རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རྣམ་གྲངས་བྱ་བར་རྟོག་ཞིབ་གནང་།

文摘   2024-10-30 17:59   青海  
རྫོང་མི་དམངས་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རྣམ་གྲངས་ཀྱི་ལས་ཡུལ་འདེམས་པའི་བྱ་བར་རྟོག་ཞིབ་གནང་།

ཟླ10ཚེས28ཉིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་འཁོར་དང་བཅས་པས་ཞང་དང་གྲོང་རྡལ་གྱི་ལས་བྱེད་པའི་སྡོད་ཁང་འཛུགས་སྐྲུན་དང་འཛུགས་སྐྲུན་གད་སྙིགས་སྦས་ཡུལ། ཚོང་བའི་ཨར་ལས་ས་ཚིགས་བཅས་ཀྱི་རྣམ་གྲངས་ལས་ཡུལ་འདེམས་པའི་ཡུལ་དངོས་བཅས་ལ་རྟོག་ཞིབ་གནང་བ་རེད། རྫོང་ཨུའི་རྒྱུན་ཨུའམ་རྒྱུན་ལས་རྫོང་དཔོན་གཞོན་པ་བང་ཡིག་ཡེའེ་དང་རྫོང་ཨུའི་རྒྱུན་ཨུའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བརྩོན་འགྲུས། རྫོང་དཔོན་གཞོན་པ་འབྲུག་སེང་རྒྱལ། དེ་མིན་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་ཀྱིས་འགྲོ་རོགས་གནང་།
དབང་ཕྱུག་འཁོར་དང་བཅས་པ་སྔ་རྗེས་སུ་ཞང་དང་གྲོང་རྡལ་གྱི་ལས་བྱེད་པའི་སྡོད་ཁང་འཛུགས་སྐྲུན་དང་འཛུགས་སྐྲུན་གད་སྙིགས་སྦས་ཡུལ། ཚོང་བའི་ཨར་ལས་ས་ཚིགས་བཅས་ཀྱི་རྣམ་གྲངས་ལས་ཡུལ་འདེམས་པའི་ཡུལ་དངོས་བཅས་སུ་སོང་ནས། རྣམ་གྲངས་ཀྱི་ལས་ཡུལ་འདེམས་པའི་ཚན་རིག་རང་བཞིན་དང་རྒྱང་ལྟའི་རང་བཞིན་ལ་རྟོག་ཞིབ་གཏིང་ཟབ་གནང་ཞིང་། རྣམ་གྲངས་ཀྱི་ལས་ཡུལ་འདེམས་པའི་ཐད་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་འབྲེལ། ཡུལ་དངོས་སུ་འབྲེལ་ཡོད་གནས་ཚུལ་ལ་དཔྱད་བསྡུར་དང་བསམ་ཚུལ་བཏོན་པ་རེད།
ཞང་དང་གྲོང་རྡལ་གྱི་ལས་བྱེད་པའི་སྡོད་ཁུལ་འཛུགས་སྐྲུན་གྱི་རྣམ་གྲངས་ལས་ཡུལ་འདེམས་པའི་ཡུལ་དངོས་སུ་དབང་ཕྱུག་གིས་བསྟན་དོན། ཞང་དང་གྲོང་རྡལ་གྱི་ལས་བྱེད་པའི་སྡོད་ཁང་དེ་གཞི་རིམ་ལས་བྱེད་པའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པར་འབྲེལ་བ་ཡོད་ལ། དེ་ནི་ང་དང་གྲོང་རྡལ་གྱི་གཞི་རིམ་སྟོབས་ཤུགས་ཇེ་བརྟན་དུ་གཏོང་བ་དང་གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།  སྡོད་ཁང་གི་ད་ལྟའི་གནས་ཚུལ་དང་གནས་པའི་གནད་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་ང་དང་གྲོང་རྡལ་གྱི་ལས་བྱེད་པའི་བསམ་འདུན་དུས་ཐོག་ཏུ་བསྡུ་ལེན་བྱས་ནས། ཚན་རིག་དང་མཐུན་པའི་ཇུས་འགོད་དང་ལུགས་མཐུན་གྱི་འཆར་འགོད་བྱས་ཏེ། སྔ་མོ་ནས་ལས་མགོ་བརྩམས་ནས་སྔ་མོ་ནས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་པ། སྡོད་ཁང་གི་བྱེད་ནུས་རང་བཞིན་དང་བེད་སྤྱོད་རང་བཞིན་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་གྱི་ལས་བྱེད་པར་སྤུས་ཚད་མཐོ་བའི་བྱ་བའི་ཁོར་ཡུག་དང་འཚར་ལོངས་ཀྱི་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་ཏེ། གཞི་རིམ་ལས་བྱེད་པ་སྔ་མོ་ནས་དྲོ་སྐྱིད་ལྡན་པའི་ཁང་བར་བསྡད་ནས། ལས་བྱེད་ལས་བཟོ་བ་རང་རྫོང་རུ་གཞི་ཚུགས་པར་ངར་སློང་བྱས་ཏེ། ལས་སྒྲུབ་གསར་སྐྲུན་གྱི་སྤྲོ་སེམས་འཕེལ་བར་བྱེད་དགོས་པར་བསྟན།

འཛུགས་སྐྲུན་གད་སྙིགས་སྦས་ཡུལ་རྭ་བ་འདེམས་སྐབས།དབང་ཕྱུག་གིས་བསྟན་དོན།འཛུགས་སྐྲུན་གད་སྙིགས་སྦས་ཡུལ་རྭ་བ་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས།འཛུགས་སྐྲུན་གད་སྙིགས་བཅོས་སྒྲིག་བྱེད་པའི་རྙོག་འཛིང་རྣམ་པར་འགྱུར་ལྡོག་ནུས་ལྡན་གཏོང་ཐུབ་ལ།འབྲེལ་ཡོད་སྡེ་ཁག་གིས་ས་ཚིགས་བཀོད་སྒྲིག་ལ་དབྱེ་ཞིབ་ནན་ཏན་བྱེད་པ་དང་རྫོང་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དཔྱད་གཞིར་བཟུང་ནས་ཡིན་རིང་གཏན་གནས་དང་ཤོང་ཚད་ནུས་དང་།སྐྱེ་ཁམས་སྲུང་སྐྱོང་།སྐྱེལ་འདྲེན་མ་གནས་སོགས་རྒྱུ་རྐྱེན་གཙོ་བོར་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་འཛུགས་སྐྲུན་གད་སྙིགས་སྦས་ཡུལ་རྭ་བ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས་པར་བསྟན།
དེའི་རྗེས་དབང་ཕྱུག་ཚོང་བའི་ཨར་ལས་ས་ཚིགས་རྣམ་གྲངས་ཀྱི་ལས་ཡུལ་འདེམས་སར་བསྐྱོད་དེ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་མ་ཟད།ཁོས་བསྟན་དོན།ཚོང་ལས་ཨར་ལས་ས་ཚིགས་ལུགས་མཐུན་ངང་འདེམས་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འབྲེལ་བ་ངེས་ཅན་ཞིག་ཡོད་པས། ས་བབས་ཀྱི་ཁོར་ཡུག་དང་སྐྱེལ་འདྲེན་ཆ་རྐྱེན། ཆུ་གློག་མཁོ་འདོན་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་བསམ་གཞིགས་ནན་མོ་བཏང་སྟེ།འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་བཞག་ནས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ནུས་ལྡན་སྤྱད་དེ། ཐལ་རྡུལ་དང་འཛེར་སྒྲ་སོགས་ཀྱི་སྦགས་བཙོག་ཉུང་དུ་བཏང་ནས་མཐའ་འཁོར་གྱི་ཁོར་ཡུག་སྤུས་ཚད་ལ་འགན་ལེན་བྱེད་དགོས་པར་བསྟན།

དབང་ཕྱུག་གིས་ནན་གྱིས་བསྟན་དོན།འབྲེལ་ཡོད་སྡེ་ཁག་དག་གིས་རྣམ་གྲངས་དེ་དག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བྱེད་པ་དང་།ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་རྣམ་གྲངས་ཀྱི་དུས་འགོའི་འཆར་འགོད་དང་ལས་ཡུལ་འདེམས་པའི་ལས་དོན་ནན་ཏན་གྱིས་ཡག་པོ་བསྒྲུབས་པ།སྔར་ལས་ལྷག་པའི་སྒོ་ནས་རྣམ་གྲངས་ཀྱི་ཆོག་འཐུས་རང་བཞིན་ལ་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གོང་རིམ་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་ས་ཆ་དང་འགྲིམ་འགྲུལ། སྐྱེ་ཁམས་ཁོར་ཡུག སྒྲིག་ཆས་སོགས་རྒྱུ་རྐྱེན་སྣ་ཚོགས་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་རྣམ་གྲངས་ལས་ཡུལ་འདེམས་རྒྱུ་དེ་ཁྲིམས་མཐུན་དང་སྒྲིག་མཐུན། ལུགས་མཐུན་བཅས་ཡོང་བར་འགན་ལེན་བྱས་ནས། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ནན་ཏན་གྱིས་བསྒྲུབས་ཏེ་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པར་བསྟན།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།  2024.10.28


རང་རྫོང་གིས་རྒྱུ་ནོར་དོ་དམ་འགན་འཁྲིའི་རྩིས་བཤེར་ཚོགས་འདུ་བསྡུས།


ཡུལ་ཕྱིའི་ངལ་གསོ་ཁང་གིས་ངལ་རྩོལ་པ་རྣམས་ལ་སྟབས་བདེ་མང་པོ་བསྐྲུན།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章