རོགས་སྐྲུན་གནས་ཚུལ་བརྗོད། མཉམ་དུ་འཕེལ་རྒྱས་བརྩོན།

文摘   2024-11-20 17:43   青海  
རང་རྫོང་གི་ཏང་སྲིད་འཐུས་མི་ཚོགས་པ་ཀྲུང་གོ་པའོ་ཝུའུ་སྡེ་ཚོགས་ལ་འཚམས་འདྲི་གནང་། 
ཟླ11པའི་ཚེས13ཉིན།རྫོང་ཨུའི་ཧྲུའུ་ཅི་མྰ་ཞའོ་ཝེ་ཡིས་སྣེ་ཁྲིད་པའི་རང་རྫོང་གི་ཏང་སྲིད་འཐུས་མི་ཚོགས་པ་འཁོར་དང་བཅས་པ་ཀྲུང་གོ་པའོ་ཝུའུ་རྣོ་ལྕགས་སྡེ་ཚོགས་ཚད་ཡོད་ཀུང་ཟིར་བསྐྱོད་ནས་ཧྲང་ཧའེ་རུ་པའོ་ཝུའུ་སྡེ་ཚོགས་ཀྱིས་རང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐད་ཀྱི་བཞུགས་མོལ་བརྗེ་རེས་ཀྱི་གྲོས་ཚོགས་བསྡུས་ཏེ།ཐོན་ཁུངས་ཀྱི་ལེགས་ཆར་གཞི་འཛུགས་པ་དང་ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ།མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་སྤེལ་རེས་གནང་།  པའོ་ཝུའུ་སྡེ་ཚོགས་འཐབ་ཇུས་འཆར་འགོད་པུའུ་སྤྱིའི་འགན་འཛིན་པའམ་གྲོང་གསེབ་དར་སྤེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཆིན་ཁྲང་ཏིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གནང་བ་དང་རྫོང་ཨུའི་ཧྲུའུ་ཅི་མྰ་ཞའོ་ཝེ་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད།

ཆིན་ཁྲང་ཏིན་གྱིས་ཀྲུང་གོ་པའོ་ཝུའུ་སྡེ་ཚོགས་ཀྱི་ཚབ་བྱས་ནས་རང་རྫོང་གི་ཏང་སྲིད་འཐུས་མི་ཚོགས་པར་དགའ་བསུ་གནང་བ་མ་ཟད། ཀྲུང་གོ་པའོ་ཝུའུ་སྡེ་ཚོགས་ཀྱི་ད་ལྟའི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་གནང་། ཁོས་བསྟན་དོན། ཐུན་ཏེ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་པའོ་ཝུའུ་སྡེ་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པའི་ཁྱོན་ཡོངས་ཀྱི་ལག་ལེན་ཞིག་ཡིན་ལ། དུས་ཡུན་རིང་པོའི་ནང་པའོ་ཝུའུ་སྡེ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་ཁ་གཏད་རོགས་སྐྱོར་ལས་དོན་སྐྱོར་གྱི་རྒྱས་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐུན་ཏེའི་དགོས་མཁོ་དང་པའོ་ཝུའུ་ཡི་ནུས་པ་གཉིས་གཅིག་གྱུར་ཡོང་བ་བྱས་ནས་དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས། སྤྱི་བའི་ཞབས་ཞུའི་ནུས་པ་མཐོར་གཏོང་།སློབ་གསོ་དང་སྨན་བཅོས། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ཁྲོད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་གཉིས་ཀྱིས་མཉམ་དུ་ལག་རྡང་སྦྲེལ་ནས་གཉིས་ཕན་གཉིས་རྒྱལ་གྱི་ཁ་གཏད་རོགས་སྐྱོར་ལས་དོན་བཟང་པོར་སྒྲུབ་དགོས་པ་དང་ཁོས་ད་དུང་པའོ་ཝུའུ་སྡེ་ཚོགས་ཀྱིས་མུ་མཐུད་དུ་མ་དངུལ་དང་ཤེས་ལྡན་མི་སྣ་སོགས་ཐོན་ཁུངས་ཐད་ཤུགས་བསྣན་ནས་ཐུན་ཏེའི་ལས་བྱེད་མང་ཚོགས་དང་མཉམ་དུ་སེམས་པ་གཅིག་མཐུན་གྱིས་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བཅས་བྱས་ནས་ཐུན་ཏེ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་རྒྱུ་ཡིན་པར་བསྟན། 

མཱ་ཞའོ་ཝུའེ་ཡིས་ཐུན་ཏེ་རྫོང་ཨུའི་ཚབ་ཞུས་ནས་པའོ་ཝུའུ་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་ཐུན་ཏེ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་སྙིང་ཁུང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུས་ཏེ། ཐུན་ཏེ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་དང་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་མ་ཟད།ལས་རིམ་རྗེས་མའི་ཁ་གཏད་རོགས་སྐྱོར་ལས་དོན་ཐད་བསམ་འཆར་དང་གྲོས་གཞི་བཏོན་པ་རེད། ཁོས་བསྟན་དོན། 2013ལོར་པའོ་ཝུའུ་སྡེ་ཚོགས་ཀྱིས་ཐུན་ཏེ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་པའོ་ཝུའུ་སྡེ་ཚོགས་ཀྱིས་དབུལ་ཐར་འགག་སྒྲོལ་དང་དམངས་འཚོ་ལེགས་བཅོས།ཐོན་ལས་མཉམ་ལས།སྐྱེ་ཁམས་འཛུགས་སྐྱོང་སོགས་ལ་དམིགས་ནས་གནད་འཁེལ་ཤུགས་འདོན་གྱིས་དོན་དངོས་ལག་ལེན་དང་བརྩེ་འདང་ཟབ་མོ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་རྨང་གཞི་བརྟན་པོ་བཏིང་ཞིང་།ཕུགས་ལ་ཕན་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རོགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་ལགབསྟར་བྱས་ནས། ཐུན་ཏེ་རྫོང་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་རོང་འབྲོག་པའི་ལས་ཞུགས་ཐོན་འཕར་གྱི་ཐབས་ལམ་གསར་གཏོད་བྱས་ནས་རྫོང་ཁོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་ཡོད་པར་བསྟན། ཁོས་དུ་དུང་ལོ་བཅུ་གཅིག་རིང་ཞིང་ཆེན་དང་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་དང་པའོ་ཝུའུ་སྡེ་ཚོགས་ཀྱི་བྱམས་བརྩེའི་རོགས་སྐྱོར་འོག་ཐུན་ཏེ་རྫོང་གི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་པའོ་ཝུའུ་དང་ཐུན་ཏེ་རོགས་སྐྲུན་བྱེད་པའི་བརྒྱུད་རིམ་ལས་བརྩེ་འདང་ཟབ་མོ་ཆགས་ཡོད་པ་དང་། ལས་རིམ་རྗེས་མར་ཐུན་ཏེ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གསུམ་གནང་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་མུ་མཐུད་དུ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་པའོ་ཝུའུ་སྡེ་ཚོགས་དང་མཉམ་ལས་སྤེལ་རེས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། ཕྱོགས་གཉིས་པོའི་ལེགས་ཆར་གཞི་འཛུགས་པ་དང་ཕྱོགས་གཉིས་པོའི་གཉིས་ཕན་གཉིས་རྒྱལ་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ཐཱན་འདུས་ཉོ་ཚོང་བྱེད་པ། སློབ་གསོ་དང་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་དུ་མཉམ་ལས་གཏིང་ཟབ་བྱས་ཏེ། ས་གནས་གཉིས་གྱི་སྤེལ་རེས་དང་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པར་བསྟན།

ཟླ11ཚེས14ཉིན་ཏང་སྲིད་འཐུས་མི་ཚོགས་པ་འཁོར་དང་བཅས་པ་ཧྲང་ཧའེ་ཀྲུང་ཁྲན་ཡོན་ཐུང་ཚན་རྩལ་སྡེ་ཚོགས་དང་ཧྲང་ཧའེ་ཁོར་ཡུག་ཚན་རྩལ་ཚད་ཡོད་ཀུང་ཟི་སོགས་སུ་བསྐྱོད་དེ་ཡུལ་དངོས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་ཐཱན་འདུས་ཉོ་ཚོང་སོགས་བྱ་བར་རྟོག་ཞིབ་དང་གྲོས་བསྡུར་བྱས་པ་རེད། རྫོང་རིམ་པའི་མགོ་ཁྲིད་ཝང་ཧའེ་དང་ཝང་ཅང་ཐའོ། ཀྲའོ་ཐུང་དབྱིན། ཝང་ཆིང་ཁྲེང་བཅས་བཞུགས་མོལ་ཚོགས་འདུ་དང་རྟོག་ཞིབ་བྱེད་སྒོར་ཞུགས་པ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།2024.11.18


གཏིང་ཟབ་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ།


ཉེན་རྟོག་དང་སྨྱན་བྱད་མཉམ་འབྲེལ་གྱིས་ཞིབ་བཤེར་བཅོས་སྐྱོང་བྱས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章