སློབ་ཆེན་ལས་གཏོད་པ་གསུམ་གྱི་ཕུགས་འདུན་དོན་གཉེར་གྱི་ལམ་བུ།

文摘   2024-11-06 17:23   青海  

སློབ་ཆེན་ལས་གཏོད་པ་གསུམ་གྱི་ཕུགས་འདུན་དོན་གཉེར་གྱི་ལམ་བུ།

ཉེ་བའི་ལོ་འགའི་རིང་རང་རྒྱལ་གྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སློབ་ཆེན་སློབ་མའི་ལས་ཞུགས་གནད་དོན་དེ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་གཞི་ཞིག་ཏུ་གྱུར་ཡོད། ལས་ཞུགས་གདམ་ག་མང་པོའི་ཁྲོད་ལས་གཏོད་བྱེད་རྒྱུ་དེ་སློབ་ཆེན་སློབ་མ་མང་པོ་ཞིག་གི་གདམ་ག་དང་པོར་གྱུར་ཡོད། དེ་རིང་ང་ཚོས་རྒྱབ་ལྗོངས་མི་འདྲ་བའི་སློབ་ཆེན་སློབ་མ་གསུམ་ངོ་སྤྲོད་བྱེད་པ་བརྒྱུད། རང་ཉིད་ཀྱི་འཇོན་ཐང་དང་འབད་བརྩོན་ལ་བརྟེན་ནས་བཟའ་བཏུང་ལས་རིགས་ཁྲོད་རང་ཉིད་ལ་དབང་བའི་ལས་སྒོ་གསར་སྤེལ་གྱི་ལམ་བུ་ཅི་ལྟ་བུ་ཞིག་བདམས་པའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིག་བྱེད།

ཚེ་མོ་ཡག་སློབ་གྲྭར་སྡོད་པའི་སྐབས་སུ། མོ་བཟའ་བཏུང་ལས་རིགས་ཀྱི་ཐད་ལ་སྤྲོ་བ་ཆེན་པོ་ཡོད་ཅིང་། སློབ་ཆེན་མཐར་ཕྱིན་རྗེས་མོས་བློ་ཐག་རྦད་ཆོད་ཀྱིས་ལས་གཏོད་ཀྱི་ལམ་བུ་བདམས་ནས་ཨ་ཅག་སྣང་ས་ཞེས་པའི་མེ་ཁོག་གསོལ་ཁང་ཞིག་བཙུགས་པ་རེད། མེ་ཁོག་གསོལ་ཁང་འདིར་ཁྲུང་ཆིན་མེ་ཁོག་གི་བྲོ་བ་ལྡན་པས་མགྲོན་པོ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།  
ཀུན་བཟང་མཚོ་སློབ་མཐར་ཕྱིན་རྗེས་རང་གི་ཕ་ཡུལ་དུ་ལོག་ནས་སྐར་ཆེན་བོད་ཟས་གསོལ་ཚིགས་གླིང་ཞེས་པའི་གསོལ་་ཁང་ཞིག་བཙུགས་པ་རེད། གསོལ་ཁང་དེས་མཚོ་བོད་མཐོ་སྒང་གི་བཅུད་ལྡན་ཟས་མཆོག་སྣ་ཚོགས་གཙོ་བོར་བྱེད་པ་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་བརྗོད་དོན་གཙོ་བོར་བྱས་ཡོད་པས་ས་གནས་མང་ཚོགས་དང་ཡུལ་སྐོར་བ་མང་པོས་དགའ་བསུ་བྱེད་བཞིན་འདུག  ཀུན་བཟང་མཚོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མི་སྔར་ལས་མང་པོ་ཞིག་ལ་མཚོ་བོད་མཐོ་སྒང་གི་བཟའ་བཏུང་རིག་གནས་ལ་རྒྱུས་ལོན་དང་མྱོང་རོལ་བྱེད་དུ་འཇུག་པ་དང་།  བོད་རིགས་ཀྱི་བཟའ་བཏུང་རིག་གནས་སྔར་ལས་ཁྱབ་སྤེལ་གཏོང་བར་འབད་པ་བྱེད་རྒྱུ་ཡིན་ཟེར།  
པདྨ་འབུམ་གྱིས་ཟི་ལིང་གྲོང་ཁྱེར་སློབ་གླིང་དུ་གཡོས་སྦྱོར་ཆེད་ལས་སྦྱངས་ནས་སློབ་མཐར་ཕྱིན་པ་དང་།  སློབ་གྲྭར་སྡོད་པའི་སྐབས་སུ་ཡང་ཁོ་ལ་ལྷན་སྐྱེས་ཀྱི་གཡས་སྦྱོར་གྱི་ལག་རྩལ་ཆེན་པོ་ཡོད་ལ། སློབ་མཐར་ཕྱིན་རྗེས་ཁོས་ཕ་ཡུལ་དུ་ལོག་ནས་བཅུད་ལྡན་རྫ་ཁོག་གསོལ་ཁང་ཞེས་པའི་གསོལ་ཁང་ཞིག་བཙུགས། གསོལ་ཁང་འདིའི་ཐུན་མོང་མ་ཡིན་པའི་གཡོས་སྦྱོར་གྱི་ལག་རྩལ་དང་བྲོ་བ་ཕུན་སུམ་ཚོགས་པའི་རྫ་ཁོག་ལ་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ། པདྨ་འབུམ་གྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་གཡོས་སྦྱོར་ལག་རྩལ་རྒྱུན་འཛིན་བྱེད་པ་དང་འབྲེལ་ཕ་ཡུལ་གྱི་བཟའ་བཏུང་ལས་རིགས་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
སློབ་ཆེན་ལས་གཏོད་པ་གསུམ་པོས་དཔའ་ངར་ཆེན་པོས་ལས་གཏོད་ཀྱི་གོམ་པ་དང་པོ་སྤོས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་སློབ་ཆེན་སློབ་མའི་ལས་གཏོད་ཀྱི་སྟོབས་ཤུགས་ར་སྤྲོད་བྱས་ཡོད། ཁོ་ཚོའི་གྲུབ་འབྲས་ནི་མི་སྒེར་གྱི་གཟི་བརྗིད་ཅིག་ཡིན་ལ་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཐད་ཀྱི་དཔེར་མཚོན་ཞིག་ཀྱང་ཡིན་པ་རེད།  ཁོ་ཚོའི་གཏམ་རྒྱུད་ཀྱིས་སློབ་ཆེན་སློབ་མ་སྔར་ལས་མང་པོ་ཞིག་ལ་སྙིང་སྟོབས་ཆེན་པོས་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་གྱི་ལམ་དུ་བསྐྱོད་དེ་རང་རྫོང་གི་སྤྱི་ཚོགས དཔལ་འབྱོར་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་འབུལ་བྱེད་པར་སྐུལ་མ་བཏང་ཡོད། 

མིག་སྔའི་ལས་ཞུགས་ཀྱི་དུས་བབ་འོག སློབ་ཆེན་སློབ་མའི་ལས་གཏོད་དེ་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད་ལ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ཀྱང་སློབ་ཆེན་སློབ་མའི་ལས་གཏོད་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་བཞིན་འདུག  མ་འོངས་པར་སློབ་ཆེན་སློབ་མ་ལས་གཏོད་པ་མང་པོ་བྱུང་ནས་རང་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྩོལ་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད།

སློབ་ཆེན་སློབ་མ་འདི་དག་གི་ལས་གཏོད་ཀྱི་གཏམ་རྒྱུད་ཀྱིས་སློབ་ཆེན་སློབ་མ་སྔར་ལས་མང་པོ་ཞིག་ལ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ་དང་། ང་ཚོས་མཉམ་དུ་ཁོ་ཚོར་རྒྱབ་སྐྱོར་དང་ཁོ་ཚོའི་ཕུགས་འདུན་དོན་གཉེར་གྱི་ལམ་དུ་འོད་ཟེར་སྟོང་ལྡན་འཕྲོ་ཐུབ་པར་རེ་སྒུག་བྱེད། 

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.11.04


རང་རྫོང་གིས་དཔལ་འབྱོར་བརྟན་འཕར་ཆེད་དོན་ཚོགས་འདུ་འཚོགས།


ཁུལ་ཨུའི་རྒྱུན་ཨུ་ཝང་ཧྥེང་གིས་རང་རྫོང་དུ་རྟོག་ཞིབ་གནང་།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章