རང་རྫོང་གིས་སྤྱི་སྐད་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས།

文摘   2024-10-21 17:45   青海  
རང་རྫོང་གིས་སྡེ་བ་རིམ་པའི་ལས་བྱེད་པས་སྤྱི་སྐད་ཡག་པོ་བཤད་ཐུབ་པའི་ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས།  
རྫོང་ཡོངས་ཀྱི་སྡེ་བའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་ནུས་པའི་ཆུ་ཚད་མཐོ་རུ་བཏང་ནས། སྡེ་བའི་ལས་བྱེད་པའི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ།རང་རྟོགས་ངང་སྤྱི་སྐད་སློབ་སྦྱོང་དང་སྤྱི་སྐད་སྤྱོད་པའི་རྣམ་པ་ཇེ་ལེགས་སུ་གཏོང་བ་བཅས་བྱེད་ཆེད།ཟླ10པའི་ཚེས14ཉིནརང་རྫོང་གིས་སྡེ་བ་རིམ་པའི་ལས་བྱེད་པསསྤྱི་སྐད་ཡག་པོ་བཤད་ཐུབ་པའི་ནུས་པ་མཐོར་འདེགས་གཏོང་བའི་དུས་རིམ་དང་པོའི་གསོ་སྦྱོང་འཛིན་གྲྭ་དེ་རྫོང་ཨུའི་ཏང་གི་སློབ་གྲྭར་དངོས་སུ་སློབ་འགོ་ཚུགས་པ་རེད།


ཤེས་རྟོགས་བྱུང་བ་ལྟར་ན།ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་10ཡིན་ཞིང་། ཉིན་དེ་དག་གི་རིང་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་དམིགས་ནས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་འགྲེལ་བཤད་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་ནས་ལོ་འཁོར་གསུམ་འཁོར་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ། སྤྱི་སྐད་ཀློག་པ་དང་བཤད་པའི་ནུས་པ་གོང་འཕེལ་དུ་གཏོང་བ།སྤྱི་སྐད་ཆེད་ལས་ཀྱི་རྒྱུགས་ལེན་དང་སྦྱོང་བརྡར། སྤྱི་སྐད་ཀྱི་ཁ་སྐད་ནུས་པ་གོང་འཕེལ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་རེད། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་དེ་སློབ་ཚན་ཁྲིད་སྟངས་དང་།ལག་ལེན་སྦྱོང་བརྡར།ཚོགས་ཆུང་གྲོས་བསྡུར།གསར་བརྗེའི་གླུ་གཞས་སྦྱོང་བ།སློབ་མཇུག་འགྲིལ་བའི་ཚད་ལེན་ཚོད་ལྟ་སོགས་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་སྤྱད་དེ་སྤྱི་སྐད་བེད་སྤྱོད་ནུས་པ་གཙོ་གནད་དུ་འཛིན་པའི་ཐོག་སྤྱི་སྐད་ནུས་པ་མཐོ་རུ་གཏོང་དགོས་པའི་ཐད་སྡེ་བ་རིམ་པའི་ལས་བྱེད་པར་གཅིག་སྡུད་གསོ་སྦྱོང་བྱས་ཏེ། སྡེ་བ་རིམ་པའི་ལས་བྱེད་པ་ཁག་གཅིག་གིས་སྤྱི་སྐད་བཤད་མི་ཤེས་པའམ་ཡང་ན་སྤྱི་སྐད་ཡག་པོ་བཤད་མི་ཤེས་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་། གྲོང་གསེབ་དར་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱ་རྒྱུ་ཁག་ཐེག་བྱས་ཡོད་པ་རེད།

སྤྱི་སྐད་གསོ་སྦྱོང་གི་དུས་རིམ་ནང་སློབ་ཁྲིད་དགེ་རྒན་གྱིས་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་སློབ་ཁྲིད་བྱེད་སྟངས་ལ་བརྟེན་ནས་རྒྱུན་སྤྱོད་ཐ་སྙད་དང་།ཐ་སྙད་ཀློག་པ།གནས་ཚུལ་གླེང་མོལ་སོགས་ཀྱི་བྱེད་སྟངས་ཐོག་ནས་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་འགྲེལ་བཤད་དང་དཔེ་སྟོན་བྱས་པ་རེད། སྡེ་བ་རིམ་པའི་ལས་བྱེད་པ་ཚོས་སློབ་ཁྲིད་ལ་ནན་ཏན་ངང་ཉན་པ་དང་མཉམ་འགུལ་སྦྱོང་བརྡར་ནང་ཧུར་ཐག་སྒོས་ཞུགས་པས་སློབ་སྦྱོང་གི་རྣམ་པ་ཧ་ཅང་ལེགས་པོ་ཡོད་པ་རེད། ཐེངས་འདིར་གསོ་སྦྱོང་བྱས་པ་བརྒྱུད་ལས་བྱེད་པས་སྤྱི་སྐད་བཤད་པའི་ཆུ་ཚད་ཡར་རྒྱས་ཆེན་པོ་བྱུང་ཡོད།

གསོ་སྦྱོང་འཛིན་གྲྭས་ད་དུང་སྡེ་བ་རིམ་པའི་གཞུང་ཡིག་ཡིག་ཆ་འབྲི་རྒྱུར་དམིགས་ཏེ། གཞུང་ཡིག་གི་རིགས་དང་རྣམ་གཞག་ནས་མགོ་བརྩམས་ཏེ་རྩོམ་འབྲིའི་ཐབས་ལམ་དག་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཤིང་། དངོས་སུ་འབྲི་སྦྱོང་བྱས་པའི་གོ་རིམ་ཁྲོད་སྡེ་བ་རིམ་པའི་ལས་བྱེད་པའི་གཞུང་ཡིག་འབྲི་མི་ཤེས་པའི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས་པ་རེད། 

སྡེ་བ་རིམ་པ་ཁག་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སྡེ་བའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི།སྡེ་བ་རིམ་པའི་ཐོན་ལས་ཕྱུག་འགྱུར་སྣེ་ཁྲིད་པ།སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འགན་འཁུར་བ་བཅས་ཁྱོན་མི་20ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཡོད་པ་རེད།

སྔ་རབས་རྗེས་འཇུག


༼གནའ་གཏམ་ཐོས་པ་དགའ་སྐྱེད།༽ཁྭ་ཏའི་གཏམ་རྒྱུད།


ཐུན་ཏེ་གསར་འགྱུར། 2024.10.18


ང་ཡི་ལང་ཚོ་དང་གྲོང་སྡེ་ཞེས་པའི་ཆེད་སྒྲིག་ལེ་ཚན།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章