཏང་བ་དང་འབྲེལ་ལེགས་བཅོས་བཅོས་བསྒྱུར་དང་ས་ཚིགས་གཅིག་གི་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་པ་དེས་ཁ་ལོ་བའི་ཞིབ་བཤེར་མཇུག་འབྲས་ལ་སྒུག་པའི་དུས་ཚོད་ཡང་མེད་པར་བྱས་ནས། རླངས་འཁོར་ཞིབ་བཤེར་བྱེད་པར་གྲུབ་འབྲས་ལྡན་ཞིང་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རྫོང་ཡོངས་སུ་རླངས་འཁོར་ཁྲི་གཅིག་སྟོང་གཉིས་ལྷག་ཡོད་ལ། གསར་དུ་ལས་གཉེར་བྱས་པའི་ཞིབ་བཤེར་ས་ཚིགས་འདིས་རང་རྫོང་ལ་ཞིབ་བཤེར་ས་ཚིགས་མེད་པའི་སྟོང་ཆ་བསྐངས་ཡོད་པ་མ་ཟད། གཞན་ད་དུང་གྲུབ་འབྲས་ལྡན་པའི་སྒོ་ནས་རང་རྫོང་གི་མང་ཚོགས་ཀྱིས་རངས་འཁོར་ལ་ཞིབ་བཤེར་བྱེད་པའི་གནོད་ཤུགས་ཀྱང་ཇེ་ཆུང་དུ་བཏང་ནས། རྒྱང་ཆེའི་རླངས་འཁོར་ཞིབ་བཤེར་བྱེད་མཁན་དག་ལ་སྟབས་བདེ་དང་ལས་ཆོད་མཐོ་བ། སྤུས་ཚད་ལེགས་པའི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.11.04


རང་རྫོང་གིས་དཔལ་འབྱོར་བརྟན་འཕར་ཆེད་དོན་ཚོགས་འདུ་འཚོགས།


ཁུལ་ཨུའི་རྒྱུན་ཨུ་ཝང་ཧྥེང་གིས་རང་རྫོང་དུ་རྟོག་ཞིབ་གནང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章