རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་གནས་སྤར་བ།

文摘   2024-11-18 17:09   青海  
རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་གཅིག་འཐུས་རྣམ་པའི་ཞབས་ཞུ་ལ་བརྟེན་ནས་མང་ཚོགས་ལ་སྔར་ལས་སྟབས་བདེ་མང་པོ་བསྐྲུན།

དབང་ཆ་གཤམ་སྤྲོད་དང་དོ་དམ། ཞབས་ཞུ་བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྲིད་གཞུང་གི་འགན་ནུས་སྒྱུར་བར་སྐུལ་འདེད་གཏོང་ཆེད། རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས2024ལོའི་ཟླ10པར་རྐ་འབའ་སུམ་མདོ་གྲོང་རྡལ་ལྷོ་སྐོར་ལམ་སྲང་ལམ་ནུབ་མ་རུ་གནས་སྤར་ཡོད། ལྟེ་གནས་གསར་པས་དམངས་ཕན་དང་ཕན་ཆེ། སྤྱོད་གཙང་། ཚད་ལྡན་བཅས་དམིགས་ཡུལ་དུ་འཛིན་པ་དང་ཕྱོགས་ཡོངས་ཀྱི་ཞབས་འདེགས་འདོན་སྤྲོད་བྱས་ཡོད་པ་མ་ཟད།  སྲིད་དོན་ཞབས་ཞུའི་དྲ་ཐོག་དང་ཡུལ་དངོས་མཉམ་འདྲེས་མངོན་འགྱུར་བྱས་ཏེ་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་སྔར་ལས་སྟབས་བདེ་མང་པོ་བསྐྲུན་ཡོད།


རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་གནས་ཡུལ་གསར་པ་ནི་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ལྷོ་སྐོར་ལམ་སྲང་ལམ་ཤར་མ་རུ་གནས་ཤིང་། ཕྱོགས་བསྡུས་ཐོག་ཁང་ལ་ཁྱོན་ཐོག་བརྩེགས་གསུམ་ཡོད་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2016ཟིན་པ་དེའི་ནང་ཞབས་ཞུ་ལྟེ་གནས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ672ཡོད་པ་རེད། ལྟེ་གནས་གསར་པས་བྱ་བའི་དགོས་དབང་ལ་དམིགས་ནས་ཐོག་བརྩེགས་དང་པོ་ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཆེན་དང་ཐོག་བརྩེགས་གཉིས་པ་ཁྲལ་གཉེར་ཚོམས་ཆེན་གཉིས་སུ་དབྱེ་ཡོད། མིག་སྔར་ཞབས་ཞུའི་སྒེའུ་ཁུང31བཙུགས་ཡོད་པ་དེ་དག་སྡེ་ཁག་དང་ལས་ཁུངས16དང་དེ་བཞིན་ཁེ་ལས5དང་འབྲེལ་བ་ཡོད་པ་རེད། ཞབས་ཞུའི་ནང་དོན་ལ་ཁྱིམ་ཐོ་དང་ཐོབ་ཐང་ལག་འཁྱེར་སྒྲུབ་གཉེར། མཐའ་མཚམས་ཀྱི་འགྲོ་འཐུས་ལག་ཁྱེར། སྤྱི་ཚོགས་འགན་བཅོལ། སྨན་བཅོས་འགན་བཅོལ། གཉེན་སྒྲིག་ཐོ་འགོད། ཁེ་ལས་ཀྱི་ཐོ་འགོད། བཟའ་བཏུང་གཉེར་སྐྱོང་ཆོག་འཐུས། ཁྲལ་དོན་ཞབས་ཞུ། གཏན་འཇགས་རྒྱུ་ནོར་ཐོ་འགོད་སོགས་ཚུད་ཡོད་པས གཅིག་འཐུས་རྣམ་པའི་ཞབས་ཞུ་མངོན་འགྱུར་བྱུང་ཡོད་པ་རེད།

མི་གཤིས་ཅན་གྱི་ཞབས་ཞུ་མངོན་པར་བྱ་ཆེད། ལྟེ་གནས་གསར་པར་ད་དུང་དྲ་ཐོག་རང་འདེམས་ལས་སྒྲུབ་ཁུལ་དང་རེའུ་མིག་སྐོང་འབྲི་ཁུལ། སྒུག་སྡོད་ཞབས་ཞུ་ཁུལ་སོགས་བཙུགས་ཡོད་པ་མ་ཟད། སྲིད་དོན་ཞབས་ཞུའི་རང་འགུལ་གཞི་གཅིག་ཅན་གྱི་འཕྲུལ་ཆས་དང་འཚོལ་བཤེར་འཕྲུལ་ཆས། ཨང་སྒྲིག་འཕྲུལ་ཆས། གློག་རྡུལ་ཚགས་པར་ལྟ་ཀློག་འཕྲུལ་ཆས་སོགས་ཆ་འཕྲིན་ཅན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པས་སྐུད་མེད་དྲ་བ་ཁྱོན་ཡོངས་ལ་ཁེབས་ཡོད་པ་རེད།

ལྟེ་གནས་གསར་པས་གཅིག་འཐུས་རྣམ་པའི་ཞབས་ཞུ་དང་ཐེངས་གཅིག་གིས་ཤེས་རྟོག་ཐུབ་པ། སྒེའུ་ཁུང་གཅིག་རྣམ་པའི་བདག་སྤྲོད། གཅིག་རྐྱང་རྣམ་པའི་གྲོན་བསྡུ། གཅིག་འཐུས་རྣམ་པའི་ལག་ཁྱེར་ལེན་པ་བཅས་ཀྱི་ལས་སྒྲུབ་བརྒྱུད་རིམ་ལ་བརྟེན་ནས་གཅིག་གིས་བདག་སྤྲོད་བྱེད་པ་དང་དབང་ཆ་གང་ལེགས་སྤྲོད་པ། སྒེའུ་ཁུང་དུABལས་གནས་ལག་བསྟར་བྱེད་པ། དུས་བཀག་ནང་སྒྲུབ་གཉེར་བྱེད་པ། ཐོག་མར་འགན་འཁྲི་འདྲི་བ། ཕན་ནུས་ལྟ་སྐུལ་སོགས་ཀྱི་དོ་དམ་འཁོར་སྐྱོད་ལམ་སྲོལ་ལག་ལེན་ཏུ་བསྟར་ཡོད་པ་རེད། དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་གྱི་བྱེད་སྟངས་གསར་པ་བརྒྱུད་དྲ་ཐོག་ཏུ་དྲ་གཅིག་ཡོངས་སྒྲུབ་དང་། སྒྲུབ་གཉེར་ཡུལ་དངོས་སུ་གཅིག་འཐུས་རྣམ་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད། 
ལྟེ་གནས་གསར་པའི་འཁོར་སྐྱོད་མགོ་ཚུགས་པ་ནས་བཟུང་རྒྱ་ཆེའི་མང་ཚོགས་ཚོའི་དང་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཡོད་ལ། མང་ཚོགས་མང་པོ་ཞིག་གིས་ལྟེ་གནས་གསར་པའི་ལས་སྒྲུབ་ཁོར་ཡུག་སྔར་ལས་སྐྱིད་པ་དང་། ཞབས་ཞུ་སྔར་ལས་བཟང་བ། རླངས་འཁོར་འཇོག་ས་སྟབས་བདེ་བ་མ་ཟད། མང་ཚོགས་ལ་སྔར་ལས་སྟབས་བདེ་མང་པོ་བསྐྲུན་ཡོད་ཟེར།  
རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་གནས་སྤོར་དང་རིམ་སྤོར་ནི་རྫོང་སྲིད་གཞུང་གིས་དབང་ཆ་གཤམ་སྤྲོད་དང་དོ་དམ། ཞབས་ཞུ་བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། ལྟེ་གནས་གསར་པས་སྔར་ལས་དམངས་ཕན་དང་ཕན་ཆེའི་ཞབས་ཞུའི་ཐོག་ནས་རང་རྫོང་གི་སྡོད་དམངས་དང་ཁེ་ལས་ལ་སྟབས་བདེ་སྔར་ལས་མང་བ་བསྐྲུན་རྒྱུ་དང་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་འབུལ་བྱ་རྒྱུ་རེད།

སྔ་རབས་རྗེས་འཇུག


ཞི་ཅིན་ཕིང་གིས་རིག་མཛོད་འདིའི་གླེང་སྟེཊ་ལ་ཤིས་འཕྲིན་སྤྲིངས།


ཐུན་ཏེ་གསར་འགྱུར། 2024.11.15


ཐུན་ཏེས་སློབ་རར་ཚན་རྩལ་ཁྱབ་གདལ་གཏོང་བའི་འཁྲབ་སྟོན་བྱེད་སྒོ་སྤེལ།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章