ཐུན་ཏེས་སློབ་རར་ཚན་རྩལ་ཁྱབ་གདལ་གཏོང་བའི་འཁྲབ་སྟོན་བྱེད་སྒོ་སྤེལ།

文摘   2024-11-15 16:30   青海  

རང་རྫོང་གིས་ཚན་རྩལ་ཁྱབ་གདལ་གཏོང་བ་དྲུག་དང་སློབ་རར་ཚན་རྩལ་ཁྱབ་གདལ་གཏོང་བའི་འཁྲབ་སྟོན་བྱེད་སྒོ་སྤེལ།

ཟླ11པའི་ཚེས13ཉིན། རྫོང་ཚན་རྩལ་མཐུན་ཚོགས་དང་རྫོང་གྲངས་ཉུང་མི་རིགས་ཚན་རྩལ་ཁྱབ་གདལ་རུ་ཁག རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་སོགས་ཀྱིས་མཉམ་འབྲེལ་སྒོས་ཞོལ་མ་ཞང་སྟག་གསོད་བཅའ་སྡོད་སློབ་གྲྭར2024རང་རྫོང་གི་ཚན་རྩལ་ཁྱབ་གདལ་དྲུག་དང་སློབ་རར་ཚན་རྩལ་ཁྱབ་གདལ་གཏོང་བའི་འཁྲབ་སྟོན་བྱེད་སྒོ་སྤེལ་ཏེ། སློབ་གྲྭ་དེའི་སློབ་མ540ལ་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་གསར་རྐྱང་གི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ནས་སློབ་མ་ཚོའི་ཡུལ་དངོས་སུ་ཚན་རྩལ་ཁྱབ་གདལ་གྱི་སྤྲོ་སྣང་ལ་མཉམ་ཞིབ་དང་ཚན་རྩལ་ཁྱབ་གདལ་གྱི་མཛེས་སྡུག་ལ་མྱོང་རོལ་བྱས། 

ཡུལ་དངོས་སུ་རྫོང་གྲངས་ཉུང་མི་རིགས་ཚན་རྩལ་ཁྱབ་གདལ་རུ་ཁག་གི་ཚན་རྩལ་ཁྱབ་རྡལ་སྒྲོག་བཤད་མི་སྣས་རྒྱལ་གཅེས་དང་གསར་སྐྲུན།བདེན་འཚོལ་དང་སྐྱེས་འབུལ།མཐུན་སྦྱོར་དང་མི་སྣ་གསོ་སྐྱོང་སོགས་ཚན་རིག་པའི་བསམ་བློར་དམ་པོར་དམིགས་ནས་དགེ་སློབ་ཡོངས་ལ་རང་རྒྱལ་གྱི་རླབས་ཆེན་ཚན་རིག་མཁས་ཅན་མང་པོའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་ཁྱད་དུ་འཕགས་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།འབར་མདེལ་གཉིས་དང་འཁོར་སྐར་གཅིག་གསར་བཟོ་བྱེད་མཁན་གྱི་བྱས་རྗེས་ཅན་གྱི་མི་སྣ་ཚོས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་གཞག་ཆེད་ཁ་རོག་གེར་ལེགས་སྐྱེས་གང་མང་ཕུལ་ཡོད་ལ།ཚན་རིག་པ་ཐུའུ་ཡིའུ་ཡིའུ་གིས་འདར་ནད་ཀྱི་དཀའ་གནད་སེལ་ཆེད་ཚོད་ལྟ་ཐེངས་མང་བྱས་པའི་ཚན་རིག་པའི་གཏམ་རྒྱུད་ནི་འོད་མདངས་འཕྲོ་བའི་སྐར་ཆེན་དང་འདྲ་བར་སློབ་གྲོགས་ཚོའི་ཚན་རིག་གི་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུ་གསལ་བར་བྱས་ཡོད། 

ངོ་མཚར་ཆེ་བའི་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཡུལ་དུ་སློབ་གྲོགས་ཚོ་ཡ་མཚར་ནས་ལྟོད་མོར་བལྟས་ཤིང་།སྒྲོག་འགྲེལ་པའི་ལག་ཏུ་མེ་ལྕེ་འུར་འུར་དུ་འབར་བ་དང་མ་ཏེ་པའོ་ཕྱེད་སྒོར་ཚོད་ལྟའི་དྲག་ཤུགས་ཀྱི་གསང་བ་གསལ་སྟོན་བྱེད་སྐབས་སློབ་མ་རྣམས་ཧང་སངས་པར་གྱུར། འཕྲུལ་ཆས་མི་སྣའི་འཁྲབ་སྟོན་གྱིས་སློབ་མ་ཚོའི་མིག་རྒྱ་བསྐྱེད་ལ།མཁའ་རླུང་མེ་སྒྱོགས་དང་ཆུ་ཤུགས།མེ་ཤུགས་འཕུར་མདའ་སོགས་ཀྱི་ཚན་རིག་ཁྱབ་གདལ་འཁྲབ་སྟོན་གྱིས་ཚན་རྩལ་གྱི་ངོ་མཚར་དང་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་རིགས་མི་འདྲ་བའི་་ཚན་རིག་ཁྱབ་གདལ་གྱི་དཔེ་དེབ600ལྷག་དང་།རིག་གནས་ཡོ་ཆས600 DIYཚན་རྩལ་སྒྲིག་ཆས་ཆ་ཚང300ལྷག་བྱིན་པ་རེད།

ཐེངས་འདིའི་ཚན་རིག་ཁྱབ་གདལ་སློབ་གྲྭར་སྤེལ་བའི་བྱེད་སྒོ་དེས་སློབ་མ་ཚོར་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དངོས་སུ་རོལ་མྱོང་བྱེད་དུ་བཅུག་པ་མ་ཟད། ཁོ་ཚོའི་སེམས་སུ་ཚན་རིག་ལ་དགའ་བའི་ས་བོན་བཏབ་ནས་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་མཐོ་འདེགས་དང་ཚན་རིག་གི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་རམ་བྱས་པ་རེད། ལས་རིམ་རྗེས་མར།  རྫོང་གྲངས་ཉུང་མི་རིགས་ཚན་རྩལ་ཁྱབ་གདལ་རུ་ཁག་གིས་ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་སློབ་མ་ཚོས་ཕན་ཚུན་བར་ལ་ཚན་རིག་གི་འགུལ་རྣམ་གནས་ཚུལ་མཉམ་སྤྱོད་བྱེད་པ་དང་སློབ་མ་ཚོར་རླབས་ཆེན་ཕུགས་བསམ་གསོ་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ནས་ཚན་རིག་གི་བྱང་ཚད་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ་ཡིན་པ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།2024.11.13


རྫོང་ཨུའི་འཐབ་ཕྱོགས་པུའུ་ཡིས་བཟའ་བཏུང་ལས་སྒྲུབ་པར་འཚམས་འདྲི་བྱས།


རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章