རང་རྫོང་གི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་ཟི་ལིང་དུ་བསྡུས།

文摘   2024-10-23 15:49   青海  
རང་རྫོང་གི་ཞིང་ཕྱུགས་དང་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་ཟི་ལིང་གྲོང་ཁྱེར་ནས་བསྡུས
ཟླ 10 པའི་ཚེས 18 ཉིན། རྫོང་རུའི་འབྱུང་ཡུལ། གནས་མཆོག་འབའ་རྫོང་གི་ཞིང་ཕྱུགས་དང་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་རྫས་ཀྱི་སྟོན་དུས་འགྲེམ་ཚོང་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཤིང་། རང་རྫོང་གི་ཁེ་ལས 20 ལྷག་གིས་ཞིང་ཕྱུགས་ཐོན་རྫས་དང་། ཁྱད་ལྡན་རིག་གནས་ཐོན་རྫས། རྒྱན་གོས་སོགས་ཀྱི་ཐོན་རྫས་འགྲེམས་སྟོན་བྱས། འགྲེམ་ཚོགས་ཀྱི་དམིགས་ཡུལ་ནི་ཐོན་ལས་འཕེལ་རྒྱས་གཏོང་བའི་འབྲེལ་མཐུད་སྟེགས་བུར་བརྟེན་ནས་མཁོ་འཚོང་འབྲེལ་བ་འཛུགས་པ་དང་ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། རང་རྫོང་གི་མགྱོགས་མྱུར་སྒོས་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་གཏོང་བའི་འཆར་འགོད་ལ་སྐུལ་འདེད་གཏོང་བ་དང་།  ཁེ་ལས་ཀྱི་གནད་ཕིགས་ཐོན་ལས་འཕེལ་རྒྱས་ལམ་བུར་ཤུགས་སྣོན་པ། ཕྱོངས་ཡོངས་ནས་ཞང་སྡེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

འགོ་ཚུགས་མཛད་སྒོའི་སྟེང་། མཚོ་སྔོན་དགེ་འོས་སློབ་ཆེན་ས་ཁམས་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཧོའུ་ཀོང་ལེང་གིས་རང་ཉིད་ཀྱིས་བརྩམས་པའི་རྫོང་རུའི་རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་ཞེས་པའི་དཔེ་ཆ་དེ་རིན་མེད་ངང་ཞལ་འདེབས་སུ་ཕུལ་ཞིང་།དཔེ་ཆ་འདིའི་ནང་དུ་རྫོང་རུ་རིག་གནས་རྒྱབ་ལྗོངས་བྱས་ཏེ་རྨ་ཆུའི་འབབ་རྒྱུད་ཀྱི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆགས་པའི་དམིགས་བསལ་གྱི་ལོ་རྒྱུས་ལམ་བུ་ཕྱིར་མངོན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་གཏོང་བ་དང་། རིག་གནས་ཡིད་རྟོན་ཡང་དག་ཅན་དུ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་དུས་རབས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད།

བྱེད་སྒོའི་ཡུལ་དངོས་སུ། ངོ་མཚར་ཆེ་བའི་གླུ་གར་འཁྲབ་སྟོན་བྱས་པ་དེས་གྲོང་ཁྱེར་གྱི་ལྟད་མོ་བ་མི་ཉུང་བ་ཞིག་གི་ཡིད་དབང་རབ་ཏུ་བཀུག གཞན་ཡང་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ས་གནས་སུ་ཁེ་ལས་སྡེ་ཁག་དང་མཉམ་ལས་ཁང 20 ཡི་ཁྱད་ལྡན་ཐོན་རྫས་བཤམས་ཤིང་། སྐམས་ཤའི་རྒྱ་ཁོག་དང་ལུག་ཤའི་ཤ་ཁོག་བསྲེགས་མ།  སྦི་རག་བསྙལ་མ། ནས་ཆང་། འོ་མ་དང་ཞོ་སོགས་ཁྱད་ཆོས་ལྡན་པའི་ཟས་རིགས་ཐོན་རྫས་ལ་འཛད་སྤྱོད་མང་པོས་རིན་གོང་འདྲི་བཞིན་ཉོ་འཚོང་བྱེད་བཞིན་འདུག

ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་མཐུད་སྟེགས་བུར་དམིགས་ཏེ། མཁོ་འཚོང་འབྲེལ་བ་འཛུགས་པ་དང་། ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་སྒྲིལ་བ། འཕེལ་རྒྱས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཆེད་ཡིན་པས། རང་རྫོང་གིས་མགྱོགས་མྱུར་ངང་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་དང་ཐོན་ལས་འབྲེལ་མཐུད་བྱེད་པའི་ལམ་བུ་གསར་བ་ཞིག་བསྐྲུན་པར་ཤུགས་བསྣན།

རྫོང་རུའི་འབྱུང་ཡུལ། གནས་མཆོག་འབའ་རྫོང་ཞེས་པའི 2024ལོའི་ཞིང་ཕྱུགས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་བྱེད་སྒོའི་དུས་ཡུན་ནི་ཉིན 3 ཡིན་ཞིང་། རང་རྫོང་གིས་ཧུར་ཐག་གིས་མཚོ་སྔོན་གྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གསར་སྐྲུན་དང་། ཕྱུགས་ཟོག་གི་ཐོན་རྫས་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ནོར་གནག་དང་བོད་ལུག ནས་འབྲུ། ལོག་དཀར། གཟན་རྩྭ་བཅས་ཀྱི་གཙོ་ཁྲིད་ཐོན་ལས་ཆེན་པོ་ལྔ་དང་ཐུན་ཏེའི་ནོར་གནག་དང་ཐུན་ཏེའི་བོད་ལུག་སོགས་ཀྱི་ས་ཁོངས་ཁྱད་ཆོས་ལྡན་པའི་ཟོང་རྟགས་མིང་གྲགས་ཅན་དུ་གཏོང་བར་སྐུལ་འདེད་བཏང་། 

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།2024.10.21


རང་རྫོང་གིས་སྤྱི་སྐད་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས།


ཞོལ་མ་ཞང་འཕྲོད་བསྟེན་ཁང་གིས་བདེ་ཐང་བྱ་བར་སྐུལ་འདེད་བཏང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章