རྫོང་ཨུའི་འཐབ་ཕྱོགས་པུའུ་ཡིས་བཟའ་བཏུང་ལས་སྒྲུབ་པར་འཚམས་འདྲི་བྱས།

文摘   2024-11-13 16:35   青海  

རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྡེ་ཁག་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་རྩ་འཛུགས་བྱས་ནས་དྭངས་གཙང་བཟའ་བཏུང་ལས་སྒྲུབ་མི་སྣར་འཚམས་འདྲི་བྱས།
རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཀྲ་ཤིས་རྒྱལ་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་དང་། སྤྱི་ཁྱབ་བཟོ་ཚོགས། ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་སོགས་སྡེ་ཁག་དང་དེ་བཞིན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་རྩ་འཛུགས་བྱས་ནས་དྭངས་གཙང་བཟའ་བཏུང་ལས་རིགས་ཀྱི་ལས་སྒྲུབ་མི་སྣར་འཚམས་འདྲི་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འདུ་ཤེས་སྔར་བས་སྲ་བརྟན་དུ་གཏོང་བ། སེ་འབྲུ་དང་འདྲ་བར་གཅིག་ལ་གཅིག་བརྟེན་གྱི་འདུ་ཤེས་བཟུང་ནས་མཉམ་དུ་བདེ་ཐང་དང་འཆམ་མཐུན་གྱི་འཛད་སྤྱོད་ཁོར་ཡུག་བསྐྲུན་པར་སྐུལ་འདེད་བཏང་།

ཟླ 11 པའི་ཚེས 8 ཉིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་རྒྱལ་གྱིས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་སྣེ་ཁྲིད་དེ་རང་རྫོང་གི་དྭངས་གཙང་བཟའ་བཏུང་ལས་གཉེར་མི་སྣའི་གམ་དུ་སོང་ནས་འཚམས་འདྲི་བྱས་ཤིང་། འཚམས་འདྲིའི་སྐབས་སུ། ལས་དོན་ཚན་ཆུང་འཁོར་དང་བཅས་པས་དྭངས་གཙང་བཟའ་བཏུང་ལས་གཉེར་མཁན་གྱི་མིག་སྔའི་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་པ་དང་།  ཁོ་ཚོའི་འཚོ་བའི་ཐད་ཀྱི་རེ་བ་དང་སེམས་གཏམ་ལ་ཉན་ནས་ཁོང་ཚོར་མི་རིགས་སྲིད་ཇུས་དང་།ཁྲིམས་ལུགས་ཁྲིམས་སྲོལ་གྱི་ཤེས་བྱའི་ངོས་ཟིན་ཇེ་ཟབ་ཏུ་བཏང་བ་མ་ཟད། བཟའ་བཏུང་ལས་གཉེར་བ་རྣམས་ཀྱིས་སེམས་ཤུགས་གཅིག་བསྒྲིལ་དང་། བློ་གཅིག་སེམས་གཅིག་གིས་སྒོ་རྒྱབ་ནས་ལས་གཉེར་མཚམས་བཞག་པའི་ཟ་ཁང་གིས་ཡང་བསྐྱར་ལས་གཉེར་བྱེད་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་རྒྱུ་དང་། བཟའ་བཏུང་ལས་གཉེར་མི་སྣར་གོ་རིམ་ལྡན་པའི་ངང་སླར་གསོའི་རྒྱུན་ལྡན་གྱི་ཚོང་གཉེར་བྱེད་སྒོ་སྤེལ་ནས་ཚོང་རའི་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་ཚད་ལྡན་དུ་གཏོང་དགོས་པར་སྐུལ་འདེད་བཏང་ཞིང་། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བྱེད་པ། དུས་མཚུངས་སུ་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ།མི་རིགས་ཀྱི་མཛའ་བརྩེ་གཏིང་ཟབ་དང་བཟའ་བཏུང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་སྡེ་ཁག་ཁག་གིས་ཉེན་ཁའི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་རྒྱུན་མཐུད་ངང་གྲལ་བཤེར་གཏིང་ཟབ་བྱས་ནས་གླེང་ཕྱོགས་ཀྱི་དོ་དམ་ཚོད་འཛིན་ཡག་པོ་བྱས་ཏེ།  རང་རྫོང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཐེངས་འདིའི་འཚམས་འདྲིར་བསྐྱོད་པའི་བྱ་འགུལ་སྤེལ་བ་བརྒྱུད་མི་རིགས་ཁག་བར་གྱི་བར་ཐག་ཉེ་རུ་ཕྱིན་པ་དང་། མི་རིགས་ཁག་བར་གྱི་འགྲོ་འོང་སྤེལ་རེས་དང་མཛའ་བརྩེའི་ཡིད་ཆེས། ཕན་ཚུན་མཉམ་འདྲེས་ལ་ཤུགས་བསྣན་ནས་དྲོ་སྐྱིད་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད་ལ། གོམ་སྟབས་རྗེས་མར། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བར་བརྩོན་ལེན་བྱེད་རྒྱུ་རེད། 

སྔ་རབས་རྗེས་འཇུག


ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིཊ་འདི་དཔར་འགྲེམས་བྱས་པ།


ཐུན་ཏེ་གསར་འགྱུར།2024.11.11


ལི་ཀུའོ་ཧྲེང་གིས་རང་རྫོང་དུ་སློབ་གསོ་རིག་གནས་ཐད་མཛུབ་སྟོན་གནང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章