རང་རྫོང་གི་འགྲེམ་སྟོན་ཐོན་རྫས་སྐྱེལ་འདྲེན་བྱེད་མགོ་བརྩམས།

文摘   2024-11-11 17:46   青海  
རང་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་ཚོང་འགུག་རིག་གནས་ཡུལ་སྐོར་ཡན་ཁྲེན་འོས་སྦྱོར་ཚོགས་འདུའི་འགྲེམ་སྟོན་དུ་ཞུགས་པའི་ཐོན་རྫས་སྐྱེལ་འདྲེན་རླངས་འཁོར་ལམ་ལ་ཆས་མགོ་བརྩམས།
རང་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་ཚོང་འགུག་རིག་གནས་ཡུལ་སྐོར་ཡན་ཁྲེན་འོས་སྦྱོར་ཚོགས་འདུ་ཟླ11པའི་ཚེས15ནས་ཚེས18ཉིན་བར་ཅང་སུའུ་ཞིང་ཆེན་ཡན་ཁྲིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོག་རྒྱུ་ཡིན་ཞིང་། ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་ཐོག་རང་རྫོང་གི་མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར། ཀུང་སི་བཅས་ཁྱོན་བསྡོམ་ཁེ་ལས16ཞུགས་རྒྱུ་ཡིན་པ་རེད། འགྲེམ་སྟོན་སྟེང་རང་ས་གནས་ཀྱི་སྐམས་ཤ་དང་ལུག་ཤ  ཤ་བའི་རྭ་ཁྲག  ནས་བཟོས་བཀལ་ཐུག   ནས་བཅུད་སྤི་རག་སོགས་རང་རྫོང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིགས20ལྷག་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།

འགྲེམ་སྟོན་ཁྲོད་ཞུགས་པའི་ཐོན་རྫས་ཀྱི་སྤུས་ཚད་ལ་འགན་ལེན་བྱ་ཆེད། རང་རྫོང་གིས་འཁྱག་སྦྲེལ་རླངས་འཁོར་སྤྱད་དེ་སྐྱེལ་འདྲེན་བྱེད་བཞིན་ཡོད། ཚེས13ཉིན་གྱི་སྔ་དྲོར་ཅང་སུའུ་ཡན་ཁྲེན་གྲོང་ཁྱེར་དུ་འབྱོར་རྒྱུ་རེད།

ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་རང་རྫོང་གི་ཞིང་ཕྱུགས་ཐོན་རྫས་མཚོ་སྔོན་ནས་རྒྱལ་ཡོངས་སུ་བསྐྱོད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ལ། འགྲེམ་སྟོན་དུ་ཞུགས་པའི་རང་རྫོང་གི་ཐོན་རྫས་ཚང་མར་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ཡོད་པ་དང་སྤུས་ལེགས་ཚད་ལྡན་ཡིན་པས་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཐུབ་པའི་ཡིད་ཆེས་ཡོད། ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་ཐོག་རང་རྫོང་གིས་སྟེགས་བུ་དེ་བེད་སྤྱོད་གང་ལེགས་བྱས་ཏེ་རྒྱལ་ཡོངས་ས་གནས་ཁག་གི་ཁེ་ལས་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ཏེ་རང་རྫོང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་རང་རྫོང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་ཀྱི་མཚན་སྙན་ཆེ་རུ་བཏང་སྟེ། རང་རྫོང་གི་ཞིང་ཕྱུགས་ཐོན་རྫས་སྔར་ལས་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་ཐོག་རང་རྫོང་གི་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་ལེགས་འགྲུབ་བྱུང་ནས་རང་རྫོང་གི་ཞིང་ཕྱུགས་ཐོན་རྫས་རྒྱལ་ཡོངས་ཀྱི་ཁྲོམ་རར་སྐྱོད་པར་རྨང་གཞི་བརྟན་པོ་ཞིག་འདིང་ངེས་རེད། ང་ཚོས་མཉམ་དུ་རང་རྫོང་གི་ཞིང་ཕྱུགས་ཐོན་རྫས་ཀྱིས་ཅང་སུའུ་ཡན་ཁྲེན་གྱི་འོས་སྦྱོར་ཚོགས་འདུའི་ཐོག་ངོ་མཚར་ཆེ་བའི་སྐད་གྲགས་འཇོག་པར་རེ་སྒུག་བྱེད།  

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར།  2024.11.08


ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉེར་ལྔ་བ།


རྫོང་རུའི་གནའ་ཤུལ་ལ་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章