ཐང་མགོ་གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པ།

文摘   2024-11-01 15:30   青海  

ཐང་མགོ་གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་གྲོས་ཚོགས་ཐེངས་བརྒྱད་པ་རྒྱལ་ཁའི་ངང་འཚོགས

ཟླ10ཚེས29ཉིན།ཐང་མགོ་གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་བའི་གྲོས་ཚོགས་ཐེངས་བརྒྱད་པ་རྒྱལ་ཁའི་ངང་འཚོགས་པ་དང་།གྲོང་རྡལ་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ནས་ཡོང་བའི་དམངས་ཆེན་འཐུས་མི་དང་ཟུར་ཞུགས་མི་སྣ་མཉམ་གཅིག་ཏུ་འཛོམས་ནས་སྤྲོ་སེམས་ལྡན་པའི་ཆབ་སྲིད་ཀྱི་བསམ་བློ་དང་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ཀྱིས་ཐུན་མོང་འཕེལ་རྒྱས་ལ་འཐབ་འདོན་ཇུས་འབུལ་བྱས་པ་རེད།

གྲོས་ཚོགས་མ་འཚོགས་སྔོན་ལ། གྲོང་རྡལ་དམངས་ཆེན་ཀྲུའུ་ཞི་ལིའུ་སྒྲོལ་མས་ཚང་མ་རྩ་འཛུགས་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས་པ་དང་།འཐུས་མི་ཁག་གིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་བཏང་བ་རེད།

གྲོས་ཚོགས་སྟེང་ཐང་མགོ་གྲོང་རྡལ་གྱི2024ལོའི་གྲོང་གསེབ་དར་སྤེལ་གྱི་ཆེད་དོན་བྱ་བའི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས་པ་དང་།སྙན་ཞུའི་ནང་2024ལོ་ནས་བཟུང་ཐང་མགོ་གྲོང་རྡལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ།གྲོང་རྡལ་ཡོངས་ཀྱིས་སེམས་ཤུགས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་དང་ཐོན་ལས་སྐྱེད་སྲིང་བྱེད་པ། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་སྲོལ་བཟང་སོགས་ལ་ཤུགས་བསྣན་ནས་གྲོང་གསེབ་ཀྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ།  རོང་འབྲོག་ཁུལ་གྱི་རྣམ་པ་ཉིན་རེ་བཞིན་གསར་དུ་འགྱུར་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བ། རོང་འབྲོག་པའི་འཚོ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ།མི་དམངས་མང་ཚོགས་ཀྱི་བདེ་སྣང་བརྟན་འཇགས་ངང་མཐོར་འདེགས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད་པ་རེད།

གྲོས་ཚོགས་ཐོག་གྲོང་གསེབ་དར་སྤེལ་གྱི་ཆེད་དོན་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད།སྒྲིག་ཁྲིམས་གཏན་འཁེལ་གྱི་གོ་རིམ་གཞིར་བཟུང་ནས་གྲོང་རྡལ་གྱི་མགོ་གཙོ་གཞོན་པ་2ཁྲིམས་ལྟར་གསབ་འདེམས་བྱས་པ་རེད།

མཇུག་འགྲིལ་མཛད་སྒོའི་ཐོག་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་མཱ་ཏུང་གིས་གྲོང་རྡལ་ཏང་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་བདེ་བླག་ངང་མཇུག་སྒྲིལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་།འཐུས་མི་རྣམ་པ་དང་ཚོགས་ཞུགས་བློ་མཐུན་ཚོས་ཐང་མགོ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་བརྩོན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཚོགས་ཆེན་སྟེང་གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་ནས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་གྲོས་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.10.30


རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རྣམ་གྲངས་བྱ་བར་རྟོག་ཞིབ་གནང་།


བད་ཁོ་སྡེ་བའི་བདེ་སྐྱིད་གཞིས་ཁྱིམ་གྱི་སྒོ་འབྱེད་མཛད་སྒོ་བསྡུས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章