ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིཊ་འདི་དཔར་འགྲེམས་བྱས་པ།

文摘   2024-11-12 16:00   青海  



ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིཊ་འདི་དཔར་འགྲེམས་བྱས་པ།



ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《རང་བྱུང་ཐོན་ཁུངས་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས》དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད། 

རང་བྱུང་ཁམས་ཆེན་མོ་ནི་མིའི་རིགས་འཚོ་གནས་དང་གོང་འཕེལ་གྱི་གཞི་རྩའི་ཆ་རྐྱེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་གོང་འཕེལ་ཐད་ཇུས་འགོད་གནང་སྟེ། ཏང་གིས་རང་བྱུང་ཐོན་ཁུངས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། རང་བྱུང་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དེ་སྔོན་འགྲོ་དང་རྨང་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་སྒྲིག་འཛུགས་ལག་ལེན་བསྟར་བ། རྒྱལ་ཁོངས་ས་ཆའི་བར་མཐོངས་གསར་སྤེལ་དང་སྲུང་སྐྱོང་གི་གནས་སྟངས་ལེགས་སུ་གཏོང་བ། རི་ཆུ་ནགས་ཞིང་དང་མཚོ་མཚེའུ་བྱེ་ས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་སུ་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་བསྐྲུན་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་བར་མཐོངས་གནས་སྟངས་དང་ཐོན་ལས་གྲུབ་གཞི། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཆེད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་བཏོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་རང་བྱུང་ཐོན་ཁུངས་ལས་དོན་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་བརྗོད་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡིན་པས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ཕན་ཚུན་འཚམ་པ་བྱེད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་དང་དོ་དམ་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཚད་མཐོ་པོས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྲུང་སྐྱོབ་དང་འདེགས་སྐྱོར་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ཧུར་ཐག་ངང་གཏོད་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

《རྣམ་བཤད་བཏུས་བསྒྲིགས》དེ་ཆེད་དོན8ལ་དབྱེ་ཡོད་པ་དང་། ཁྱོན་རྣམ་བཤད་དུམ་བུ286ཡོད་པ་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ལོ2012ལོའི་ཟླ12ནས2024ལོའི་ཟླ10པའི་བར་གནང་བའི་སྙན་ཞུ་དང་གསུང་བཤད། གསལ་བཤད། ཤིས་འཕྲིན། མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན150ལྷག་ཙམ་ནས་བཏུས་ཤིང་། དེའི་ནང་ནས་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་ངང་སྤེལ་ཐེངས་དང་པོ་ཡིན། 

ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

སྔ་རབས་རྗེས་འཇུག


ལི་ཀུའོ་ཧྲེང་གིས་རང་རྫོང་དུ་སློབ་གསོ་རིག་གནས་ཐད་མཛུབ་སྟོན་གནང་།


རང་རྫོང་གི་འགྲེམ་སྟོན་ཐོན་རྫས་སྐྱེལ་འདྲེན་བྱེད་མགོ་བརྩམས།


རང་རྫོང་གིས་རྫོང་ཡོངས་རང་བཞིན་གྱི་ལས་དོན་གྲོས་ཚོགས་བསྡུས།


净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章